སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ8ཚེས3ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་མཛད་སྒོ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་ནུབ་མཚོ་ལུས་རྩལ་ར་བར་གཟབ་རྒྱས་ངང་འཚོགས་ཤིང་། ས་གནས་དེའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས། མཉམ་གཅིག་ཏུ་འཛོམས་ཏེ་དུས་གལ་ཆེན་འདི་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད།