དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས།

2023-07-28 20:29:07   |   532

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་།


    00.jpg


2222.jpg

 ཟླ7པའི་ཚེས27ཉིན། ཁུལ་ཡོངས་ཀྱི་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལི་ཤང་ཏུང་གིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་བ་དང་། མཚོ་བྱང་ཡན་ལག་དམག་ཁུལ་གྱི་སི་ལིང་ཡོན་གཞོན་པ། མཚོ་བྱང་ཁུལ་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མཱ་ཕུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་།

2.jpg

ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང2023ལོའི་ཞིང་ཆེན་ཡོངས་ཀྱི་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་འདུ་ཐེངས25པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཁུལ་གྱི་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ཁུལ་ཡོངས་ཀྱི་གཉིས་བཀུར་ལས་དོན་བརྡ་ཁྱབ་བཏང་བ་དང་འབྲེལ་རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།   ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་དང་དཔལ་དགེ་དམག་དོན་མཁོ་འདོན་ས་ཚིགས་ཀྱིས་ཁུལ་གྱི་གཉིས་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་ཚབ་བྱས་ཏེ་འགན་སྒྲུབ་གཏམ་བཤད་སྤེལ་བ་དང་།  འཇུ་ལག་རྫོང་དང་མདའ་བཞི་རྫོང་གིས་གཉིས་བཀུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚབ་ཞུས་ཏེ་བརྗེ་རེས་ཀྱི་གཏམ་བཤད་སྤེལ། གྲོས་ཚོགས་ཐོག《མཚོ་བྱང་ཁུལ་གྱི་རྐང་འཛིན་དམངས་དམག་གཟིགས་སྐྱོང་དང་ཁེ་ཕན་འགན་སྲུང་བྱེད་ཐབས》ལ་གྲོས་ཞིབ་བྱས།

3.jpg

ཚོགས་འདུས་བསྟན་དོན།   ན་ནིང་ཚུན་དུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་།   དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་ཤུགས་སྒྲིལ་མཉམ་ལས་འོག  ཁུལ་ཡོངས་ཀྱི་གཉིས་བཀུར་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཉིས་བཀུར་ལས་དོན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་།  དཔུང་སྡེའི་དཀའ་གནད་བསལ་བ། ཏན་ཏིག་དངོས་སྒྲུབ་བྱས་པས་གཉིས་བཀུར་གྱི་སྣ་སོ་སོའི་ལས་དོན་ལ་ཕན་འབྲས་ཐོབ་ཡོད།  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། དཔུང་སྡེའི་དཔོན་དམག་གི་གཉིས་བཀུར་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། ས་གནས་ཀྱིས་དཔུང་སྡེ་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་དཔུང་སྡེས་ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ཤུགས་ཤིག་ཆགས་ནས་མཚོ་བྱང་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

4.jpg

 ཚོགས་འདུས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་དང་། ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ80འཁོར་བའི་ལོ་ཞིག་ཡིན་ལ། གཉིས་བཀུར་དཔེ་བཟང་གི་སྐབས་གསར་བའི་གྲོང་ཁྱེར(རྫོང)བརྩོན་ལེན་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས་གཉིས་བཀུར་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། སང་ལོར། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་སྐབས་གསར་པའི་གྲོང་ཁྱེར(རྫོང)མིང་འདོགས་གཟེངས་བསྟོད་བྱ་རྒྱུ་ཡིན་པས། ས་གནས་ཁག་དང་ཁོངས་མིའི་ཚན་པ་ཁག་གིས་དུས་ཐོག་ཏུ་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གཏོད་པའི་དཔྱད་ཞིབ་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། གསར་གཏོད་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་དང་། ཞན་ཆ་ཐག་གཅོད་བྱེད་པར་སྐུལ་འདེད། གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གཏོད་རྒྱུ་དེ་གཉིས་བཀུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ཞིག་ཏུ་བརྩིས་ནས་གཉིས་བཀུར་ལས་དོན་གྱི་རྣམ་པ་དང་ནང་དོན། བྱེད་ཐབས་བཅས་གསར་སྤེལ་བྱེད་པ་དང་། དམངས་དམག་མཉམ་འདྲེས་དང་མཉམ་སྤྱོད། འཕེལ་རྒྱས་ཀྱི་ལས་སྟེགས་འཛུགས་སྐྲུན་བྱེད་པ། སྔར་ལས་མང་བའི་ལྟ་བར་འདོད་ཞིང་ཉན་པར་སྤྲོ་བ། དམངས་དམག་ཡོངས་ཞུགས་པའི་ཆུ་ཚད་མཐོ་ཞིང་སྤུས་ཚད་ལེགས་པའི་གཉིས་བཀུར་བྱེད་སྒོ་སྤེལ་བ།  དུས་རབས་ཀྱི་ཁྱད་ཆོས་དང་ཡུལ་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གཉིས་བཀུར་རྫས་རྟགས་གསར་བཟོ་བྱས་ཏེ། དུས་རབས་གསར་པའི་གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།

 ཚོགས་འདུས་གཉིས་བཀུར་བྱ་བའི་ཁོངས་གཏོགས་ལས་ཁུངས་སོ་སོས་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་གཉིས་བཀུར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དམག་གྲབས་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་རྒྱལ་སྲུང་དང་དཔལ་འབྱོར་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་དང་།  བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་སློབ་གསོའི་ཁྲིད་སྟོན་ཁྲོད་རྣམ་འགྱུར་སྔར་བས་ཡོ་བསྲང་དང་། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པའི་ཁྲོད་བརྩེ་དུང་སྔར་བས་ཟབ་ཏུ་གཏོང་བ། རང་འགུལ་ངང་བྱས་རྗེས་འཇོག་པའི་ཁྲོད་འགན་འཁྲི་སྔར་བས་མངོན་པར་བྱེད་པ། དུས་རབས་གསར་པའི་གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་པ་བཅས་བྱས་ཏེ། གཡོ་འགུལ་མེད་པར་སྒྱུར་བཅོས་གསར་གཏོད་ལ་དམ་འཛིན་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པ། གཉིས་བཀུར་ལས་དོན་གྱི་ཐབས་ལམ་རྒྱ་སྐྱེད་བཏང་ནས་ཁུལ་ཡོངས་ཀྱི་གཉིས་བཀུར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། 

 ཁུལ་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་། རྫོང་ཁག་གི་སྲིད་གཞུང་དང་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།  


མཉམ་སྤྱོད།