དེ་རིང་ནི2025ལོའི་ཟླ05པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རོང་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་གནད་དོན་དག་ཐེར་གྱི་སྐུལ་འདེད་ཚོགས་འདུ་འཚོགས།

2023-07-27 08:32:54   |   1787

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེབ་འབེབས། རིན་ཆེན་ཚེ་རིང་། 


5555~1.jpg

ཟླ7ཚེས25ཉིན། ཁུལ་ཨུའི་རོང་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚོགས་ཆུང་གི(ཁུལ་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང)ཚོགས་འདུ་དང་གནད་དོན་དག་ཐེར་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཚོགས་འདུས་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་དང་དབུལ་སྒྲོལ་མི་འབོར་གྱི2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཡོང་འབབ་དང2022ལོའི་ལོ་འཁོར་གྱི་འབྲེལ་མཐུད་ནུས་ལྡན་གྱི་གནད་དོན་དག་ཐེར་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་དང་དེ་བཞིན་དབུལ་སྒྲོལ་མི་འབོར་གྱི་འབབ་འཕར་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས། རྫོང་བཞིའི་རྫོང་ཨུའི་ཧྲུའུ་ཅིས་གཏམ་བཤད་སྤེལ་རེས་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།

11~1.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། རོང་འབྲོག་མང་ཚོགས་དང་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ནི“ཞིང་གསུམ”གནད་དོན་ཐག་གཅོད་བྱེད་པའི་སྲོག་ཤིང་དང་འཆམ་མཐུན་སྤྱི་ཚོགས་སྐྲུན་པའི་རྨང་གཞི་ཡིན། ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་བབ་ལ་དབྱེ་ཞིབ་དང་སྟངས་འཛིན་ཡང་དག་བྱས་ནས་རོང་འབྲོག་མང་ཚོགས་དང་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ། དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། རོང་འབྲོག་མང་ཚོགས་དང་དབུལ་སྒྲོལ་མང་ཚོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཡོང་འབབ་ལ་དམ་འཛིན་ཡག་པོ་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ཆ་སྒྲིག་ལས་གྲྭའི་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། “ཁག་གཅིག་བཞི”ལྟར་རིགས་དབྱེའི་དཔྱད་དཔོག་བེད་སྤྱོད་བྱས་ཏེ། ནོར་ལུག་བཤས་རར་གཏོང་ཚད་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། རོང་འབྲོག་མང་ཚོགས་དང་དབུལ་སྒྲོལ་མང་ཚོགས་ཀྱི་གླ་ཕོགས་ཡོང་འབབ་ལ་དམ་འཛིན་ཡག་པོ་བྱས་ཏེ། ངལ་རྩོལ་རྩལ་ནུས་གསོ་སྦྱོང་དང་རྒུད་གསབ་ལས་སྤྲོད། ངལ་ནུས་ཕྱིར་གཏོང་བཅས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་སོགས་སྤྱི་ཕན་རང་བཞིན་ལས་གནས་ཀྱི་གླ་ཕོགས་ཟླ་རེར་དུས་ཐོག་ཏུ་སྤྲོད་རྒྱུར་འགན་ལེན་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་ཁ་གསབ་མ་དངུལ་སྣ་ཚོགས་དུས་ཐོག་ཏུ་དམིགས་སར་འབྱོར་ཐུབ་པ་བྱེད་དགོས། ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་བཏང་ནས་རོང་འབྲོག་མང་ཚོགས་དང་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ལས་ཀའི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་། ཏང་སྲིད་ཀྱི“གཙོ་འགན་འཁུར་མཁན”གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་དངོས་སུ་བཀོད་སྒྲིག་དང་དངོས་སུ་དོན་འཁྱོལ། དངོས་སུ་རྩིས་རྒྱག་པ།  ལས་བགོས་འགན་གཉེར་མགོ་ཁྲིད་ཀྱིས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཞིབ་ཕྲ་བྱེད་དགོས། “རོགས་རམ་གཉིས་”དང་“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་སྤེལ་གཏོང་བའི”བྱ་སྤྱོད་གཏིང་ཟབ་སྤེལ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས།  སྡོམ་རྩིས་རྟོག་འཇལ་གྱི་གསོ་སྦྱོང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རོང་འབྲོག་མང་ཚོགས་དང་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་སྡོམ་རྩིས་རྟོག་འཇལ་གྱི་གནད་སྨིན་ཚད་མཐོ་རུ་གཏོང་དགོས། དབུལ་ལོག་སྔོན་འགོག་གི་རྟོག་འཇལ་དང་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་རྟོག་འཇལ་བྱེད་དགོས་རིགས་ལ་ངེས་པར་རྟོག་འཇལ་དང་། རོགས་སྐྱོར་བྱེད་དགོས་རིགས་ལ་ངེས་པར་རོགས་སྐྱོར་བྱས་ཏེ། ཆད་ལྷག་འབྱུང་བ་དང་སྒྲིག་གཞི་ཕྱི་རུ་འཁོར་རྒྱུག་བྱེད་པ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། གནད་དོན་དག་ཐེར་གྱི་སྐུལ་འདེད་མགྱོགས་སུ་བཏང་ནས“གཙོ་འགན་འཁུར་མཁན”རང་ཉིད་ཀྱིས་དངོས་སུ་བཀོད་སྒྲིག་དང་། དོན་འཁྱོལ། དག་ཐེར་ཡོ་བསྲང་གི་ལས་དོན་ལ་ཞིབ་བཤེར་གཏན་འབེབས་བཅས་བྱས་ཏེ། དུས་བཀག་ལྟར་དག་ཐེར་ཡོ་བསྲང་གི་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།

22~1.jpg

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།  གནད་དོན་དག་ཐེར་ལ་དམ་པོར་དམིགས་པ།  དག་ཐེར་བྱེད་ཐབས་བཟོ་བ། དག་ཐེར་ལས་འགན་དོན་འཁྱོལ་བྱེད་པ། དག་ཐེར་གྱི་དུས་བཀག་ཁ་གསལ་བཟོ་བ། དུས་ཚོད་ལྡོག་སྒྲིག་དང་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། གནད་དོན་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་། ཞིབ་ཚགས། ཏན་ཏིག་བཅས་བྱེད་དགོས། རོང་འབྲོག་པའི་འབབ་འཕར་ལ་དམ་པོར་དམིགས་ཏེ་ནོར་ལུག་བཤས་རར་གཏོང་བའི་ཁ་གསབ་དང་འབྲུ་འདེབས་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་ཕྱི་ནང་གི་ངལ་ནུས་མཁོ་སྤྲོད་སྦྲེལ་མཐུད་དང་འཛད་སྤྱོད་དབུལ་སྐྱོར། སྤྱི་ཕན་རང་བཞིན་གྱི་ལས་གནས་མཐའ་སྐྱོང་། ནད་ཆེན་སྨན་བཅོས་རོགས་སྐྱོབ་སོགས་འབབ་འཕར་བྱེད་ཐབས་བརྒྱུད“མཐོ་བ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། གཙོ་གནད་རྣམ་གྲངས་ལ་དམ་པོར་དམིགས་ནས་མིག་སྔའི་རྣམ་གྲངས་བཟོ་སྐྲུན་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། འབྲེལ་མཐུད་མ་དངུལ་གྱི་གཏོང་གྲོན་ལྷུ་ཚིགས་ཀྱི་གྲལ་བཤེར་ནན་ཏན་བྱེད་པ་དང་། འབྲེལ་མཐུད་མ་དངུལ་དེ་བཀག་རྒྱའི་གསལ་ཐོ་ཡོད་པའི་རྣམ་གྲངས་དང་།  འཕེལ་རིམ་ལས་བརྒལ་ནས་མ་དངུལ་གཏོང་བ། གཏོང་སྤྲོད་ཀྱི་ཚབ་བྱེད་པ།  གཏོང་སྒོ་རྫུན་བཟོ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། མ་དངུལ་དང་རྣམ་གྲངས་འཛུགས་སྐྲུན་སྦྲེལ་མཐུད་དང་། དབུལ་ལོག་སྔོན་འགོག་བྱེད་པའི་འགུལ་རྣམ་རྟོག་འཇལ་རོགས་སྐྱོར། རྒྱུ་ནོར་དབང་ཆ་གཏན་འཁེལ་དོ་དམ། ལས་གནས་བརྟན་པོའི་ལས་ཞུགས་སྲིད་ཇུས་སོགས་གཙོ་གནད་དཔྱད་ཞིབ་དམིགས་ཚད་ལ་དམིགས་ནས་བྱེད་ཐབས་ཞིབ་ཚགས་དང་།  འབེན་ཕྱོགས་ལ་ཤུགས་རྒྱག་པ།  འགན་འཁྲི་ནན་དུ་གཏོང་བ། མདུན་དུ་སྙེག་པ་བཅས་བྱས་ཏེ་དཔྱད་ཞིབ་དམིགས་ཚད་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། གོང་འོག་འབྲེལ་གཏུག་འབྲེལ་མཐུད་ལ་དམ་པོར་དམིགས་ནས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་འབྲེལ་ཡོད་སྲིད་ཇུས་ལ་གོ་བ་ནན་ཏན་ལེན་པ་དང་། ལས་ཀའི་ནོར་འཛོལ་དུས་ཐོག་ཏུ་ཡོ་བསྲང་བྱེད་པ། གཞི་རིམ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་གཞི་རིམ་ལས་བྱེད་པའི་ལས་སྒོའི་སྲིད་ཇུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྡོམ་རྩིས་བྱེད་དགོས་རིགས་སྡོམ་རྩིས་བྱེད་པར་འགན་ལེན་བྱེད་དགོས།

33~1.jpg

ཁུལ་རིམ་པའི་མགོ་ཁྲིད་དང་དེ་བཞིན་ཁུལ་ཨུའི་སྡེ་ཚན་ཁག་དང་ཁུལ་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་བཞིའི་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།


མཉམ་སྤྱོད།