དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-01 07:06:17   |   2846

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

2.jpg

  • ཀྲུང་དབྱང་དམག་ཨུས་ཧྲང་ཅང(上将)དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་ཟླ7པའི་ཚེས31ཉིན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་གནས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར“དཔེ་བཟང་གནམ་མཆོང་དམག་ཤོག(模范空降兵连)”གི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་འབྲེལ་བརྒྱད་གཅིག་དམག་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

  • ཟླ8པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཨང15པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྟེ《རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་ཡོང་བ་བྱེད་དགོས》ཞེས་པ་དེ་སྤེལ།

  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ལྷན་གཞུང་ལས་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》ཞེས་པའི་དེབ་དེ་མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡིས་མཉམ་འབྲེལ་ཐོག“དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡག་ཤོས”13ཡོངས་བསྒྲགས་བྱས་པ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་བའི་སྐོར་གྱི་བྱེད་ཐབས》ཟླ7པའི་ཚེས31ཉིན་ཁྱབ་བསྒྲགས་བྱས་པ་རེད།

  • ཚོང་དོན་པུའུ་དང་། འགག་སྒོ་སྤྱི་ཁྱབ་ཧྲུའུ། རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུ། ཀྲུང་དབྱང་དམག་ཨུའི་གོ་མཚོན་འཕེལ་རྒྱས་པུའུ་བཅས་ཀྱིས་ཟླ7པའི་ཚེས31ཉིན་མཉམ་འབྲེལ་ཐོག་སྤྱི་བསྒྲགས་གཉིས་ཁྱབ་བསྒྲགས་བྱས་ནས་མི་མེད་གནམ་གྲུ་དང་དེ་བཞིན་འབྲེལ་ཡོད་དངོས་ཟོག་ཁག་གཅིག་ལ་ཕྱིར་གཏོང་དོ་དམ་བྱས་ཡོད།

  • ཟླ7པར། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི(采购经理)སྟོན་གྲངསPMI 49.3%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.3འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་རང་རྒྱལ་གྱིས་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་དུང་ཕྱུར43.2ཟིན་པ་དང་། དུས་མཚུངས་ལས56.3%འཕར་ཡོད།

3.jpg

  • ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་ཚན་ཞིབ་སྦྱོང་བརྡར་ལྟེ་གནས་ཀྱིས་ཟླ7པའི་ཚེས31ཉིན་པེ་ཅིང་འཇིག་རྟེན་འཕུར་སྐྱོད་གྲོང་དུ་ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་དང་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ་རེད། ཧྥེ་ཅུན་ལུང་དང་། ཏེང་ཆིང་མིང་། ཀྲང་ལུའུ་བཅས་འཇིག་རྟེན་འཕུར་སྐྱོད་པ་གསུམ་བར་སྣང་ནས་ཕྱིར་ལོག་བྱས་ནས་ཉིན57སོང་རྗེས་དངོས་སུ་ཡོངས་བསྒྲགས་བྱས་པ་རེད།

  • རྒྱལ་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མཁའ་དམག་མཉམ་འབྲེལ་སྦྱོང་བརྡར་ཐེངས་དང་པོ་བྱ་རྒྱུ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲག་ཆར་གྱི་ཉེན་བརྡ་དམར་པོ་ཁྱབ་བསྒྲགས་བྱས་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་སུ་དེ་རིང་སྔར་བཞིན་ཆར་པ་ཆེན་པོ་འབབ་ཀྱི་རེད།

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང6པ“ཁ་ནུའོ”རང་རྒྱལ་གྱི་རྒྱ་མཚོའི་ཁོངས་དང་ཉེ་བར་འགྲོ་བཞིན་ཡོད། སྔོན་དཔག་བྱས་ན་དེ་རིང་ཉིན་མོར་ཤར་རྒྱ་མཚོའི་ཤར་ལྷོའི་རྒྱུད་དུ་སྨི5ནས7བར་གྱི་རྦ་རླབས་ཆེན་པོ་ཐོན་རྒྱུ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་གཉིས་པར་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་མི་ཐེངས་ཁྲི2854.13ཐད་ཀར་རྩིས་ཞུ་བྱས་པ་དང་མི་སྒེར་གྱིས་སྤྲོད་དངུལ་སྒོར་དུང་ཕྱུར394.1ཉུང་དུ་ཕྱིན་ཡོད་པ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བྱས་ན་ཆན་ཝ་ཆུ་ཚོད་དུང་ཕྱུར43076ཟིན་པ་དང་། དུས་མཚུངས་ལས5.0%འཕར་ཡོད།

  • ད་ལོའི་ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་བཅུ་ཆ་དགུ་ཙམ་གྱིས་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་ཆས་བསྐྲུན་ཡོད་པ་རེད།

  • ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་འབྲེལ་ཚོགས་པས་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས། “ཀྲུང་གོའི་གནམ་མིག”FASTཡིས་ཁབ་ལེན་སྲུང་སྐར་གྱི་གློག་འཕེན་མགྱོགས་མྱུར་ལམ་སྲོལ་གྱི་ཁྱད་ཆོས་གསལ་སྟོན་བྱས་ཡོད།

4.jpg

  • རང་རྒྱལ་གྱིས་བཟོས་པའི“ལྷ་གྲུ་གསར་པ”60རྟགས་ཅན་གྱི་མེ་གསོད་གནམ་གྲུ་ཉེ་ཆར་ལས་སྟེགས་ཀྱི་ཚོད་ལྟའི་འཕུར་སྐྱོད་ཐོག་མ་ལེགས་གྲུབ་བྱུང་ཡོད།

  • ཡུན་ནན་པའོ་ཧྲན་ཉེན་རྟོག་ཕྱོགས་ཀྱིས་ཉེ་ཆར་དུག་རྫས་སྐྱེལ་འདྲེན་གྱོད་གཞི་ཞིག་རྩད་ཆོད་པ་དང་། དུག་སྤྱི་རྒྱ80ལྷག་ཙམ་སྤྲད་པ་རེད།

5.png

  • ཧྲན་ཏུང་ཅི་ནན་གྱི་རྒན་རྒོན་ཞིག་དྲག་ཆར་ཁྲོད་དུ་ཁུར་ནས་ཡར་ལངས་ཐབས་བྲལ་བ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཀྲང་ལེ་ཡིས་འགྲུལ་པའི་མོས་མཐུན་ཐོབ་རྗེས་རླངས་འཁོར་གྱིས་ཆུ་རྒྱུན་བཀག་པ་དང་། ལམ་འགྲོ་བ་དང་མཉམ་དུ་རྒན་རྒོན་བསྐྱབས།

སྲིད་ཇུས།

  • ཐེན་ཅིན་གྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

  • ཀན་སུའུ་ཡིས་སྲིད་ཇུས་བཏོན་ནས་ཆ་རྐྱེན་འཛོམས་པའི་དཀའ་ངལ་ཡོད་པའི་སློབ་ཆེན་མཐར་ཕྱིན་སློབ་མར་གཏན་འབེབས་ལྟར་མི་རེར་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཁ་གསབ་སྒོར1000སྤྲད་པ་རེད།

  • བོད་ལྗོངས་ཀྱིས་ཟླ8པའི་ཚེས1ཉིན་ནས་བཟུང་ཟླ་རེ་བཞིན་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་མ་སྐྱེད་འཇལ་རྒྱུར་སྤྱོད་ཆོག་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

5.jpg

  • ཧོ་པེ་དང་། པེ་ཅིན། ཐེན་ཅིན། ཧོ་ནན་བྱང་རྒྱུད་དང་ནུབ་རྒྱུད། ཧུའུ་ནན་གྱི་དབུས་བྱང་རྒྱུད། ཅང་ཞི། ཧུའུ་པེའི་དབུས་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ནང་སོག་གི་དབུས་རྒྱུད་དང་། ཧོ་པེའི་དབུས་བྱང་རྒྱུད། པེ་ཅིན་ནུབ་རྒྱུད་དང་བྱང་རྒྱུད། ཧོ་ནན་བྱང་རྒྱུད་དང་ནུབ་རྒྱུད། སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད། ཁྲུང་ཆིང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།