དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རིག་གནས་གསར་རྩོམ་ཐོན་རྫས་ཀྱི་འོས་སྦྱོར་ཚོགས་འདུ་འཚོགས།

2023-08-01 11:08:38   |   377

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   མཚོ་བྱང་སྨྱན་གསར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


000.jpg

   微信图片_20230710111932.png

 ཟླ7པའི་ཚེས31ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རིག་གནས་གསར་གཏོད་ཐོན་རྫས་འོས་སྦྱོར་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་འདུའི་ཐོག  རིག་གནས་གསར་རྩོམ་དཔེ་ཚོགས་ཚོགས19དང་། ལག་ཤེས་བཟོ་རྩལ་ཐོན་རྫས70ལྷག  པར་དེབ3བཅས་འོས་སྦྱོར་བྱས།

2.jpg

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ། ཁུལ་ཨུའི་རྒྱུན་ཨུ།  དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། རྩ་འཛུགས་པུའུ་ཀྲང་སི་ཅི་ཧྲེང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཞུས་ཡུང་ཀུང་དང་། ལི་ཞུས་ཀྲེན།  བན་བཀྲ་ཤིས་དོན་འགྲུབ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་། མཱ་རུའུ་ཞང་། ཧྭ་ཝུན་ཞུག   ཧྭན་ཧྲི།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལེན་དང་ཞི་རོས་ཞིན་བཅས་འོས་སྦྱོར་ཚོགས་འདུར་ཞུགས།

3.jpg

གཡུ་སྒྲོན་མཚོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གནས་གསར་རྩོམ་དང་གསར་བཏོད་ཐོན་རྫས་གཅིག་གྱུར་ཐོག་འོས་སྦྱོར་བྱས། 

འོས་སྦྱོར་བྱས་པའི་རིག་གནས་དཔེ་ཚོགས་ནི་མཚོ་བྱང་གི་ལོ་ངོ70འགྱུར་ལྡོག》དང་།《ཉིང་རྡུལ་བྱ་གཞག་གི་ལྷག་བསམ་རྣམ་དག་གི་སྲུང་སྐྱོང་མཁན》《མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན》《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་རྒྱུས》《མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ལོ་རྒྱུས》《མཚོ་བྱང་བོད་རིགས་ཀྱི་ལོ་བརྒྱའི་དངོས་བྲིས》དེབ་གཉིས།《མཚོ་བྱང་ཁུལ་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་དང་གནས་བབ》《མཚོ་བྱང་སོག་རིགས་ཀྱི་དམངས་སྲོལ་རིག་གནས》《གསེར་དངུལ་ཐང221རྟེན་གཞིའི་འབྲོག་པའི་རུ་སྤོར་དངོས་བྲིས》 《ཀྲུང་གོའི་ཐོག་དང་པོའི་རྡུལ་ཕྲན་མཚོན་ཆ་ཞིབ་བཟོའི་རྟེན་གཞིའི་གནས་ཤུལ》《སྔོན་ཐོན་མི་སྣའི་མཛད་རྗེས་ཕྱོགས་བསྒྲིགས》《གསར་བརྗེའི་བག་ཆགས221》《བརྗེད་མི་རུང་བའི་རྒྱལ་ཁབ་ཀྱི་དྲན་ཤེས》《མའོ་ཙེ་ཏུང་གི་རྟོགས་བརྗོད》བོད་ཡིག་པར་གཞི།《མའོ་ཙེ་ཏུང་གི་སྙན་ཚིག་ཕྱོགས་བསྒྲིགས》(བོད་རྒྱ་ཤན་སྦྱར།)《མཚོ་བྱང་གི་གེ་སར་རིག་གནས》(བོད་རྒྱ་ཤན་སྦྱར)《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་མུ་འབྲེལ་དཔེ་ཚོགས》དེབ་གཉིས་བཅས་ཡིན།

རིག་གནས་གསར་གཏོད་ཐོན་རྫས་ནི《རྒྱ་ཆེའི་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པ》ཞེས་པའི་པར་དེབ་དང་།《མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོའི་སྦྲག་དེབ།》འཇུ་ལག་རྫོང་གི་བཀྲ་ཤིས་གཡང་རྟགས། ལོ70འཁོར་བའིTཕུ་ཐུང་།《ཕུགས་འདུན་དོན་གཉེར་གྱི་དུས་རབས》ཞེས་པའི་པར་དེབ། རུ་འཁྱུར་དམག་མིའི་དྲན་གསོའི་རྟགས་མ། ལག་ཤེས་བཟོ་རྩལ་གྱི་མ་དཔེ། དགོ་མར་གྱི་བཀྲ་ཤིས་གཡང་རྟེན། གསེར་ཉའི་མཚན་རྟགས། རྐང་ཚའི་ཁྱད་ཆོས་ལྡན་པའི་རྗེས་དྲན་ཤོག་སྒོར།  འཁྱག་སྒམ་སྦྱར་ཡིག  སྟག་རིས་རྡོ་བརྐོས།  གོང་སྨན་རྒྱལ་མོའི་གདོང་འབག  སྤྱང་མགོའི་སྐ་རགས།  གོང་སྨན་རྒྱལ་མོའི་སྐུ་གཟུགསTཕུ་ཐུང་། ཀོ་སྒམ།  གཙག་དྲུབས། ཟངས་སྐུད་ལག་ཤེས་ཐོན་རྫས་སོགས་ཡིན།

4.jpg

གོང་གི་རིག་གནས་གསར་རྩོམ་དང་གསར་གཏོད་ཐོན་རྫས་ཀྱིས་རང་སྐྱོང་ཁུལ་བཙུགས་ནས་ལོ70རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཕྱོགས་ཡོངས་ནས་མཚོན་ཡོད་པ་དང་། མཚོ་བྱང་གི་མི་རིགས་ཁག་གི་བུ་ཕྲུག་གིས་མཐུན་སྒྲིལ་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་བསམ་པའི་ཉམས་འགྱུར་དངོས་སུ་མཚོན་ཡོད།  

5.jpg

ཁུལ་ཨུའི་སྡེ་ཚན་ཁག་དང་། ཁུལ་ཐད་གཏོགས་ལས་ཁུངས་ཁག་གི་ཏང་ཙུའུ(ཏང་ཨུ)། མང་ཚོགས་ཚོགས་པ་ཁག་གི་ཏང་ཙུའི་འགན་འཁུར་བློ་མཐུན་གཙོ་བོ་གདན་ཞུས་ལྟར་འོས་སྦྱོར་ཚོགས་འདུར་ཞུགས། ཚོགས་ཞུགས་མི་སྣས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རིག་གནས་གསར་གཏོད་ཐོན་རྫས་དང་མུ་འབྲེལ་དཔེ་ཚོགས་ལ་ལྟ་སྐོར་བྱས།


མཉམ་སྤྱོད།