དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐྱེ་ཁམས་ལེགས་པོས་སྐྱེ་འགྲོ་ཀུན་ལ་ཕན།

2023-08-04 09:50:19   |   2494

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


མཚོ་སྔོན་ནི“གཙང་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་ལྕོག”ཡིན་ལ། མཚོ་བྱང་ཁུལ་ནི“མཚེའུ་གཅིག་དང་ཁུལ་གཉིས་དང་གཙང་བོ་གསུམ”གྱི་གཙོ་གནད་ཁུལ་དུ་གནས་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི“སྲུང་ཡོལ་གཅིག་དང་རྒྱུད་གཉིས”ཀྱི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ཐ་ན་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དུའང་གྱུར་ཡོད།

1.jpg

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ན་སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་པ་རྒྱུན་འཁྱོངས་བྱེད་དགོས། ས་ཁུལ་ཞིག་གི་འཕེལ་རྒྱས་ལ་གཏིང་ཤུགས་ཆེ་མིན་དེ་སྐྱེ་ཁམས་ལ་རག་ལས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་ཁམས་ལེགས་པོ་ཞིག་འཛོམས་པ་ནི་མ་མཐའི་ཆ་རྐྱེན་ལྟ་བུ་ཡིན། ལོ་ངོ་མང་པོའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གཅིག་གྱུར་ཡོང་བར་བྱས་ཏེ། “སྔོན་དུ་བརྫད་པ་དང་རྗེས་ནས་བཅོས་སྐྱོང”བྱེད་པའི་ཐབས་ལམ་རྙིང་པ་མཐའ་གཅིག་ཏུ་དོར་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་དང་ཐ་ན་གཏོར་བརླག་གཏོང་བའི་འཕེལ་རྒྱས་གཏོང་སྟངས་རྩ་བ་ནས་དོར་བའི་ཁར། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་ཁོར་ཡུག་སྤུས་ཀའི་ཚད་མཐའ། ཐོན་ཁུངས་བེད་སྤྱོད་ཀྱི་གོང་ཐིག་བརྟན་པོར་སྲུང་བ། བརྫད་སྐྱོན་མེད་པ་དང་ཞིབ་ཚད་མཐོ་བའི་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། ལག་རྩལ་མཐོ་ཤོས་གསར་པ་སོགས་ཀྱི་ཐོན་ལས་གཙོ་བོར་བཟུང་སྟེ་འཕེལ་རྒྱས་བཏང་ཞིང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་བཀོད་སྟངས་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བའི་རྣམ་པ་བཅས་མགྱོགས་མྱུར་ངང་ཆགས་པར་བྱས་ཤིང་། ལོ་ངོ་མང་པོའི་རིང་ལ་རྒྱུན་འཁྱོངས་དང་འབད་བརྩོན་བྱས་པ་ལས། ཁོར་ཡུག་སྲུང་སྐྱོབ་ལེགས་འཛིན་བྱས་ན། ད་གཟོད་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་རྩ་བ་ལེགས་འཛིན་བྱེད་ཐུབ་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ལེགས་བཅོས་གཉིས་ཀྱི་ཐད་ནས་ཀྱང་རྒྱལ་ཁ་ལོན་ཐུབ་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད།

2.jpg

3.jpg

ད་ལྟ། ནམ་མཁའ་སྔར་བས་སྔོ་ཞིང་བསངས་ལ། ཉེ་འགྲམ་གྱི་ས་གཞི་དེ་བས་ཀྱང་སྔོ་ལྗང་དུ་གྱུར་ལ། གཙང་པོ་དང་མཚེའུ་ཡང་སྔར་བས་དྭངས་ཤིང་གསལ་བས། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཚོན་ཚུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། མཚོ་བྱང་དུ་བསྐྱོད་ཚེ་ག་ས་གང་དུ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཀྱིས་ཁེངས་ལ། རང་སྐྱོང་ཁུལ་གྱི་གོང་འོག་བར་གསུམ་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཆོད་སེམས་དང་གྲུབ་འབྲས་མངོན་བཞིན་འདུག སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་འདྲ་མཉམ་གྱི་སྤྱི་པའི་ཐོན་རྫས་དང་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན་པས། སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་དང་དེའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ན། ད་གཟོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་ཐུབ། །


མཉམ་སྤྱོད།