དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོའི་མཚོ་སྔོན·མཚོ་བྱང་མཚོ་སྔོན་པོའི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་སྐབས་གཉིས་པ་སྤེལ་མགོ་བརྩམས། 

2023-08-05 11:05:29   |   329

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


1.jpg

ཟླ8པའི་ཚེས3ཉིན་གྱི་ཕྱི་དྲོར། 2023ལོའི་མཚོ་སྔོན·མཚོ་བྱང་མཚོ་སྔོན་པོའི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་སྐབས་གཉིས་པ་མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་ལུས་རྩལ་ར་བ་ནས་སྤེལ་ལ། ཐེངས་འདིར་ཡུན་ནན་དང་སི་ཁྲོན། ཞིན་ཅང་། ཀན་སུའུ། ནང་སོག དེ་མིན་རང་ཞིང་གི་མཚོ་བྱང་དང་མཚོ་ལྷོ་སོགས་ནས་ཐོན་པའི་འགྲན་ཞུགས་པས་སྨི2000ཅན་གྱི་རྒྱུད་བཟང་ལེགས་སྒྱུར་རྒྱུག་རྟ་དང་སྨི1000ཅན་གྱི་བུད་མེད་འབྲོག་རྟའི་གོམ་རྟ། སྨི5000ཅན་གྱི་འབྲོག་རྟའི་རྒྱུག་རྟ། སྨི2000ཅན་གྱི་འབྲོག་རྟའི་གོམ་རྟ། སྨི5000ཅན་གྱི་འབྲོག་རྟའི་གོམ་རྟ། སྨི3000ཅན་གྱི་རྒྱུད་བཟང་ལེགས་སྒྱུར་གོམ་རྟ། སྨི5000ཅན་གྱི་རྒྱུད་བཟང་ལེགས་སྒྱུར་རྒྱུག་རྟ་བཅས་ཀྱི་འགྲན་སྡུར་སྤེལ་ཏེ། ཡུལ་དངོས་ཀྱི་ལྟད་མོ་བ་ཡོངས་ལ་མིག་གི་རྒྱགས་ཕྱེ་གྱ་ནོམ་པ་བསྩལ། 2.jpg

3.jpg

4.png

5.png

6.png

7.jpg

8.png


མཉམ་སྤྱོད།