དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་ཚོགས་ཆེན་ཐུན་རིན་གྲོང་ཁྱེར་དུ་འཚོགས།

2023-07-31 21:43:25   |   2489

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་།


དཀའ་སྤྱད་འབད་བརྩོན་གྱི་ལོ་ངོ70། གྲུབ་འབྲས་རྨད་བྱུང་གི་ལེའུ་གསར་པ། ཟླ7པའི་ཚེས30ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་ཚོགས་ཆེན་ཐུན་རིན་གྲོང་ཁྱེར་ཁུལ་ལུས་རྩལ་ར་བ་ནས་འཚོགས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་གཉེར་ཨུ་ཡོན་ཆིན་དབྱི་ཀྲི་དང་། ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའམ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན། ཐན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲང་ལིང་། ཧུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞང་ཞི་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀུའོ་ཀྲེང་ཀུའེ། རིག་གནས་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཟུར་པའམ་པུའུ་ཀྲང་གཞོན་པ་ཀྲའོ་ཧྲའོ་ཧྭ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ལི་ཞོན་ཧྲེང་བཅས་ཚོགས་ཆེན་ལ་ཞུགས། 

0.jpg

རྨ་ལྷོ་ནི་གནའ་བོའི་དུས་ནས་མི་རིགས་ཀྱི་བརྒྱུད་ལམ་དང་བོད་སྐྱོང་གི་རྟེན་ས་ཡིན་ལ། ཆུ་མགོའི་ལྟེ་བ་དང་ཆིན་གསུམ་གྱི་མུད་ཐག་ལྟ་བུ་ཡིན་པས། གོ་གནས་དམིགས་བསལ་ལྡན་ལ་ཤིན་ཏུ་གལ་ཆེ། རི་ཆུའི་རྨ་ལྷོ་དང་རིག་འབྱུང་རྨ་ལྷོ། བདེ་སྐྱིད་ཀྱི་རྨ་ལྷོ། སྡུག་རུས་བློ་སྤོབས་ལྡན་པའི་རྨ་ལྷོའི་རིགས་སོ་སོའི་ན་གཞོན་ཕོ་མོ་རྣམས་ཀྱི་ལུས་ལ་འཆོར་གོས་ཀྱིས་བརྒྱན་པ་དང་གནས་འདིར་ལྷན་གཅིག་འཛོམས་ཤིང་། གླུ་ལེན་གར་འཁྲབ་སྒོས་ཕྱོགས་བརྒྱད་ཀྱི་མགྲོན་པོ་བསུས་པ་དང་། དགའ་སྟོན་གྱི་སྤྲོ་བ་དང་ཞི་མཐུན་ལ་མཉམ་རོལ་བྱས། སྔ་དྲོའི་ཆུ་ཚོད9དང་སྐར་མ30ཐོག སྤྲོ་དགས་ཕྱུག་པའི་རོལ་དབྱངས་དང་སྡོངས་ནས། རྨ་ལྷོ་ཁུལ་གྱི་ལོ་ངོ70གཟི་བརྗིད་ལྡན་པའི་གྲུབ་འབྲས་དང་རིགས་སོ་སོའི་ན་གཞོན་རྣམས་ཀྱིས་འབད་འཐབ་ལ་དྲིན་གཟོ་བའི་རུ་དཔུང་རིམ་པ་བཞིན་ཚོགས་རར་སླེབས། ཐམས་ཅད་ཚོགས་རར་སླེབས་རྗེས། རྟེན་འབྲེལ་ཚོགས་ཆེན་དངོས་སུ་མགོ་བརྩམས། གུས་ལུགས་མེ་སྒྱོགས་ཐེངས70གྲགས་པ་དང་ལྷན་དུ། རྒྱལ་དར་སྲུང་དམག་རུ་ཁག་གིས་འགྲོས་མཉམ་ལ་སྟོབས་དང་ལྡན་པའི་གོམ་སྟབས་སྤོ་བཞིན་རྒྱལ་དར་བསྐྱལ་ནས་ཚོགས་རར་སླེབས། ཚོགས་ར་ཡོངས་ཞི་འཇགས་སྒོས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། མངོན་པར་གསལ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་ཡར་འཕགས། 

2.jpg

ཆིན་དབྱི་ཀྲི་ཡིས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་འཐུས་ཚབ་ཚོགས་པའི་ཚབ་མཛད་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ཁུལ་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་དཔོན་དམག སྤྱི་བདེ་ལས་བྱེད་ཉེན་རྟོག་བཅས་ལ་དགའ་སྟོན་རྟེན་འབྲེལ་ཞུས་ཤིང་། ལོ་ངོ70རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྨ་ལྷོ་ཁུལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ངོ་མཚར་བའི་གྲུབ་འབྲས་བླངས་པར་གདེང་འཇོག་མཐོན་པོ་གནང་། ཁོང་གིས་རྨ་ལྷོ་ཁུལ་བཙུགས་པ་ནས་བཟུང་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་ནི་མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་གྱི་རྩ་བའི་ཁག་ཐེག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་ལ་གཞན་གྱིས་བསྒྲུན་དུ་མེད་པའི་དགེ་མཚན་ལྡན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ལ་སྟོབས་དང་ལྡན་པའི་ཁོངས་ཡངས་རང་བཞིན་དང་འདུས་ཤུགས་ཆེན་པོ་ཡོད་པ་བཅས་བདེན་དཔང་བརྟན་པོ་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐའ་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐའ་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་ཐོག་མཐའ་བར་གསུམ་དུ་ཁུལ་ཡོངས་ཀྱི་ལས་དོན་ཀྱི་གཙོ་སྐུད་དུ་འཛིན་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་ཡོད་པའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ་དང་རིགས་སོ་སོའི་མི་རིགས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། རིགས་སོ་སོ་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་མཐོར་འདེགས་པ་བཅས་ཀྱི་ཐོག་དཔེ་སྟོན་ལེགས་པར་བསྒྲུབས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་དུ་འགྱུར་བར་རྨ་ལྷོའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས། 

3.jpg

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་དམག་ཁུལ་བཅས་ཀྱི་ཚབ་བྱས་ནས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། རྨ་ལྷོ་ཁུལ་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་བཅའ་སྡོད་དམག་གི་བཀོད་འཐབ་པ། དྲག་ཆས་དཔོན་དམག རིགས་སོ་སོའི་ལས་རིགས་ཁག་གི་མི་སྣར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་དང་འཚམས་འདྲི་ཞུས། བརྩེ་བ་རྨ་ལྷོར་འབྲེལ་ཞིང་སྒེར་སེམས་མེད་པར་བློས་གཏོང་བྱེད་མཁན་གྱི་ལས་འཁྱེར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྒྱ་ཆེ་བའི་ལས་བྱེད་པ་དང་རྨ་ལྷོའི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་བྱ་གཞག་ལ་བྱས་རྗེས་བཞག་པའི་རིགས་སོ་སོའི་ལས་རིགས་ཁག་གི་གྲོགས་པོར་གུས་འདུད་བླ་ན་མེད་པ་དང་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་རྨ་ལྷོའི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་བྱེད་པ་དང་འདུ་ཤེས་རིམ་སྤོར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་རིམ་ཁྲོད་མཉམ་དུ་ཞུགས་དགོས། མི་རིགས་ས་གནས་རང་སྐྱོང་ལམ་ལུགས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་སྐུད་དུ་བཟུང་ནས། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་ལས་ལྷག་པར་སྲ་བརྟན་འཕེལ་རྒྱས་གཏོང་དགོས། དུས་རབས་གསར་པའི་ཏང་གི་སྲིད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་དམིགས་ནས་སྲུང་སྐྱོང་ལེགས་པོ་བྱེད་པ། ཁྱད་ལྡན་དཔལ་འབྱོར་ཧུར་ཐག་གིས་འཕེལ་རྒྱས་བཏང་ནས། ཐོན་ཁུངས་ཀྱི་དགེ་མཚན་དེ་དངོས་ཡོད་ཀྱི་དཔལ་འབྱོར་དགེ་མཚན་དུ་འབད་པས་བསྒྱུར་དགོས། གོ་སྐབས་དམ་འཛིན་དང་གོ་སྐབས་ལེགས་པར་སྤྱོད་པ། རྒྱ་སྐྱེད་མདུན་སྐྱོད་དང་ལས་དོན་ནན་ཏན་གཉེར་བ། འབད་འཐབ་བྱས་ཡོད་ཀྱི་ཉམས་འགྱུར་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྨ་ལྷོ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་བཤད། 

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་སྐུལ་འདེད་སིའི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཧའེ་ཆིན་གྱིས《རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤིས་ཚིག་གློག་འཕྲིན》སྒྲོག་འདོན་བྱས། ཞིང་ཆེན་ཏང་སྲིད་དམག་གི་འཐུས་མི་ཚོགས་པའི་དྲུང་ཡིག་ཆེན་མོའམ་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་ཝུའུ་ཏུ་ཅུན་གྱིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་དམག་ཁུལ་བཅས་ཀྱི་ཤིས་འཕྲིན》སྒྲོག་འདོན་བྱས། རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲན་མིང་གིས་ཤིས་ཚིག་ཕུལ། རིགས་སོ་སོའི་མང་ཚོགས་ཀྱིས“དར་རྒྱས་ཆེ་བའི་རྨ་ལྷོའི་ལེའུ་མུ་མཐུད་དུ་རྩོམ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་རིག་རྩལ་འཁྲབ་སྟོན་འཁྲབ། 

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་དང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་ཁེ་ལས་ལས་དོན་ལས་ཁུངས། མཐོ་རིམ་སློབ་གྲྭ། དངུལ་ལོར་སྒྲིག་གཞི་བཅས་ཀྱི་འགན་འཁུར་བློ་མཐུན། ཐེན་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ས་ཁུལ་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། འདབས་འབྲེལ་ས་ཁུལ་གྱི་འཐུས་ཚབ་ཚོགས་པའི་མགོ་ཁྲིད་སོགས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས། ། 


མཉམ་སྤྱོད།