དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

༄༅། ། རྟེན་འབྲེལ་ཞུ་འཕྲིན།

2023-08-03 10:21:52   |   390

 ཡོང་ཁུངས།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་།     ལོ་ཙཱ།  མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས།   རིན་ཆེན་ཚེ་རིང་།


微信图片_20230803090741.jpg

1.jpgམཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་དང་ཞིང་ཆེན་མི་དམངས་སྲིད་གཞུང་། དེ་གཉིས་བརྒྱུད་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དུས་འདིར། ཁྱེད་ཅག་དང་ཁྱེད་ཅག་བརྒྱུད་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་། ཁུལ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་རུ་ཁག་གི་དཔོན་དམག  སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་ཡིན།

ལོ་ངོ70ཡི་རིང་ལ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་སྡུག་རུས་ལས་སྐྲུན་བྱས་པས། རང་སྐྱོང་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག རང་སྐྱོང་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་ཕྱིན་པ་དང་། མི་རིགས་མཐུན་སྒྲིལ་ལྡན་ཞིང་སྤྱི་ཚོགས་བརྟན་བརླིང་བྱུང་བ་དང་། མི་དམངས་ཀྱི་འཚོ་བར་ལེགས་བཅོས་མངོན་གསལ་ལྡན་པ་བྱུང་། དབུལ་ཐར་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་པ་དང་། ལས་དོན་ཐམས་ཅད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། ལོ་ངོ70ཡི་རིང་ལ་བླངས་པའི་གཟི་བྱིན་འབར་བའི་གྲུབ་འབྲས་ལས། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་རྒྱལ་ཁའི་ལག་ལེན་དེ་གསོན་ཉམས་ལྡན་པའི་ངང་ཕྱིར་མངོན་ཡོད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་བགྲོད་ལམ་གསར་པའི་སྟེང་དུ། རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ། གཏིང་ཟབ་སྒོས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་མཐིལ་ཕྱིན་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་དང་།  “གདེང་ཚོད་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱ་དགོས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་ཐིག་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་གནད་དོན་ཐག་གཅོད་པའི་བགྲོད་ལམ་དུ་སྐྱོད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ། ཁྱོན་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐུལ་སྤེལ་གཏོང་བ། རིགས་སོ་སོའི་མི་རིགས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་རྒྱུན་འཁྱོངས་བྱེད་པ། རིགས་སོ་སོའི་མི་རིགས་སེ་འབྲུའི་འབྲུ་གུ་བཞིན་དམ་པོར་འབྲེལ་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པ་དེ་མགོ་ཚུགས་ས་གསར་པ་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་། བཅོས་སྒྱུར་སྒོ་འབྱེད། འབད་འབུངས་ཡར་བསྐྱེད་དང་དམ་འཛིན་ལྷོད་མེད་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་བརྩོན་བྱེད་པའི་རེ་བ་བཟུང་ཡོད།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་དམངས་སྐྱིད་ཅིང་བདེ་བའི་སྨོན་འདུན་ཞུ། 


རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་། 

                   2023ལོའི་ཟླ8པའི་ཚེས3ཉིན། 


མཉམ་སྤྱོད།