དེ་རིང་ནི2025ལོའི་ཟླ07པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-04 08:31:43   |   2243

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚོང་དོན་པུ་ཡིས་ཚེས3ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མུ་མཐུད་དུ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་སྒོར་དུང་ཕྱུར31358.4ཟིན། དེ་དུས་མཚུངས་ལས8.5%འཕར་ཡོད།

  • བཟོ་འཕྲིན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ལིས་གློག་རྫས་ཐོན་འབོར400GWhལས་བརྒལ་བ་དེ་དུས་མཚུངས་ལས43%ལས་བརྒལ་བ་དང་། ལས་རིགས་ཡོངས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར6000ཟིན་ཡོད།

  • སྤྱི་བདེ་པུས་དམངས་ཕན་བྱེད་ཐབས་ཁག26བཏོན། དེའི་ནང་གྲོང་ཁྱེར་ཆེན་པོ་དང་གྲོང་ཁྱེར་ཆེས་ཆེ་བའི་གཞིས་ཆགས་ལེགས་སྒྲིག་དང་ལེགས་བཅོས་སྲིད་ཇུས་ཚུད་པ་དང་། མཉམ་སྡེབ་དུད་ཚང་འཛུགས་པའི་ཆ་རྐྱེན་སྔར་བས་ཁོད་ཡངས་སུ་གཏོང་བ་སོགས་ཚུད་ཡོད།

  • ནོར་སྲིད་པུ་སོགས་སྡེ་ཁག་བཞིས་གཙོ་གནད་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་ལ་སྔར་བས་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ཁྱབ་བསྒྲགས་བྱས། མཐོ་སློབ་ཀྱི་མཐར་ཕྱིན་མ་ཐག་པའི་སློབ་མ་སོགས་མི་སྒེར་གཉེར་སྐྱོང་མཁན་གྱིས་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག

  • རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས། མི་ཁྲི100ལས་བརྒལ་བའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་མཁན་ལ་ལོ་ལྟར་ཉུང་མཐར་ཡང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་སྒྲིག་སྲོལ་རྩིས་བཤེར་ཐེངས་རེ་བྱེད་དགོས་པ་གཏན་འབེབས་བྱ་འཆར་ཡོད།

1.jpg

  • ཚེས3ཉིན་གྱི་ཆུ་ཚོད11:47སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རླུང་སྤྲིན་ཨང་གསུམ་པའི་སྲུང་སྐར06པ་འཕེན་གཏོང་བྱས་པ་ལེགས་འགྲུབ་བྱུང་།

  • ཧྥུ་ཅན་ཉིང་ཏེ་ཉིང་རྡུལ་གློག་ཁང་རྣམ་གྲངས་ཀྱི་འཕྲུལ་ཚན5པ་དང་6པར་ཉིན་ཤས་གོང་ཞིབ་མཆན་ཐོབ་སྟེ། རང་རྒྱལ་གྱི་རང་བརྟེན་ཉིང་རྡུལ་གློག་གི་ལག་རྩལ་རབས་གསུམ་པ“ཧྭ་ལུང་རྟགས་ཅན”སྤྱོད་རྒྱུ་ཡིན་པ་དང་། འཕྲུལ་འཁོར་རྐྱང་པའི་ལོ་རེའི་གློག་གཏོང་ཚད་ཏུའུ་དུང་ཕྱུར100ཙམ་ཟིན་རྒྱུ་རེད།

  • ཀྲུང་གོའི་ཐའེ་ཝན་ས་ཁུལ་གྱི་མགོ་ཁྲིད་གཞོན་པ་ལེ་ཆིང་ཏེ“རྒྱལ་མཚམས་བརྒལ”ནས་ཨ་རིར་འཇབ་མྱུལ་བྱེད་རྩིས་ཡོད།

  •  ཚེས3ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཨ་རི་དང་ཐའེ་ཝན་དབར་གྱི་གཞུང་ཕྱོགས་འགྲོ་འོང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་པས་མིང་གང་རུང་དང་རྒྱུ་མཚན་གང་རུང་གི་ཐོག་ནས་ཨ་རིར་འཇབ་མྱུལ་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། ཨ་རི་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཐོག་ནས“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་པ་དང་དེའི་ཁ་ཕྲལ་བྱེད་སྤྱོད་རྒྱ་ཡན་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བསྟན།

  • ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་ལའེ་ཆིང་ཏེ་ནི་“རྙོག་དྲ་བཟོ་མཁན་”ཞིག་ཡིན་པ་དོན་དངོས་ཐོག་ནས་ར་སྤྲོད་བྱེད་སྲིད་ཅེས་བསྟན།

སྤྱི་ཚོགས།

3.png

  •    ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། རྒྱ་མཚོའི་རླུང་འཚུབ“ཁ་ནུའུ”དེ་ཚེས4ཉིན་གྱི་རྗེས་ནས་བཟུང་ཤར་ཕྱོགས་སུ་སྤོ་རྒྱུ་ཡིན་པ་དང་། རང་རྒྱལ་དང་ཁ་ཐག་རིང་བའི་གནས་སུ་སྤོ་རྒྱུ་རེད། དེ་རིང་དང་སང་ཉིན་བར་ཀྲེ་ཅང་གི་མཚོ་རྒྱུད་དང་ཤར་རྒྱ་མཚོའི་མཚོ་ཁུལ་དུ་སྔར་བཞིན་ཆར་རླུང་གི་ཤུགས་རྐྱེན་ལ་དོགས་ཟོན་བྱེད་དགོས།

  • ཧོ་པེ་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས3ཉིན་གྱི་ཆུ་ཚོད10པའི་བར་ཧོ་པེ་ཞིང་ཆེན་གྱིས་ཁྱོན་སྡོམ་མང་ཚོགས་ཁྲི122.9གནས་སྤོ་བྱས། དེའི་ནང་ཆུ་ལོག་གསོག་ཁུལ་གྱི་མི་ཁྲི85.72གནས་སྤོ་བྱས་ཡོད།

  • ཚེས3ཉིན། ཧོ་པེ་ཞིང་ཆེན་ཀྲུའོ་ཀྲོའུ་གྲོང་ཁྱེར་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་སྤྱི་ཚོགས་ཀྱི་ཞལ་འདེབས་དང་ལེན་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་སྤེལ། ཞིབ་འཕྲིན། 

  • ཚེས3ཉིན། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་བརྡ་ཐོ་བཏང་སྟེ། འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་དེ་རིམ་པ་གསུམ་པར་འཕར་རྒྱུའི ་གཏན་འབེབས་བྱས།

4.jpg

  • ཉེན་སེལ་གེགས་སེལ་ཁྲོད་འབྲེལ་བ་ཆད་པའི་པེ་ཅིང་ཧྥང་ཧྲན་གྱི་དགུང་སྔོན་རོགས་སྐྱོབ་རུ་ཁག་གི་རུ་མི་ལིའུ་ཅན་མིང་ཚེས3ཉིན་གྱི་སྔ་དྲོར་རྙེད་པ་དང་། ལིའུ་ཅན་མིན་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་ནས་གཟི་བརྗིད་ལྡན་པའི་ངང་རང་སྲོག་བློས་བཏང་།

  • ཉིན་ཤས་གོང་དུ། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་སློབ་མང་པོས་སློབ་མ་ཚོར་ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱི་ཛ་དྲག་གནོད་འཚེ་འཕྲད་ཚེ་གནས་སྐབས་དཀའ་ངལ་ཡོད་པའི་ཁ་གསབ་རེ་ཞུ་བྱེད་ཆོག་ཅེས་ཁ་གསལ་བཏོན་ཡོད།

  • ཚེས3ཉིན་ཧྲའན་ཞི་པོ་ཅི་ཁྲིམས་ཁང་འབྲིང་བའི་འདྲི་གཅོད་དང་པོས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་དེ་སྔའི་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་སྤྱི་གཉེར་གྱི་ཏང་ཙུའི་ཧྲུའུ་ཅིའམ། སྤྱི་གཉེར་བ་ཧྲེང་ཀོང་ཙུའུ་ཡིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིར་ཞིབ་གཅོད་བྱས།

  • པེ་ཅིང་ཡུས་ལུང་རྒྱལ་སྤྱིའི་གནས་སྐོར་ལས་དོན་ཁང་ཚད་ཡོད་སྤྱི་གཉེར་སོགས་གནས་སྐོར་ལས་དོན་ཁང6གིས་ཀུའུ་ཀོང་ཕོ་བྲང(故宫)གི་སྒོ་འཛིན་ལྐོག་འཚོང་བྱས་པའི་དོགས་པ་ཡོད་པས། གནས་སྐོར་ལས་དོན་ཁང་གི་ལས་སྒོ་གཉེར་མཚམས་འཇོག་རྒྱུ་རེད།

5.jpg

  •      ཏ་ལེན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས7ཉིན་གྱི་ཆུ་ཚོད8པ་ནས་ཚེས9ཉིན་གྱི་ཆུ་ཚོད17བར་ཧོང་ཧའེ་བྱང་རྒྱུད་ཀྱི་ཆུ་ཁོངས་ཁག་ཅིག་ལ་མེ་མདའ་དངོས་འཕེན་རྒྱུ་ཡིན་པས་མཚོ་སྐྱོད་བྱེད་མི་ཆོག་ཅེས་བསྟན། 

སྲིད་ཇུས།

  • གསར་དུ་བཟོ་བཅོས་བརྒྱབ་པའི《ཧྲན་ཞི་ཞིང་ཆེན་གྱི་ཆུ་ལམ་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་སྟེ། ཆུ་ལམ་དོ་དམ་ཁྱབ་ཁོངས་ནང་དུ་ཆུ་ གཏོང་བར་འགོག་རྐྱེན་བཟོ་བའི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱེད་མི་ཆོག་པ་ཁ་གསལ་བཟོས། ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  •   ཀན་སུའུ་ཞིང་ཆེན་སྨན་སྐྱོབ་ཅུ་ཡིས་དམངས་ཕན་བྱེད་ཐབས་ཁག་20བཏོན། དེའི་ནང་སྨན་སྐྱོབ་འབྲེལ་བ་གཞན་སྒྱུར་འབྲེལ་མཐུད་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞི་གཏན་འཁེལ་བྱེད་པའི་དུས་བཀག་ཉུང་དུ་གཏོང་བ་སོགས་ཚུད་ཡོད།

དེ་རིང་གི་གནམ་གཤིས།

6.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་། ཅི་ལིན། ལེའོ་ཉིང་བཅས་ཀྱི་དབུས་རྒྱུད། པེ་ཅིན་དང་ཧོ་པེའི་དབུས་རྒྱུད། ཧྲན་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། ཅི་ལིན་གྱི་བྱང་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ལེ་ཀྲོའུ་ཕྱེད་གླིང་། ཐའེ་ཝན་གླིང་ཕྲན་གྱི་དབུས་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།