དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྟོང་སྐོར་ནས་ནུབ་མཚོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭའི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

2023-07-29 10:53:26   |   255

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  མཚོ་བྱང་སྨྱན་གསར། བཤེབ་འབེབས། རིན་ཆེན་ཚེ་རིང་། 


5555~1.jpg

G0612ཟི་ལིང་ནས་ཧོ་ཐེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྟོང་སྐོར་ནས་ནུབ་མཚོ་བར་གྱི་གཞུང་ལམ་ལས་གྲྭ་ལས་མགོ་བཙུགས་ཚུན་ཏུ། རྣམ་གྲངས་འཛུགས་སྐྲུན་དུ་ཞུགས་པའི་ལས་ཁུངས་ཁག་གིས་ཧུར་བརྩོན་བྱས་པ་བརྒྱུད། བཟོ་བའི་སྡོད་གནས་སོགས་གནས་སྐབས་སྒྲིག་ཆས་འཛུགས་སྐྲུན་གོ་རིམ་ལྡན་པའི་སྤེལ་བཞིན་ཡོད།

1.jpg

2.jpg

3.jpg

 སྟོང་སྐོར་ནས་ནུབ་མཚོ་བར་གྱི་གཞུང་ལམ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམG0612ཟི་ལིང་ནས་ཧོ་ཐེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་གྱི་ལམ་མཚམས་ཞིག་དང་།  འགྲིམ་འགྲུལ་སྐྱེལ་འདྲེན་པུའི“ལྔ་བཅུ་བཞིའི་”གཞུང་ལམ་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས། ཨེ་ཤ་ཡ་དབུས་མ་དང་ཨེ་ཤ་ཡ་ལྷོ་མ་རྒྱལ་ཁབ་ཀྱི་སྐམ་ལམ་འགག་སྒོ་དང་དེ་བཞིན་ཞིན་ཅང་དུ་བསྐྱོད་པའི་མྱུར་བགྲོད་སྐམ་སའི་བགྲོད་ལམ་ཞིག་བཅས་ཡིན། རྣམ་གྲངས་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་དང་ས་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཚོ་བྱང་ཁུལ་དེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང“ནུབ་རྒྱུད་གསར་སྤེལ་ཆེན་པོའི”རྣམ་པ་གསར་པར་ཞུགས་པ། འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་གོ་སྐབས་དམ་འཛིན་དང་། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས། མཚོ་སྐོར་བྱང་ངོགས་ཀྱི་མཚོ་བྱང་གནས་སྐོར་ལས་རིགས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན། སྟོང་སྐོར་ནས་ནུབ་མཚོ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་ཕྱོགས་གཉིས་ལ་འཁོར་ལམ་བཞི་ཡོད་པ་དང་། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ100ཡི་ཚད་གཞི་ཇུས་འགོད་བྱས་ཡོད།  ལམ་ཐིག་ཧྲིལ་པོའི་རིང་ཚདསྤྱི་ལེ50.685ཡོད་པ་དང་།  ལམ་ཐིག་ཧྲིལ་པོར་ཕན་ཚུན་ཤར་གཏོང་རྣམ་པའི་སྣོལ་འབྲེལ་ཟམ་པ4དང་། གསར་དུ་བསྐྲུན་པའི་ཞབས་ཞུའི་ཁུལ1དང་། རྡུལ་ཕྲན་གྲོང་གི་སྦྲེལ་མཐུད་ལམ་ཐིག་སྤྱི་ལེ2.8བཅས་ཡོད།


མཉམ་སྤྱོད།