དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་མཛད་སྒོའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་ལ་བཀའ་དྲིན་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

2023-08-05 19:10:08   |   301

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


4.jpg

   ཟླ8པའི་ཚེས4ཉིན། ཁུལ་སྟོན་གྱི་དྲིལ་སྒྲོག་འཕྲིན་སྤེལ་ཚན་ཆུང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་གསར་འགྱུར་དྲིལ་སྒྲོག་བྱ་བའི་སྨྱན་སྦྱོར་ལ་བཀའ་དྲིན་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཀྲུང་དབྱང་དང་ཞིང་ཆེན་གྱི་སྨྱན་སྦྱོར་གཙོ་བོའི་སྐུ་མགྲོན་གསར་འགོད་པ་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ། མདོ་ལ་ཚགས་པར་ཁང་། ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་བཀའ་དྲིན་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།  

1.jpg  

ཟླ8པའི་ཚེས2ཉིན་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་ནས་བཟུང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་རིམ་པ་སོ་སོའི་སྨྱན་སྦྱོར་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་ཁུལ་སྟོན་གྱི་དྲིལ་སྒྲོག་བྱ་བར་ཞུགས་ཏེ་སྨྱན་སྦྱོར་ཡོངས་དང་ཕྱོགས་ཡོངས་ནས་ལངས་གཟུགས་རྣམ་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་དྲིལ་སྒྲོག་འཕྲིན་སྤེལ་བྱས་ཤིང་། གསོན་ཤུགས་ཀྱིས་ཁེངས་ཤིང་ཡིད་དབང་རྣམ་པར་འཕྲོག་པའི་མཚོ་བྱང་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་བསྒྲགས་ནས་ཞིང་ཆེན་ཕྱི་ནང་དུ་དོ་ཁུར་རྒྱ་ཁྱབ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་བར་མ་ཟད། རྒྱལ་ཡོངས་ལས་རིགས་སོ་སོའི་གྲོགས་པོ་ཚོས་དག་སྣང་མཚོ་བྱང་ལ་བཅངས་པའི་སྤྲོ་སེམས་ཀྱང་ཆེ་རུ་ཕྱིན་ཞིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གཅིག་སྡུད་ཀྱི་ཕན་འབྲས་དང་དྲིལ་སྒྲོག་གི་ཕན་འབྲས། དུས་སྟོན་གྱི་ཕན་འབྲས་བཅས་འདོན་སྤེལ་གང་ལེགས་ཐུབ་ཡོད།    ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་ཡན་ལག་ཁང་དང་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་གོའི་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མི་དམངས་དྲ་བའི་མཚོ་སྔོན་འཕྲིན་ལམ།    ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། ཉིན་རེའི་གསར་འགྱུར་གཙོ་བོ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་པར་ལེན་མཐུན་ཚོགས། མཚོ་སྔོན་གསར་འགྱུར་དྲ་བ། ནུབ་མཚོ་ཚང་ཁྲོམ་ཚགས་པར་ཁང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་ཡིག་གསར་འགྱུར། ཟི་ལིང་དགོང་དྲོའི་ཚགས་པར་ཁང་སོགས་སྨྱན་སྦྱོར་ལས་ཁུངས15ཡིས་འཇོན་ཐང་ལྡན་པའི་རྩོམ་སྒྲིག་པ35ལས་གྲུབ་པའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གྱི་བཅར་འདྲི་འཕྲིན་སྤེལ་ཚན་ཆུང་བཙུགས་ནས་མཚོ་བྱང་དུ་དུས་ཡུན་ཉིན་གསུམ་གྱི་བརྗོད་དོན་བཅར་འདྲིའི་འཕྲིན་སྤེལ་བྱེད་སྒོ་སྤེལ།

2.jpg

ཟླ8པའི་ཚེས2ཉིན་ནས་ཚེས4ཉིན་བར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་དྲིལ་སྒྲོག་འཕྲིན་སྤེལ་ལ་ཞུགས་པའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར15ཡིས་རིམ་རྩིས་བྱས་ན་གསར་འགྱུར200ལྷག་ཙམ་སྤེལ་ལ། ཤིན་ཧྭ་ཚགས་པར་ཁང་དང་ཀྲུང་གོའི་གསར་འགྱུར་ཁང་། མི་དམངས་དྲ་བ་སོགས་རྒྱལ་ནང་གི་སྨྱན་སྦྱོར་དང་དྲ་བ248ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དྲིལ་སྒྲོག་འཕྲིན་སྤེལ་བྱས་ལ། དྲ་བ་ཡོངས་ཀྱིས་ཁྱོན་འབྲེལ་ཡོད་གསར་འགྱུར3337(བརྒྱུད་སྐུར་བྱས་པ་ཚུད)སྤེལ་ཡོད་པ་རེད།     མི་དམངས་དྲ་བ་མཚོ་སྔོན་འཕྲིན་ལམ་གྱིས“འོད་སྟོང་འཕྲོ་བའི་ལོ་ངོ་བདུན་ཅུ། མཚོ་བྱང་གི་ལེའུ་གསར་བ”ཞེས་པའི་ཆེད་དོན་ལེ་ཚན་བཏོན་ཞིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་ནུབ་མཚོ་ཚོང་ཁྲོམ་ཚགས་པར་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར་བཅས་ཀྱིས“མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བའི”ཆེད་སྒྲིག་པར་ངོས13བཏོན་ཡོད་པ་རེད། ཉིན་རེའི་གསར་འགྱུར་གཙོ་བོའི་ཁྱུག་དབྱིངས་ལས་ཁུལ་སྟོན་གྱི་མགོ་རྩོམ་མཛད་སྒོ་དང་། མི་རིགས་ཀྱི་གླུ་བྲོ་ཟློས་གར《སྤྲིན་གྱི་རྒྱ་མཚོའི་སྟེང་གི་གསེར་དངུལ་ཐང》འཁྲབ་སྟོན། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་འཚམས་འདྲིའི་འཁྲབ་སྟོན།  “མཚོ་སྔོན་པོ”རོལ་དབྱངས་དུས་ཆེན·ཝང་ལུའོ་པིན་གྱི་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་འཁྲབ་སྟོན།  མི་མེད་གནམ་གྲུའི་འཕུར་སྐྱོད་འཁྲབ་སྟོན་བཅས་ཐད་གཏོང་བྱས་པར་ལྟ་མཁན་མི་ཐེངས་ཁྲི100ལྷག་ཟིན་ཡོད་པ་རེད།   

3.jpg  

 གཞན་ཡང་། ཁུལ་ཡོངས་ཀྱི་སྨྱན་སྦྱོར་སོ་སོས་ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ཚགས་པར་དང་བརྙན་འཕྲིན། དྲ་བ་བཅས་དང་དེ་བཞིན་སྨྱན་སྦྱོར་གསར་པའི་ལས་སྟེགས་སྤྱད་དེ་ཁུལ་སྟོན་གྱི་དྲིལ་སྒྲོག་འཕྲིན་སྤེལ་བྱ་བ་ཁྱོན་ཡོངས་ནས་ཡག་པོར་སྒྲུབ་ལ།  མདོ་ལ་ཚགས་པར་ཁང་གི་སྨྱན་སྦྱོར་ལས་སྟེགས་སོ་སོས་ཁུལ་སྟོན་གྱི་གསར་འགྱུར་དང་བརྙན་ཐུང696དྲིལ་སྒྲོག་འཕྲིན་སྤེལ་བྱས་པ་དང་། ཐད་གཏོང་ཁག12བྱས་པར་ཁྱོན་ལྟ་མཁན་མི་ཐེངས་ཁྲི198ལྷག་ཟིན་ཡོད། དེའི་ནང“མཚོ་བྱང་སྨྱན་གསར”གྱི་ལས་སྟེགས་སོ་སོས་བརྙན་ཐུང360སྤེལ་བར་ཁྱོན་ལྟ་མཁན་མི་ཐེངས་ཁྲི122ལྷག་ཟིན་པ་དང་། “གངས་ལྗོངས་འཕྲིན་གསར”གྱི་ལས་སྟེགས་སོ་སོས་བརྙན་ཐུང176སྤེལ་བར་ཁྱོན་ལྟ་མཁན་མི་ཐེངས་ཁྲི64ལྷག་ཟིན་ཡོད། ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཁུལ་སྟོན་གྱི་གསར་འགྱུར་དང་བརྙན་ཐུང899དྲིལ་སྒྲོག་འཕྲིན་སྤེལ་བྱས་པ་དང་། དྲ་རྒྱའི་ཐད་གཏོང་ཁག6བྱས་པར་ཁྱོན་ལྟ་མཁན་མི་ཐེངས་ཁྲི63ལྷག་ཟིན། རྫོང་བཞིའི་སྨྱན་སྦྱོར་ལྟེ་གནས་ཀྱིས་བཅར་འདྲི་འཕྲིན་སྤེལ་ཚན་ཆུང་མངགས་ནས་ཁུལ་སྟོན་གྱི་གསར་འགྱུར་དྲིལ་སྒྲོག་འཕྲིན་སྤེལ་བྱ་བ་དུས་གཅིག་ཏུ་སྤེལ་བ་དང་། རིམ་རྩིས་བྱས་ན་ལས་སྟེགས་སོ་སོས་གསར་འགྱུར500ལྷག་ཙམ་སྤེལ་ལ། དེ་དང་ཆབས་ཅིག་ལས་སྟེགས་སོ་སོས་ཐད་གཏོང་ཁག་ལྔ་བརྒྱུད་སྐུར་བྱས།     

གཡུ་སྒྲོན་མཚོས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གྱིས་ཁུལ་སྟོན་གྱི་དྲིལ་སྒྲོག་འཕྲིན་སྤེལ་བྱ་བར་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཐེངས་འདིའི་ཁུལ་སྟོན་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ངོ་མཚར་བའི་རྣམ་པ་དེ་དག་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གྱི་ཤུགས་ཆེའི་རྒྱབ་སྐྱོར་དང་བཅར་འདྲི་ཚན་ཆུང་གི་ཁོངས་མི་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པ་དང་ཁ་འབྲལ་ཐབས་མེད། ཉིན་ཤས་རིང་བསྟུད་མར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གྱི་བཅར་འདྲི་ཚན་ཆུང་གི་ཁོངས་མི་ཡོངས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་འདྲ་པར་ལེན་པ་དང་གསར་འགྱུར་འབྲི་བ། ལས་སྣོན་བཅས་བྱས་ཏེ་གསར་འགྱུར་འཕྲིན་སྤེལ་བྱས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་ཅིང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གྱི་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་གང་ལེགས་སྒོས་མངོན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་ཚན་པའི་བྱང་ཚད་མཐོ་བ་དང་སྤྱོད་ཚུལ་བཟང་པོ། ལས་ཕྱོད་མཐོ་བ་བཅས་ཀྱི་བྱ་བའི་རྣམ་འགྱུར་མངོན་པར་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གྱིས་མཚོ་བྱང་གི་བཅོས་སྒྱུར་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་མཚོ་བྱང་མི་དམངས་ལ་བཅངས་པའི་བརྩེ་སེམས་གང་ལེགས་སྒོས་མངོན་ཡོད། སྨྱན་སྦྱོར་ལས་རིགས་ཀྱི་གྲོགས་པོ་ཚོས་མཚོ་བྱང་དང་དྲིལ་སྒྲོག་ལ་སྔར་རྒྱུན་བཞིན་དོ་ཁུར་བྱས་ཏེ་ཀྲུང་གོ་ཡོངས་དང་འཛམ་གླིང་ཡོངས་ལ་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་། མཚོ་བྱང་གི་སྣ་མང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་བྱེད་པ། མཚོ་བྱང་གི་དབྱར་མཚོ་རྒྱས་པ་ལྟར་འཛུགས་སྐྲུན་བྱེད་པའི་རྣམ་པ་མངོན་པ་བཅས་བྱས་ཏེ་མཚོ་བྱང་གི་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་རྒྱང་ལྟ་བྱ་རྒྱུའི་རེ་བ་ཡོད་པར་བསྟན།


མཉམ་སྤྱོད།