དེ་རིང་ནི2025ལོའི་ཟླ05པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབྲོག་པའི་འཚོ་བ་ལེགས་སོང་། དཀོན་ལོ་གོང་མ་སྐྱིད་སོང་།

2023-07-27 13:56:06   |   1814

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།



5555~1.jpg

ཉེ་ཆར། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བར་བཅར་འདྲིར་བསྐྱོད་ཅིང་། 2021ལོའི་ཟླ6པའི་ཚེས8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྡེ་བ་དེར་ཕེབས་ནས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་།  མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སྐོར་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཡོད། 

༢.jpg

 སྡེ་བ་དེ་ནི་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་ཁོངས་སུ་གཏོགས་པ་དང་།  མཚོ་སྔོན་པོའི་བྱང་འགྲམ་དང་རྐང་ཚ་རྫོང་མཁར་བྱང་ཕྱོགས་ཀྱི་སྤྱི་ལེ10ཡི་མཚམས་སུ་ཆགས་ཡོད། སྡེ་བ་དེའི་སྒོ་ཆེན་འཛུལ་སྐབས་གྲལ་སྟར་འགྲིག་པའི་ཁང་པ་གསར་པ་དག་དང་།  གཙང་སྦྲ་དོད་པའི་ཁོར་ཡུག་ལས་སྡེ་བ་དེ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་དུ་སྐྱོད་བཞིན་པའི་སྡེ་བ་གསར་པ་ཞིག་ཡིན་པ་རང་བཞིན་དུ་ཤེས་ཐུབ།

༣.jpg

དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།   སྡེ་བ་དེར་ཁྱོན་ཁྱིམ་ཚང637དང་མི་གྲངས2468ཡོད་ལ།  འབྲོག་ལས་ནི་སྡེ་བ་དེའི་ཐོན་ལས་གཙོ་བོ་ཞིག་ཡིན་ཞིང་།  མིག་སྔའི་བར།   སྡེ་བ་དེའི་མང་ཚོགས་ཀྱི་མི་རེའི་ཡོང་འབབ་སྒོར་ཉིས་ཁྲི་སུམ་སྟོང་ཉིས་བརྒྱ་ལྷག་ཟིན་ཡོད་པར་བཤད།   

640.png

དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་བརྟན།

བསོད་ནམས་ཚེ་བརྟན་གྱི་སྣེ་ཁྲིད་འོག 2021ལོའི་ཟླ6པའི་ཚེས8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་མྱོང་བའི་བསོད་ནམས་ཚེ་རིང་ཚང་དུ་སོང་ལ།   ཁྱིམ་ཚང་དེར་སླེབས་སྐབས་གསར་འགོད་པའི་འདྲེན་བྱེད་ཡུལ་དུ་འཆར་བ་ནི་ཅི་འདྲིའི་དྲོ་སྐྱིད་ལྡན་པ་དང་བྱམས་བརྩེས་ཕྱུག་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བསོད་ནམས་ཚེ་རིང་ཁྱིམ་མི་དག་གི་མཉམ་པར་དེ་རེད།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོང་ཚང་ལ་འཚམས་འདྲིར་ཕེབས་པའི་སྐོར་གླེང་སྐབས་བསོད་ནམས་ཚེ་རིང་གི་གདོང་ལ་འཛུམ་མདངས་ཞིག་ལངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ངའི་ཁྱིམ་དུ་ཕེབས་པ་དེ་ནི་བྱམས་བརྩེའི་ཐུགས་ཁུར་གནང་བའི་བྱ་བ་བཟང་པོ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅིས་ང་རང་གི་འདས་སོང་ལོ་ཟླའི་འཚོ་བ་དང་ད་ལྟའི་འཚོ་བའི་འགྱུར་ལྡོག་ལ་སོགས་པར་བཀའ་འདྲི་ཞིབ་ཕྲ་གནང་བྱུང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ལ་གནང་བའི་བཀའ་སློབ་དག་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་གཏིང་དུ་གསལ་པོར་བཅངས་ཡོད་ལ་དུས་དང་རྣམ་པ་ཀུན་ཏུ་ང་རང་ལ་སྐུལ་ལྕག་ཆེན་པོ་ཐེབས་ཀྱི་འདུག་ཅེས་བཤད་བྱུང་། 

༥.png

འབྲོག་པ་བསོད་ནམས་ཚེ་རིང་།

ད་ལྟའི་ཆར།  དཀོན་ལོ་གོང་མ་སྡེ་བས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་སྡེ་བའི་ཡུལ་སྐོར་དང་སྔོ་ཚལ་འདེབས་འཛུགས་སོགས་ཐོན་ལས་དག་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གསོན་ཤུགས་ལྡན་པའི་ངང་གོང་འཕེལ་ལ་འགྲོ་བཞིན་ཡོད་པ་དང་། མ་འོངས་པའི་འཕེལ་རྒྱས་སྐོར་གླེང་སྐབས་སྡེ་བ་དེའི་སྡེ་མི་རྣམས་ལ་ཡིད་ཆེས་དང་རེ་བས་ཁེངས་འདུག


མཉམ་སྤྱོད།