དེ་རིང་ནི2025ལོའི་ཟླ05པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

༄༅།། རྟེན་འབྲེལ་ཞུ་འཕྲིན།

2023-08-03 10:38:33   |   372

ཡོང་ཁུངས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སོགས།   ལོ་ཙཱ།  མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


微信图片_20230803090741.jpg

1.jpg

ཀྲུང་གུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་། མཚོ་བྱང་ཡན་ལག་དམག་ཁུལ་བཅས་ལ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར༧༠ལོན་པའི་སྐབས་སུ། མཚོ་བྱང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དང་ལས་རིགས་ཁག་གི་མི་སྣ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ། མཚོ་བྱང་ཁུལ་ནི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱི་འབྱུང་གནས་ཡིན་པ་དང་། རང་ཞིང་ཆེན་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཐོག་མ་ཡིན། ལོ་ངོ༧༠རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྲ་བརྟན་གྱི་མགོ་ཁྲིད་འོག  མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་སྐབས་རིམ་བྱུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་མི་རིགས་སྲིད་ཇུས་ཀྱི་དྲོད་ཁོལ་འོག དཀའ་སྤྱད་འབད་བརྩོན་བྱས་ཏེ་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། དཔལ་འབྱོར་སྤྱི་ཚོགས་ལ་མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་མུ་མཐུད་དུ་སྲ་བརྟན། སྐྱེ་ཁམས་དཔལ་ཡོན་སྤྱི་ཡོངས་ནས་གོང་འཕེལ། དམངས་འཚོའི་བྱ་གཞག་ཁྱོན་ཡོངས་ནས་ཡར་ཐོན། མཁར་གྲོང་གི་རྣམ་པ་གསར་རྐྱང་བཅས་སུ་གྱུར་ཡོད། ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཞིང་ཆེན་གྱི་གནས་ཚུལ“ཆེ་ཤོས་གསུམ”དང་། “དེ་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་ཚུགས་ཏེ། སྙིང་རུས་ཆེན་པོས་འབད་འབུངས་འགག་སྒྲོལ་གྱིས་དཀའ་ངལ་སེལ་ནས་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ནས་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ལོ་ངོ70རིང་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་བས། ད་གཟོད་འཕེལ་རྒྱས་དང་ཡར་ཐོན་ཟམ་མི་ཆད་པར་མངོན་འགྱུར་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་དུ་འགྲོ་བ་བཅས་བདེན་དཔང་བྱས།

མཚོ་བྱང་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གཉིས་ཡོད་པའི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་ཡིན་པའི་ཆ་ནས། རི་ཆུ་ནགས་གསུམ་གྱི་རང་བྱུང་རྣམ་པ་གཞི་གཅིག་ཡིན། སྐྱེ་ཁམས་དཔལ་ཡོན་གྱི་ས་མཐོ་བསྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་པའི་ལས་འགན་གཟི་བརྗིད་ཡིན་ཞིང་འགན་འཁྲི་ལྕི། རེ་བར་མཚོ་བྱང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྒོ་ཀུན་ནས་ལག་བསྟར་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་ས་གནས་ཀྱི་སྔོན་སྐྱོད་ས་ཁུལ་གྱི་སྔོན་འགྲོའི་ཁུལ་དང་། དཔེ་སྟོན་བྱས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་བྱང་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ལས་དོན་ཁག་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་འདུན་ཞུ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།

 མཚོ་སྔོན་ཞིང་ཆེན་དམག་ཁུལ་ཁང་བཅས་ཀྱིས།

                                                                                                                       2023ལོའི་ཟླ8པའི་ཚེས3ཉིན།                                                                                                         


མཉམ་སྤྱོད།
Loading...