དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-31 08:12:17   |   5096

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

2.jpg

  • བརྒྱད་གཅིག་དམག་འཛུགས་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས26ཉིན་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་བར་ཕེབས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་ཞུས་ཏེ་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག  དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཚན་རིག་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་དམག་དོན་ལས་དོན་གྱི་ཚད་ལྡན་ཡིག་ཆ་གལ་ཆེན་བདམས་བསྒྲིགས》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་དང་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ7.3%འཕར་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཁྱོན་སྡོམ་མི9699ལ་འགན་འཁྲི་བདའ་འདེད་བཏང་བ་རེད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་སྒོར་དུང་ཕྱུར491.7རྩ་ཆག་བཏང་ཡོད།

  • ཉེ་དུས། ཞིང་ཆེན་མང་པོས2023ལོའི་ལོ་སྨད་ཀྱི་བྱ་གཞག་ཚན་པའི་གདན་ཞུའི་ཡིག་རྒྱུགས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་དང་། ས་ཁུལ་མང་ཆེ་བས་ད་ཐེངས་ཀྱི་གདན་ཞུའི་ཡིག་རྒྱུགས་དེ་ཟླ8པའི་ཚེས26ཉིན་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད།

  • ཚེས30ཉིན་གྱི་ཆུ་ཚོད21བར། ཀྲུང་གོའི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ13དང་། དངུལ་གྱི་རྟགས་མ4དང་། ཟངས་ཀྱི་རྟགས་མ3བཅས་ཀྱི་གྲུབ་འབྲས་ཐོག་ནས་གནས་སྐབས་སུ་ཁྲེང་ཏུའུ་ཡི་སྐབས31པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་བྱ་དགའི་རྟགས་མའི་མིང་ཐོའི་ཨང་དང་པོར་གྱུར་ཡོད།

3.jpg

  • ཚེས30ཉིན། ཧྥུའུ་ཀང་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི4X100ཡི་མཉམ་བསྲེས་ཆུ་རྐྱལ་མཐུད་རྒྱུག་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གིས་སྐར་མ3དང་སྐར་ཆ29ཡི་ཐོག་ནས་དངུལ་གྱི་རྟགས་མ་བླངས་པ་དང་། འབྲེལ་རྣམ་གྲངས་དེའི་ཨེ་ཤེ་ཡའི་ཟིན་ཐོ་གསར་པ་བཏོད་པ་རེད།

  • འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ད་ལོའི་ཟླ་བདུན་པ་དེ་ཟིན་ཐོ་ཡོད་པ་ནས་བཟུང་། ཚ་བ་ཆེ་ཤོས་ཀྱི་ཟླ་བར་འགྱུར་རྒྱུ་རེད་ཅེས་བཤད་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ཉེན་བརྡ་དམར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཧོ་པེའི་མང་ཆེ་བ་དང་། པེ་ཅིང་། ཐེན་ཅིན། ཧྲན་ཤིས་དབུས་བྱང་རྒྱུད་སོགས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་ཀྱི་རེད།

  • ཚེས30ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧོ་ནན་བཅས་ལ་དམིགས་ནས་འབྲུབ་འགོག་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས་པ་རེད།

  • ཧྥུའུ་ཅན་ཞིང་ཆེན་གྱི་འགོག་སྲུང་བཀོད་འདོམས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་མཚོའི་རླུང་འཚུབ“ཏུའུ་སུའུ་རུའེ”ཡིས་ཧྥུའུ་ཅན་གྱི་མི་ཁྲི145ལྷག་ཙམ་ལ་གནོད་འཚེ་ཕོག་པ་དང་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར30ལས་བརྒལ་ཡོད་པ་རེད།

  • ཉེ་ཆར། སྡོད་ཁང་འཛུགས་སྐྲུན་པུས་སྡོད་ཁང་ཐོག་མའི་གཏོང་སྤྲོད་བསྡུར་ཚད་དང་དངུལ་བུན་གྱི་སྐྱེད་ཀ། མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི“ཁང་པ་གཙོ་བོར་འཛིན་པ”སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་སྔར་བས་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་བཤད་པ་རེད།

4.jpg

  • ཚེས30ཉིན། “ཅི་ལིན་ཨང་དང་པོའི(吉林一号)”སྲུང་སྐར41ཡིས་བླངས་པའི“པར་རིས་དང་པོ”ཁྱབ་བསྒྲགས་བྱས་པ་རེད།

  • ཚེས30ཉིན། ཧྲན་ཤིས་ཀྱིས་ཅིན་ཁྲིན་གཏེར་ལས(精诚矿业)ཀྱིས་སྦས་སྐུང་བྱས་པའི་ལས་འཛོལ40དང་། བཟོ་པ43ཤི་བར་བརྡ་ཁྱབ་བཏང་བ་དང་།  གཞུང་ཞབས་མི་སྣ16ལ་བརྟག་དཔྱད་བྱས་པ་རེད།

  • ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པས་ཆུ་འབྲས་ཅིག་གི་ཐོན་འཕར་གྱི་གཞི་རྒྱུ་གལ་ཆེན་ཤེས་རྟོགས་ཐུབ་ནས་ཞན་ཏའོ་ཆུ་འབྲས་ཀྱི་སྣ་ཁའི་ཐོན་འབོར་ཆེས་ཆེར་འཕར་རྒྱུར་སྐུལ་འདེད་ཐུབ་རེ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

5.jpg

  • ཉེ་ཆར། ནང་སོག་གི་པ་ཡན་ཀྲོར་ཨར་ཉེན་རྟོག་ཕྱོགས་ཀྱིས་དྲ་རྒྱ་སྤྱད་དེ་རྒྱན་ར་བཙུགས་པའི་གྱོད་གཞི་ཆེན་པོ་ཞིག་བདེ་བླག་ངང་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན20སྔ་རྗེས་སུ་འཛིན་བཟུང་བྱས་ཤིང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི8600ཟིན་ཡོད།

6.jpg

  • ཁྲུང་ཆིང་གི་རྒན་རྒོན་ཞིག་སེམས་ཆུང་མ་བྱས་པར་ཆུ་ལོག་གིས་ཁུར། གནས་ཚུལ་དེ་མཐོང་བའི་དབྱང་ཙེ་ཧའོ་འཕྲལ་དུ་ཆུའི་ནང་དུ་མཆོངས་ནས་རྒན་རྒོན་སྐྱོབ་ཐབས་བྱས།

སྲིད་ཇུས།

  • ཧོ་པེས(河北)བརྡ་ཐོ་བཏང་ནས་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ། མི་གཅིག་ལས་བསྡུ་བྱས་ནས་སྒོར1500ཚད་གཞི་ལྟར་ཐེངས་གཅིག་ལ་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྤྲོད་རྒྱུ་རེད།

  • ཁྲུང་ཆིང་གི་ཞིབ་སྲོལ་ལ་བཟོ་བཅོས་བྱས་ནས་ཚན་རིག་ཁྱབ་གདལ་གྱི་རྣམ་གྲངས་དེ་སྤྱིར་བཏང་གི་རྣམ་གྲངས་དང་གཙོ་གནད་རྣམ་གྲངས་ལ་དབྱེ་རྒྱུ་དང་།  སྤྱིར་བཏང་རྣམ་གྲངས་ལ་རོགས་དངུལ་སྒོར་ཁྲི10ལས་མི་བརྒལ་བ་དང་། གཙོ་གནད་རྣམ་གྲངས་ལ་རོགས་དངུལ་སྒོར་ཁྲི30ལས་མི་བརྒལ་བ་བྱ་རྒྱུ་རེད།

  • སི་ཁྲོན་གྱིས་བརྡ་ཐོ་བཏང་ནས་ཟླ8པ་ནས་བཟུང་། ཕྲུ་གུའི་ཐེམ་ཐོ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“ཞིང་ཆེན་བརྒལ་ནས་ལས་སྒྲུབ་ཐུབ་པའི”ལས་སྒོ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་དང་། ཆ་རྐྱེན་འཛོམས་པའི་ཞིང་ཆེན་གཞན་གྱི་ཐེམ་ཐོ་ཡོད་པའི་ཡུལ་མི་ཚོས་དངོས་ཡོད་སྡོད་སའི་སྤྱི་བདེ་ལས་ཁུངས་སུ་ཕྲུ་གུའི་ཐེམ་ཐོ་འཛུགས་རྒྱུའི་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

7.jpg

  • ཧོ་པེ(河北)མང་ཆེ་བ་དང་། པེ་ཅིང་། ཐེན་ཅིན། ཧྲན་ཞིའི(陕西)དབུས་བྱང་རྒྱུད་སོགས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། དེའི་ནང་། ཧྲན་ཤིས་ཀྱི་བྱང་ཤར་རྒྱུད་དང་། ཧོ་པེའི་དབུས་རྒྱུད། པེ་ཅིང་གི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་པ་དང་། ཧོ་པེའི་དབུས་རྒྱུད་ཀྱི་རི་ཁུལ་དང་པེ་ཅིང་གི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ནང་སོག་དབུས་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་། ཧོ་ནན་བྱང་རྒྱུད། ཧྲན་ཏུང་གི་ནུབ་བྱང་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཞིན་ཅང་གི་བྱང་ཤར་རྒྱུད་སོགས་སུ་ཁ་ཐོར་རང་བཞིན་གྱི་ཆར་པ་ཆེན་པོ་དང་དྲག་ཆར་འབབ་ཀྱི་རེད།


མཉམ་སྤྱོད།