རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ7ཚེས27ཉིན། ཁུལ་ཨུའི་རྒྱུན་ཨུའམ། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་མདའ་བཞི་རྫོང་རིག་གནས་ལུས་རྩལ་བྱ་འགུལ་ལྟེ་གནས་དང་རྫོང་སྔོན་གཤེགས་དཔའ་བོའི་བང་སོ། དཔལ་སྦྱིན་ཡུལ་ཚོ་ཏང་ཀྲི་པུའུ། ནུབ་མཚོ་ལུས་རྩལ་ར་བ། གསེར་དངུལ་ཐང་བཅས་སུ་ཕྱིན་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོའི་བྱ་འགུལ་གྱི་མདའ་བཞི་རྫོང་གི་གཙོ་གནད་ལས་བགོས་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།
སངས་འབུམ་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མྱུར་ཚད་མགྱོགས་སུ་གཏོང་བ་དང་སྣ་སོ་སོའི་ལས་ཀ་ཞིབ་ཚགས་བཟོས་ནས་མདའ་བཞི་མི་དམངས་མང་ཚོགས་ཀྱི་ཆེས་མཛེས་སྡུག་ལྡན་པའི་ཉམས་འགྱུར་ལ་བརྟེན་ནས་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་ལེགས་སྐྱེས་གཟབ་རྒྱས་ཤིག་འབུལ་དགོས་ཞེས་ནན་བཤད་གནང་།
རྫོང་རིམ་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས།