དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་བགྲང་བྱ་བདུན་ཅུའི་དགའ་སྟོན་མཛད་སྒོའི་ཟུར་བྲིས།

2023-08-04 08:58:55   |   2611

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


རི་བོས་གོས་ལྗང་བཀླུབས། ས་གཞིས་མེ་ཏོག་བསྣམས། ཆུ་བོས་གླུ་དབྱངས་ལེན། མཚོ་བྱང་གི་ཡུལ་གྲུ་ཀུན་ཏུ་དུས་ཆེན་གྱི་ཡོ་ལང་རྣམ་པར་རྒྱས།

ཟླ8པའི་ཚེས2ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྱུར་ཁུགས་ཁྲོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་མཛད་སྒོ་དངོས་སུ་མགོ་བརྩམས། ཁ་དོག་སྣ་ལྔས་སྤུད་པའི་ཤོག་སྦག་དང་ལྒང་ཞུ་ནུབ་མཚོ་ལུས་རྩལ་ར་བའི་དབྱིངས་རིམ་དུ་འཕྱོ་བ་དང་བསྟུན།  ཕྱོགས་བཞིའི་མགྲོན་པོ་ཀུན་གྱི་ཐལ་མོའི་རྡེབ་སྒྲ་འབྲུག་ལྟར་གྲག་ཅིང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི30ཡིས་དགའ་སྟོན་དུས་ཆེན་གཟབ་རྒྱས་འདི་སྤྲོ་བས་བསུས།    

图片1.png

图片2.png

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་དུ་གནས་ཡོད་ལ། མཚོ་སྔོན་པོའི་བྱང་ཕྱོགས་སུ་ཡོད་པས་ཅུང་མིང་གྲགས་ཆེ་བའི་ཁུལ་ཞིག་ཡིན། མཚོ་ངོས་ལས་སྨི3024ཡོད། ཁུལ་འདི་སའི་གོ་ལའི་བྱང་གི་འཕྲེད་ཚད36°44′~39°5′དང་། ཤར་གྱི་གཞུང་ཚད98°5′~102°41′སྟེང་དུ་གནས་ཡོད། ཤར་ལྷོའི་མཚམས་རྟ་ཐང་རྫོང་དང་དགོན་ལུང་རྫོང་། སྐུ་འབུམ་རྫོང་དང་སྟོང་སྐོར་རྫོང་བཅས་ལ་འབྲེལ་ཡོད་ལ། ནུབ་ཏུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་འབྲེལ་ཡོད། ལྷོ་རུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་བར་དུ་མཚོ་སྔོན་པོས་བཅད་ཡོད་ལ། བྱང་དུ་ཀན་སུའུ་ཀན་ལྷོ་ཁུལ་གྱི་དཔའ་རིས་དང་ཧྲན་ཏན། མེན་ལི། སུའོ་ནན་བཅས་རྫོང་འདི་དག་དང་འབྲེལ་ཡོད། ཁུལ་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ནི་སྤྱི་ལེ413.45དང་། ལྷོ་བྱང་གི་ཞེང་ཚད་ནི་སྤྱི་ལེ261.41ཡིན། སའི་སྤྱིའི་རྒྱ་ཁྱོན་ནི34068.44ཡོད་ལ། ཞིང་ཆེན་ཡོངས་ཀྱི་སའི་སྤྱིའི་རྒྱ་ཁྱོན་གྱི4.71%ཟིན་ཡོད། ཁུལ་འདིའི་ཁོངས་གཏོགས་སུ་འཇུ་ལག་ཧེ་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་རྫོང་བཞི་དང་། ཞིང་གྲོང34དང་སྡེ་དམངས་ཨུ་ཡོན་ལྷན་ཁང204ཡོད་པ་མ་ཟད། ད་དུང་ཀྲུང་དབྱང་དང་ཞིང་ཆེན་རིམ་པར་གཏོགས་པའི་རྒྱལ་གཉེར་བཟོ་གྲྭ221ཡོད་པར་མ་ཟད། མདོ་ལ་རི་བོའི་ཟངས་ཀྱི་གཏེར་ཁ་དང་། ཧོ་མན་གྱི་ཕྱུགས་ར། ས་གཤིས་རུ་ཁག་གཉིས་པ། ཆུ་ཁོལ་སོལ་གཏེར། ཟུར་གསུམ་ལུག་གསོ་ཁང་སོགས་ཡོད།

图片3.png

图片4.png

图片5.png

དབྱངས་ཀྱི་འདེགས་འཇོག་གིས་སྐྱིད་པའི་འཚོ་བ་གྱེར། གར་གྱི་སྟངས་སྟབས་ཀྱིས་དགའ་བའི་ཉམས་འགྱུར་ངོམ། ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་དགོངས་པ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ། བློ་སེམས་མཐུན་ནས་ཀྲུང་གོའི་འདུན་མ་བསྐྲུན། །”ཞེས་པ་སྤྱིའི་དམིགས་འབེན་དུ་བཟུང་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་མི་རིགས་བྱ་བའི་རྨང་བརྟན་བཟོ་འགོད་དང་ལོ་བརྒྱའི་བཟོ་འགོད། སྲོག་རྩའི་བཟོ་འགོད་དང“མགོ་ཁྲིད་དང་པོ”ཡི་བཟོ་འགོད་བཅས་སུ་བཞག་སྟེ། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས་ཁུལ་བསྐྲུན་པའི་འཐབ་ཇུས”གཏན་འཁེལ་བྱས་ཤིང་། བྱ་བའི་ནང་དོན་ཕུན་སུམ་ཚོགས་པ་དང་། བྱ་བའི་རྣམ་པ་སྣ་ཚོགས། བྱ་བའི་རྨང་གཞི་བརྟན་པོར་གཏོང་བ། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་མི་ཚུལ་ཅན་དང་མང་ཚོགས་ཅན། དངོས་གཟུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་བསམ་བློའི་རྨང་གཞི་ནུས་ལྡན་སྒོས་བརྟན་པོར་བསྐྲུན་ཏེ། མཚོ་བྱང་གི་ཕྱོགས་གང་ཅིའི་ཐད་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

图片6.png

图片7.png

图片8.png

ནུབ་མཚོ་ལུས་རྩལ་ར་བར་མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད། “ང་ནི་ད་ནངས་ཞོགས་པ་དུས་ཚོད་བདུན་གྱི་སྟེང་ནས་འདིར་ཡོང་སྟེ་མགོ་རྩོམ་མཛད་སྒོར་བསྒུགས་པ་ཡིན། འདི་ནི་ང་ཚོ་མཚོ་བྱང་མི་དམངས་ཀྱི་དུས་སྟོན་ཡིན་ལ། གནས་སྐོར་མགྲོན་པོ་རྣམས་ཀྱི་དུས་སྟོན་ཡང་ཡིན།”མགོ་རྩོམ་མཛད་སྒོར་བལྟ་རུ་ཡོང་བའི་རྐང་ཚའི་འབྲོག་པ་ཚེ་རིང་གིས་ཡིད་འགུལ་ཐེབས་བཞིན་དེ་ལྟར་བཤད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་མཛད་སྒོ་ནི་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་ཞིང་། དེའི་རིང་དུ་རྟ་རྒྱུག་དང་། རིག་རྩལ་འཁྲབ་སྟོན་སོགས་ཕུན་སུམ་ཚོགས་པའི་ལྟད་མོ་བཀོད་སྒྲིག་བྱས་ཡོད། །


མཉམ་སྤྱོད།