དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-02 07:42:17   |   1388

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

  • ཟླ8པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་རང་སྲོག་གཅོད་པའི་རྣམ་པའི་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཐོན་པར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  • ཀྲུང་དབྱང་དམག་ཨུས་ཆོག་མཆན་ཐོབ་པ་བརྒྱུད།《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་རྩ་གནད(2023ལོའི་པར་གཞི)》དམག་ཡོངས་ལ་པར་འགྲེམས་བྱས་ཡོད།

  • ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུས《དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་ནས་དམག་དཔུང་གི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས་དམག་ཡོངས་ཀྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཟླ8པའི་ཚེས1ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རུ་འཁྱུར་དམག་མི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། རྒྱལ་ཡོངས་གཉིས་བཀུར་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག2023ལོའི“དམག་བཀུར་མི་སྣ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ་རེད།

  • ཟླ7པའི་ཚེས31ཉིན་བར། དབྱར་གསེང་སྐྱེལ་འདྲེན་བྱས་ཚུན་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར4.06སྐྱེལ་འདྲེན་བྱས་ཡོད།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས0.4%འཕར་ནས་ཟླ་བ་གསུམ་ལ་བསྟུད་མར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

  • ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་དྲ་འཕྲིན་མ་ལག་གིས་རིམ་རྩིས་བྱས་ན་དྲ་ཚིགས་5518ལ་ཁ་ཆད་གྲོས་མོལ་བྱས་ཡོད།

2.jpg

  • ཨ་རིས་ཐའེ་དབན་ལ་རིན་ཐང་ཨ་སྒོར་དུང་ཕྱུར3.45དམག་དོན་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། རྒྱལ་སྲུང་པུས་ལན་བཏབ་དོན། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཨ་རི་ཕྱོགས་ལ་དྲང་ནན་གྱི་ལྟ་ཚུལ་སྟོན་པ་ཡིན་ཞེས་སྐད་ཆ་བཤད་པ་རེད།

སྤྱི་ཚོགས།

3.jpg

  • ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ཆུ་ལོག་གི་སྔོན་བརྡ་བཏང་བ་སྟེ། དེ་རིང་། ཅི་ལིན་བྱང་རྒྱུད་དང་ཧེ་ལུང་ཅང་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད།

  • ཉེ་དུས། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ས་ཁུལ་དུ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེར་དམིགས་ནས་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་མ་དངུལ་སྒོར་དུང་ཕྱུར1.1བཏང་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་འབྲུབ་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད།

  • ཟླ8པའི་ཚེས1ཉིན་གྱི་ཆུ་ཚོད6པའི་བར། པེ་ཅིང་དུ་དྲག་ཆར་བབས་ནས་མི་11རྐྱེན་ལམ་དུ་ཤོར་བ་དང་རེས་སྐོར་དེའི་གནོད་འཚེའི་གནས་ཚུལ་རིམ་རྩིས་བྱས་ན་པེ་ཅིང་གི་ཆུས13གྱི་མི44673ལ་གནོད་འཚེ་ཕོག་ཡོད་པ་རེད།

4.jpg

  • ཟླ7པའི་ཚེས31ཉིན། པེ་ཅིང་མེ་ཟོན་མི་སྣ་ཧྥེང་ཀྲེན་ཉེན་སེལ་གེགས་སེལ་ཁྲོད་སྐུ་གཤེགས་པ་དང་ལོ30ལས་སླེབས་མེད།

  • ཟླ8པའི་ཚེས1ཉིན་གྱི་ཆུ་ཚོད12བར། ཧོ་པེ་རུ་དྲག་ཆར་བབས་ནས་མི་ཁྲི54ལྷག་ཙམ་ལ་གནོད་འཚེ་ཕོག་པ་དང་། གནོད་འཚེའི་རྐྱེན་གྱིས་མི9རྐྱེན་ལམ་དུ་ཤོར་བ་དང་མི6གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

  • པེ་ཅིང་ལྕགས་ལམ་གྱིས་ཟླ8པའི་ཚེས1ཉིན་བརྡ་ཁྱབ་བཏང་བར་གཞིགས་ན། དྲག་ཆར་གྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་ལམ་བར་དུ་ལུས་པའི་མེ་འཁོར་ཐེངས་K396དང་། ཐེངསZ180  ཐེངས K1178བཅས་ཀྱི་འགྲུལ་པ་དང་ཞབས་ཞུ་མི་སྣ2700ལྷག་ཚང་མ་བདེ་འཇགས་ཡིན་པ་རེད།

  • ཉིན་ཤས་གོང་། རྒྱལ་ཁབ་ཀྱིས་ཁག་བརྒྱད་པའི་སྨན་རྫས་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་པའི་འདེམས་སྒྲུག་བྱས་འབྲས་རྒྱལ་ཡོངས་སུ་དོན་འཁྱོལ་བྱས་ནས་ལག་བསྟར་བྱས་པ་དང་། ཁག་འདིའི་ནང་སྨན་རིགས39འདེམས་སྒྲུག་བྱས་པ་དང་། རིན་གོང་ཆ་སྙོམས་ཆག་ཚད56%ཟིན་ཡོད།

5.jpg

  • ཉེ་ཆར། ལུང་ཞིན་ཀྲུང་ཁོའོ(龙芯中科)ཡིས་རབས་གསར་པའི་ཐག་གཅོད་ཆས་ལུང་ཞིན(龙芯)3A6000ཞིབ་བཟོ་ལེགས་གྲུབ་བྱུང་ཡོད།

6.jpg

  • ལོ10སོང་རྗེས། ཡུན་ནན་ཀུང་ཧྲན(贡山)དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རྩི་ཤིང་ནན་ཏིས་ཧྲོ་ལན(暖地杓兰)སླར་ཡང་མངོན་ཡོད།

སྲིད་ཇུས།

  • ཀྲེ་ཅང(浙江)གིས་སྡོད་གནས་གཞིས་ཆགས་ཆ་རྐྱེན་གྱི་ཚོད་འཛིན་ལྷུག་ཏུ་བཏང་ནས་ཧང་ཀྲོའུ(杭州)གྲོང་ཁྱེར་གྲོང་ཁུལ་གྱི་སྐར་བསགས(积分)གཞིས་ཆགས་མི་གྲངས་ཀྱི་ཚོད་འཛིན་མེད་པ་བཟོས། ས་ཁུལ་གཞན་དག་གི་སྡོད་གནས་ལོ་ཚད་ཐུང་དུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད།

  • ཧྥུའུ་ཅན(福建)གྱིས་མི་སྤྱོད་ཚན་པས་སློབ་གྲྭ་ནས་ཁ་བྲལ་ནས་ལོ་གཉིས་ནང་ལས་ཞུགས་མ་ཐུབ་པའི་སློབ་ཆེན་མཐར་ཕྱིན་སློབ་མ་བསྡུ་སྤྱོད་བྱས་པ་དང་ཆ་རྐྱེན་འཛོམས་ཚེ། མི་རེར་སྒོར1500ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཁ་གསབ་ལོངས་སྤྱོད་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

  • ཧྲན་ཤིས(陕西)ཀྱིས་ཞིབ་སྲོལ་བཏོན་ནས་སྤྱི་ཚོགས་འགན་བཅོལ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ་ར་སྤྲོད་བྱུང་ཚེ། ཐེར་འདོན་བྱེད་མཁན་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི10སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

7.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་རྒྱུད། བྱང་རྒྱུད། ཅི་ལིན་གྱི་དབུས་བྱང་རྒྱུད། ཧོ་པེའི་དབུས་རྒྱུད་དང་བྱང་རྒྱུད་ཀྱི་རི་བོ། པེ་ཅིན་གྱི་ལྷོ་རྒྱུད་དང་བྱང་ཤར་རྒྱུད་བཅས་དང་དེ་བཞིན་སི་ཁྲོན་གྱི་ཤར་རྒྱུད་དང་། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཡུན་ནན་གྱི་དབུས་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།