དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས“བརྒྱད་གཅིག”གི་སྔོན་དུ་ཁུལ་གྱི་བཅའ་སྡོད་དཔོན་དམག་དང་མེ་ཟོན་བཀོད་འཐབ་པར་འཚམས་འདྲི་གནང་།

2023-08-01 09:06:39   |   2374

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


 2222.jpg

ཟླ7པའི་ཚེས31ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ96འཁོར་བ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་སྐབས་སུ།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་མཚོ་བྱང་ཡན་ལག་དམག་ཁུལ་དང་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་ཕྱིན་ནས་ཁུལ་གྱི་བཅའ་སྡོད་དཔོན་དམག་དང་མེ་ཟོན་བཀོད་འཐབ་པར་བདེ་འདྲིར་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

1.jpg

 ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་ཤ་བོ་སྐྱབས་ཀྱིས་མེ་ཟོན་རོགས་སྐྱོབ་སྒྲིག་ཆས་ཀྱི་ནུས་པ་དང་བཀོལ་སྤྱོད་བེད་སྤྱོད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། ཁོང་གིས་བསྟན་དོན།  ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱས་ཏེ། མེ་ཟོན་གེགས་འགོག་དང་མེ་གསོད་རོགས་སྐྱོབ་སོགས་ཀྱི་ལས་འགན་མཐའ་གཅིག་ཏུ་སྤེལ་བ་དང་། སྣ་སོ་སོའི་ལས་དོན་ཡོངས་འགྲུབ་བྱས་ནས་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཚེ་སྲོག  རྒྱུ་ནོར་བདེ་འཇགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།   ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་རྒྱུན་བཞིན་མེ་ཟོན་ཉིང་ལག་རུ་ཁག་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉིང་ལག་རུ་ཁག་དང་བཀོད་འཐབ་པར་དཀའ་ངལ་སེལ་རོགས་དང་།  རྒྱ་ཆེའི་མེ་ཟོན་བཀོད་འཐབ་པ་མཚོ་བྱང་དུ་རྐང་ཚུགས་པ་དང་མཚོ་བྱང་ལ་ཞབས་འདེགས་ཞུ་རྒྱུར་ཆ་རྐྱེན་དེ་བས་ལེགས་པ་གཏོད་རྒྱུ་ཡིན་ཞེས་བཤད། ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མུ་མཐུད་དུ་དར་སྤེལ་བཏང་ནས“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་བརྟན་དུ་གཏོང་བ་དང་། ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འཇོན་ཐང་དཀའ་སྤྱད་སྦྱོང་བརྡར་ཏན་ཏིག་བྱེད་པ།  འཕྲལ་སྡོམ་དངོས་འཐབ་ནང་སྦྱོང་ཏན་ཏིག་བྱེད་པ།  ཁྱོན་ཡོངས་ནས་ཕྱོགས་བསྡུས་འཕྲལ་བསྟུན་རོགས་སྐྱོར་ནུས་པ་མཐོར་འདེགས་བྱེད་པ། མང་ཚོགས་དགོས་མཁོ་འཕྲད་དུས་མྱུར་དུ་གདོང་མཆོང་བྱེད་པ་དང་གེགས་སེལ་བྱེད་པར་འགན་ལེན་བྱེད་དགོས་པ་མ་ཟད། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོར་ཞབས་ཞུ་དང་འགན་སྲུང་མཁོ་འདོན་བྱེད་དགོས་པ་བསྟན།

2.jpg

 མཚོ་བྱང་ཡན་ལག་དམག་ཁུལ་དུ་ཀྲང་ཧྲིང་ཡོན་གྱིས་ཡན་ལག་དམག་ཁུལ་གྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ལ་ཞུགས་པ་དང་དེར་རྒྱབ་སྐྱོར་བྱས་ཤིང་། ལྷག་པར་དུ་རིམས་ནད་འགོག་རྒོལ་དང་། ཉེན་སེལ་གེགས་སེལ། གྲོང་གསེབ་དར་རྒྱས། སྐྱེ་ཁམས་བཅོས་སྐྱོང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད། ལག་གདང་སྦྲེལ་ནས་གཉིས་བཀུར་དཔེ་བཟང་གཏོད་པ་སོགས་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་རྒྱུན་བཞིན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། བཅའ་སྡོད་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་དམག་སྲིད་འབྲེལ་བ་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད། ཁུལ་གྱི་བཅའ་སྡོད་དཔུང་དམག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱེད་པ། སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། གཉིས་བཀུར་ལས་དོན་གྱི་བཅོས་བསྒྱུར་གསར་སྤེལ་དང་དུས་བསྟུན་ལྷན་སྐྱོད། སྔར་བས་བཟང་བའི་རྒྱལ་གཅེསསྤྲོ་སེམས་སྐུལ་སྤེལ་བྱེད་པར་རེ་བ་ཡོད་ཟེར།

3.jpg

ཁུལ་ཨུ་དང་དང་ཁུལ་སྲིད་གཞུང་གི་མངགས་བཅོལ་ལྟར་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་དྲག་ཆས་ཉེན་རྟོག་མཚོ་བྱང་ཉིང་ལག་རུ་ཁག་ཏུ་ཕྱིན་ནས་དྲག་ཆས་ཉེན་རྟོག་མཚོ་བྱང་ཡན་ལག་རུ་ཁག་གི་དཔོན་དམག་ལ་འཚམས་འདྲི་གནང་བ་དང་འབྲེལ་དུས་ཆེན་གྱི་འཚམས་འདྲི་ཞུས།

4.jpg

ཝང་ཡུང་ཁྲང་དང་། ལིའུ་ཏུང་། མཱ་ཕུའུ་བཅས་དང་དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་རུ་འཁྱུར་དམག་མི་ལས་དོན་ཅུའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་འཚམ་འདྲིའི་བྱེད་སྒོར་ཞུགས།


མཉམ་སྤྱོད།