དེ་རིང་ནི2025ལོའི་ཟླ05པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-28 07:49:43   |   3345

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

2.jpg

  • ཟླ7པའི་ཚེས27ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲེང་ཏུའུ(成都)རུ་ཀྲུང་གོར་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པའི་མགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ(印度尼西亚总统佐科)དང་མཇལ་འཛོམས་གནང་བ་རེད།

  • འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་མགོ་ཚུགས་མཛད་སྒོ་དེ། ཟླ7པའི་ཚེས28ཉིན་གྱི་དགོང་མོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ(成都)གྲོང་ཁྱེར་དུ་འཚོགས་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་སྐབས་འདིའི་སློབ་ཆེན་གྱི་ལུས་རྩལ་འགྲན་ཚོགས་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་རྒྱུ་རེད།

  • སློབ་གསོ་པུས“རྒྱལ་ཁབ་ཀྱི་ཕུལ་བྱུང་འཆར་གཞི”ལག་བསྟར་བྱས་ནས་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་སོགས་མཐོ་སློབ30ཡིས་སློབ་གྲྭ་འབྲིང་ཆུང་ལ་ཞིབ་འཇུག་སློབ་མ་རིམ་པའི་བྱང་ཚད་མཐོ་བའི་ཚན་རིག་རིགས་ཚན་གྱི་དགེ་རྒན་ཁག་གཅིག་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན43193ཞིབ་བཤེར་ཐག་གཅོད་བྱས་པ་རེད།

3.jpg

  • ཚེས27ཉིན་གྱི་དུས་ཚོད4དང་སྐར་མ2སྟེང་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རྒྱང་ཚོར་ཨང་སོ་དྲུག་པའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།

3.png

  • ཚེས27ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་མཚོ་གཏིང་ས་ཡོམ་རྩད་ཞིབ་འཚོལ་བསྡུའི་སྒྲིག་ཆས་དངོས་སུ་སྤྱོད་མགོ་ཚུགས། དེས་སྣུམ་རླངས་རྩད་ཞིབ་གསར་སྤེལ་ཞིབ་ཚད་མཐོ་རུ་ཤུགས་ཆེན་གཏོང་ཐུབ་རྒྱུ་རེད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་སྡོང་དམར་ནགས་ཚལ(红树林)གྱི་རྒྱ་ཁྱོན་དུས་རབས་འདིའི་དུས་མགོ་ལས་སྤྱི་ཆིང7200ལྷག་ཙམ་མང་དུ་ཕྱིན་ནས་འཛམ་གླིང་ཐོག་གི་སྡོང་དམར་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་འགྲོ་བའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

  • རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《སྤྲེའུ་འབྲུམ་འགོག་སྡོམ་ཇུས་གཞི》ཁྱབ་བསྒྲགས་བྱས།  སྤྲེའུ་འབྲུམ(猴痘病)བྱུང་མཁན་ལ་དམ་པོར་འབྲེལ་མཁན་གྱིས་ཉིན21རིང་རང་ངོས་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པས་ཚེས27ཉིན“ཐའེ་དབན་རང་བཙན”དང་ཐའེ་དབན་མཚོ་འགག་གི་ཞི་བདེ་གཉིས་མཐུན་ཐབས་མེད་པས། བཅིངས་འགྲོལ་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་དོ་དགོང་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཚོགས་ཆུང་གཉིས་པའི་འགྲན་བསྡུར་བྱེད་རྒྱུ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་ཚོགས་ཆུང་གི་རིམ་སྤོར་མདུན་ལམ་ཐད་ཀར་གཏན་འཁེལ་བྱ་རྒྱུ་རེད།

སྤྱི་ཚོགས།

4.png

  • རྒྱ་མཚོའི་རླུང་འཚུབ་དྲག་པོ“ཏུའུ་སུའུ་རུའེ”དེ་རིང་སྔ་མོར་ཧྥུའུ་ཅན་ལྷོ་རྒྱུད་མཚོ་རྒྱུད་དུ་བསྐྱོད་དེ། ཀྲེ་ཅང་དང་ཧྥུའུ་ཅན་སོགས་ས་ཆར་དྲག་ཆར་ཆེན་པོ་འབབ་པ་དང་། ཀྲུང་གོ་གནམ་གཤིས་ཅུ་ཡིས་རྒྱ་མཚོའི་རླུང་འཚུབ་རིམ་པ་དང་པོའི་སྔོན་ཇུས་སྤེལ།

  • ཧུའུ་ནན(湖南)ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་དབྱི་ཕུང་ཧྥེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་དེ་སྔའི་ཏང་ཨུའི་རྒྱུན་ཨུ། སི་ལིང་ཡོན་གཞོན་པ་ཅའོ་ཞའོ་ཕིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་ཧའོ་ཧུང་ཅུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་ཅི་པིན་ཁྲང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ཚེས27ཉིན། ཝུའུ་ཧན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་ཡོངས་བསྒྲགས་ངང་འཚོགས་ནས་ཅང་སུའུ་ཞིང་ཆེན་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ཀྲང་ཅིང་ཧྭ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་ཞིབ་གཅོད་བྱས་པ་དང་། ཀྲང་ཅིན་ཧྭ་ལ་ལྐོག་རྔན་སྒོར་ཁྲི4984ལྷག་ཙམ་བླངས་པར་གཞུང་གཏུག་བྱས་པ་རེད།

5.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མགོ་ཁྲིད་གནང་བའི་རྒྱལ་སྤྱིའི་མཉམ་ལས་ཚོགས་པས“ཀྲུང་གོའི་གནམ་མིག”སྤྱད་དེ་ནག་ཁུང(黑洞)ལ་གློག་འཕྲོའི་འཕར་རྩ་ཆུང་ངུ་ཡོད་པ་ཤེས་རྟོགས་བྱུང་བ་དང་། དུས་འཁོར་སྐར་ཆ0.2ཙམ་ཡིན་པ་རེད།

  • ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་ནན་ཅིང་ཞིང་ལས་སློབ་ཆེན་གྱི་ཚན་ཞིབ་ཚོགས་པས་ཆུ་འབྲས་སྐྱེ་འཕེལ་ལོགས་བཀར་གྱི་དཀའ་གནད་བསལ་ནས་ཐོན་འབབ་མཐོ་བའི་ཆུ་འབྲས་སྐྱེད་སྲིང་བྱེད་པར་ནུས་པ་བཏོན་ཡོད།

6.jpg

  • ཏ་ལེན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཟླ7པའི་ཚེས28ཉིན་གྱི་ཆུ་ཚོད8པ་ནས་ཟླ8པའི་ཚེས4ཉིན་གྱི་ཆུ་ཚོད18པའི་བར་ཧོང་ཧའེ(黄海)བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་ནས་བསྐྱོད་མི་ཆོག

  • ཧྲན་ཤིས(陕西)ཧན་ཀྲུང་ཉེན་རྟོག་ཕྱོགས་ཀྱིས“སྐར་མ་རྒྱུགས་པའི(跑分)”བཙོག་དངུལ་གཙང་སྒྱུར་གྱི་ཉེས་གསོག་ཚོགས་པ་ཞིག་མེད་པར་བཟོས། ཉེས་གསོག་དོགས་ཅན24ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲད་པ་དང་། གྱོད་འབྲེལ་ཁྲིམས་འགལ་མ་དངུལ་སྒོར་ཁྲི5000ལྷག་ཙམ་ཟིན་ཡོད།

སྲིད་ཇུས།

  • ཐེན་ཅིན(天津)གྱིས་སྤྱི་གསོག་མ་དངུལ་གྱི་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས། ལས་བཟོས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་ནས་ཁྱིམ་ཚང་གི་སྡོད་ཁང་ཐོག་མ་ཉོ་རྒྱུའི་རེ་ཞུ་བྱས་པར་དངུལ་བུན་གྱི་ཚད་གཞི་མཐོ་ཤོས་སྒོར་ཁྲི100ཡིན་པ་རེད།

  • ཧྲན་ཏུང(山东)གིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྲོལ་ཡིག་བཏོན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་དང་སྐྱེ་དངོས་ཕྲ་རབ་སོགས་སོན་རྒྱུའི་ཐོན་ཁུངས་མཛོད(种质资源库)འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། སྤུས་ལེགས་སོན་རྒྱུའི་ཐོན་ཁུངས་ཉར་ཚགས་ནུས་ལྡན་བྱེད་དགོས་ཞེས་བཏོན་ཡོད།

  • ཅང་སུའུ་ཡིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག་གསར་པར་གྲོས་འཆམ་བྱུང་ནས། གྲོང་ཁྱེར་གྱི་འགྲོ་ལམ་འཛུགས་སྐྲུན་བྱེད་པར་དལ་བགྲོད་འགྲིམ་འགྲུལ་བར་མཐོངས་འགན་ལེན་བྱེད་དགོས་པ་དང་། འཕྲུལ་སྒུལ་མིན་པའི་འཁོར་ལོ་དང་རྐང་ཐང་བའི་འགྲོ་སྐྱོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་རེད།

དེ་རིང་གི་གནམ་གཤིས།

7.jpg

  • ཀྲེ་ཅང་ཤར་རྒྱུད་དང་ལྷོ་རྒྱུད། ཧྥུ་ཅན། ཐའེ་དབན་གླིང་ཕྲན་གྱི་མང་ཆེ་བ་དང་དེ་བཞིན་ཡུན་ནན་གྱི་ཤར་ལྷོའི་རྒྱུད་དང་། ཀུའེ་ཀྲོའུ་ནུབ་རྒྱུད། ཁྲུང་ཆིང་གི་ནུབ་རྒྱུད། སི་ཁྲོན་ཤར་རྒྱུད། ཧྲན་ཤིས(陕西)ཀྱི་དབུས་རྒྱུད་དང་ཀན་སུའུ་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་པ་དང་། དེའི་ནང་། ཧྥུའུ་ཅན་ཤར་ལྷོའི་རྒྱུད་དང་། ཀྲེ་ཅང་ཤར་ལྷོའི་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།