དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-27 08:32:18   |   3509

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

2.jpg

  • ཚེས25ཉིན་གྱི་ཕྱི་དྲོ་དང་ཚེས26ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་དང་ཏེ་དབྱང་གྲོང་ཁྱེར་དུ་ཚུའེ་ཡུན་ལང་གནའ་བོའི་ཧྲུའུ་ལམ(翠云廊古蜀道)དང་སན་ཤིང་ཏུའེ(三星堆)རྟེན་རྫས་བཤམས་མཛོད་ཁང་ལ་རྟོག་ཞིབ་གནང་བ་དང་། ས་གནས་དེ་གའི་ལོ་རྒྱུས་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལོ་རྒྱུས་རིག་གནས་རྗེས་ཤུལ་སྔོག་འདོན་དང་ཞིབ་འཇུག   རིག་རྫས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཟླ8པའི་ཚེས1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་རྐང་འཛིན་ཡུལ་དམག་དང་ཆེད་བསྐོས་མི་དམངས་དྲག་ཆས་ལས་བྱེད་པར་སྔ་རྗེས་སུ21རྣམ་པའི་སྦྱོང་བརྡར་གྱོན་ཆས་སྤྲོད་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་དྲུག་པའི་བར་རང་རྒྱལ་གྱི་ས་གནས་གཞུང་ཁོངས་ཁེ་ལས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་ཁྲི2.5ཟིན་ཡོད། དུས་མཚུངས་ལས6.7%འཕར་ཡོད།

  • མིག་སྔའི་བར། རྒྱལ་ཁབ་ཀྱིས2023ལོའི་རྒུད་གསབ་ལས་སྤྲོད་ཀྱི་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར109བཏང་འདུག

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ལོ་སྟོད་དུ་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར55170ཟིན།  དུས་མཚུངས་ལས་14.2%འཕར་ཡོད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན། ད་ལོའི་ཟླ་དྲུག་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན10111ཞིབ་བཤེར་ཐག་གཅོད་བྱས་པ་རེད།

  • ཀྲུང་གོ་ཚན་རིག་ཁང་སོགས་ཀྱིས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་ཐཱན་གཙང་འབུད་ཚད་ཉེ་བའི་ལོ་བཅུའི་ནང་ཆག་པའི་རྣམ་པ་མངོན་ཡོད།

  • 731དཔུང་སྡེའི་ཉེས་སྤྱོད་ཐེར་འདོན་བྱེད་མཁན་ཉིའུ་ཧོང(日本)གི་རྩོམ་པ་པོ་སེན་ཚུན་ཁྲེང་དབྱི(森村诚一)སྐུ་གཤེགས་པ་དང་། ཚེས26ཉིན་ངའི་ཕྱི་འབྲེལ་པུས་མྱ་ངན་ཞུས་པ་ཡིན།

3.jpg

  • ཚེས26ཉིན། ཞུས་ཅ་ཡུས་དང་ཆན་ཧེ་ཡང་། ཀྲང་ཡུས་ཅ། ཁྲེང་ཡུས་ཅེ་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་ཧྥུའུ་ཀང(福冈)ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པ་དང་བུད་མེད་ཀྱི་སྨི4x100མཉམ་བསྲེས་ཆུ་རྐྱལ་གྱི་མཐུད་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད། འདི་ནི་ཀྲུང་གོའི་རུ་ཁག་ལ་ཐེངས་དང་པོར་རྣམ་གྲངས་དེའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་དམར་པོ་ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང5པ“ཏུའུ་སུའུ་རུའེ”ཚེས28ཉིན་གྱི་ཞོགས་པ་ནས་སྔ་དྲོ་བར་ཧྥུའུ་ཅན་ཕུའུ་ཆིང(福建福清)ནས་ཀོང་ཏུང་ཧུའེ་ལའེ(广东惠来)རྒྱུད་ཀྱི་མཚོ་རྒྱུད་དུ་སྐམ་སར་འབུད་རྒྱུ་ཡིན་པ་རེད།

  • ཚེས26ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར275དང་སྒོར260སོ་སོར་མཐོ་རུ་བཏང་ཡོད།

  • སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་བདུན་གྱིས་ཉེ་ཆར་ཡིག་ཆ་བཀྲམ་ནས་སྡེ་ཁུལ106ཏུ་སྡེ་ཁུལ་ཆ་ཚང(完整社区)འཛུགས་སྐྲུན་གྱི་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

  • རྒྱལ་ཁབ་སྲིད་འཛིན་ཁྲིམས་སྲོལ་མཛོད་གསར་པ(新版国建行政法规库)དེ་རིང་ནས་བཟུང་། ཁྲིམས་འཛིན་པུའི་གཞུང་ཕྱོགས་དྲ་ཚིགས་སུ་དངོས་སུ་སྤྱོད་མགོ་ཚུགས་པ་དང་སྤྱི་དམངས་ལ་དྲ་ཐོག་ནས་ལྟ་བཤེར་དང་། འཚོལ་ལེན། ཕབ་ལེན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།

  • ཚེས26ཉིན། ཝུའུ་ཧན(武汉)གྲོང་ཁྱེར་ས་ཡོམ་ལྟ་ཞིབ་ཚད་ལེན་ལྟེ་གནས་ལ་དྲ་རྒྱའི་ཚུར་རྒོལ་ཕོག་པ་དང་། ཐོག་མའི་བདེན་དཔང་ལས་མངོན་པ་ལྟར་ན་དྲ་རྒྱའི་ཚུར་རྒོལ་དེ་ཨ་རི་ནས་ཡིན་པ་དཔང་རྟགས་རགས་ཙམ་མངོན་ཡོད།

4.jpg

  • ཉིན་ཤས་གོང་། ལོ21ལ་སླེབས་པའི་ཧོ་ནན(河南)གྱི་བུ་མོ་ཏུའུ་ཐིང་ཐིང་གིས་2023ལོའི་འཛམ་གླིང་ཐག་མཆོང་ལེགས་སྐྱེས་འགྲན་བསྡུར་གྱི་མཐའ་བསྡུར་ནང་རང་ཉིད་ཀྱིས་ད་ཐེངས་ཀྱི་ལེགས་སྐྱེས་འགྲན་བསྡུར་གྲ་སྒྲིག་འགྲན་བསྡུར་ནང་བཏོད་པའི་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ནས་ཨང་དང་པོ་བླངས་པ་རེད།

  • སི་ཁྲོན་ཀོང་ཧན་སན་ཤིན་ཏུའེ(四川广汉三星堆)རྟེན་རྫས་བཤམས་མཛོད་ཁང་གསར་པར་ཚོད་ལྟ་བྱས་པ་དང་།  རིག་དངོས600ཙམ་ཐོག་མར་འགྲེམས་སྟོན་བྱས་པ་རེད།

  • ཉེ་ཆར། ཧང་ཀྲོའུ(杭州)ཉེན་རྟོག་ཕྱོགས་ཀྱིས་ཀུང་སིའི་ཐམ་ག་རྫུན་བཟོ་བྱས་ནས་ཁྲིམས་འགལ་ངང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་མི་སྣ་བསྡུ་བའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། མི་གཉིས་ལ་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་རེད།

5.gif

  • ཧྲན་ཞི་ཞི་ཨན(陕西西安)གྱི་བྱིས་པ་ཞིག་གློ་བུར་དུ་ཐོག་ཁང་ནས་མར་ལྷུང་། ཉེན་ཁ་ཆེ་བའི་དུས་སུ་ཐོག་ཁང་འོག་གི་མི་མང་པོས་ལག་པ་གཉིས་བརྐྱངས་ནས་སྐྱོབ་གྲབས་བྱས་ཤིང་། ཆེས་མདུན་དུ་རྒྱུག་པའི་ཝང་ཅིང་གིས་ལག་པར་བརྟེན་ནས་མར་ལྷུང་བའི་ལྗིད་ཤུགས་ཞི་ལྷོད་དུ་བཏང་བས་ཕྲུ་གུར་ཞིབ་བཤེར་བྱས་པ་བརྒྱུད་སྐྱོན་ཆེན་པོ་མེད།

སྲིད་ཇུས། 

  • ཁྲུང་ཆིང(重庆)གིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་སྟབས་བདེའི་བྱ་ཐབས་ཁག10བཏོན་པའི་ནང་།  ཐོ་འགོད་བྱས་པའི་སྦག་སྦག་ལ“ཁྲོན་དང་ཁྲུང་ཆིང་གི་ལག་ཁྱེར་གཅིག་གིས་གཉེར་རྒྱུ”སོགས་ཚུད་ཡོད་པ་དང་། ཟླ7ཚེས31ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཅང་ཤིས(江西)ཀྱིས་བརྡ་ཐོ་བཏང་ནས་མཐོ་སློབ་ཀྱིས་མདོག་ལྡན་ལྕགས་རིགས་དང་གློག་རྡུལ་ཆ་འཕྲིན་སོགས་ཁྱབ་ཁོངས་སུ་དགོས་མཁོ་ཆེ་ཞིང་དཀོན་པའི་ཆེད་ལས་ཁག་གཅིག་བཀོད་སྒྲིག་བྱ་རྒྱུར་སྐུལ་ལྕག་བྱས་པ་རེད།

  • ཐེན་ཅིན(天津)གྱིས་ཟླ8པའི་ཚེས1ཉིན་ནས་བཟུང་ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་གྱིས་དུས་གཅིག་ཏུ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་ཁ་གསབ་ལེན་ཆོག་པ་ཁ་གསལ་བཏོན་ཡོད།

དེ་རིང་གནམ་གཤིས།

6.jpg

  • ཐའེ་དབན་གླིང་ཕྲན་དང་། ཧྥུའུ་ཅན་གྱི་བྱང་ཤར་རྒྱུད། ཀྲེ་ཅང་ཤར་རྒྱུད། ཅང་སུའུ་བྱང་རྒྱུད། ཧྲན་ཏུང་ཤར་ལྷོའི་རྒྱུད་དང་དེ་བཞིན་ཡུན་ནན་གྱི་བྱང་ཤར་རྒྱུད་དང་། ཀུའེ་ཀྲོའུ་དབུས་ནུབ་རྒྱུད། ཁྲུང་ཆིང་ནུབ་རྒྱུད། སི་ཁྲོན་གཤོང་ས། ཀན་སུའུ་ཤར་ལྷོའི་རྒྱུད། ཧྲན་ཤིས(陕西)ལྷོ་རྒྱུད་སོགས་སུ་དྲག་ཆར་ཆེན་པོ་འབབ་པ་དང་། དེའི་ནང་། ཐའེ་དབན་གླིང་ཕྲན་ཤར་རྒྱུད་དང་། ཀྲེ་ཅང་ཤར་རྒྱུད་མཚོ་རྒྱུད། ཀུའེ་ཀྲོའུ་ནུབ་རྒྱུད། ཁྲུང་ཆིང་ནུབ་རྒྱུད། སི་ཁྲོན་གཤོང་སའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།