དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-07 08:38:28   |   294

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ནོར་སྲིད་པུ་དང་འཕྲལ་བསྟུན་དོ་དམ་པུ་ཡིས་ཡང་བསྐྱར་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར3.5སྔོན་གཏོང་བྱས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ས་ཁུལ་དང་བྱང་ཤར་ས་ཁུལ་གྱི་འབྲུབ་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད། 

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཀྱིས་ཚེས6ཉིན་གྱི་ཆུ་ཚོད10པ་བར་ཧོ་པེ་དང་། པེ་ཅིང་། ཧེ་ལུང་ཅང་སོགས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་གུན་སྐྱོབ་སྒྲིག་གཞིས་སྒོར་དུང་ཕྱུར2.64གུན་གསབ་སྤྲད་ཡོད། 

  • ཚེས6ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམངས་ཕན་ཁྲལ་སྒྲུབ་བྱེད་ཐབས་ཁག28ཁྱབ་བསྒྲགས་བྱས་འདུག

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བདུན་པར་ཀྲུང་གོའི་ཚོང་ཟོག་ཆེ་གྲས་ཀྱི་སྟོན་གྲངས102.3%ཟིན་པ་དང་ཁྲོམ་རའི་མཁོ་སྤྲོད་དེ་བས་དོ་སྙོམས་བྱུང་ཡོད། 

  • རང་བྱུང་ཐོན་ཁུངས་པུའི་གཞི་གྲངས་ལྟར་ན། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་རྒྱ་མཚོའི་མ་བཅོས་རྡོ་སྣུམ་དང་རྒྱ་མཚོའི་རང་བྱུང་སོལ་རླངས་ཀྱི་ཐོན་འབོར་དུས་མཚུངས་ལས་སོ་སོར5.1%དང7.2%འཕར་ཡོད། 

  • རྒྱལ་ཁབ་བསྡོམས་རྩིས་ཅུ་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱི་རིག་གནས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར4785ཟིན་པ་དེ་དུས་མཚུངས་ལས35.4%འཕར་ཡོད།

  • བཟོ་འཕྲིན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱིས་ཆེད་ལས་སྤུས་ལེགས་དང་དམིགས་བསལ་གྱི་ཁེ་ལས་འབྲིང་ཆུང་སྡོམ་པས་ཁྲི9.8སྐྱེད་སྲིང་བྱས་ཡོད། 

    2.jpg

  • ཚེས6ཉིན་གྱི་དགོང་མོ་ཁྲེང་ཏུའུ་སློབ་ཆེན་གྱི་བུད་མེད་ཕའེ་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས3:0ཡི་འཇའ་ཕན་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད། 

    སྤྱི་ཚོགས།

  • ཆུ་བེད་པུ་ཡིས་འབྲུབ་ཆུ་རྒྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་ནས་ཚེས་6ཉིན་གྱི་ཆུ་ཚོད་10པར་ནང་སོག་དང་། ཅི་ལིན། ཧེ་ལུང་ཅང་བཅས་ཀྱི་ཆུ་ལོག་སྔོན་འགོག་གི་འཕྲལ་བསྟུན་དང་ལེན་དེ་རིམ་པIVནས་རིམ་པⅢམཐོ་རུ་བཏང་། 

    3.jpg

  • ཚེས6ཉིན་གྱི་ཆུ་ཚོད2དང་སྐར་མ33སྟེང་ཧྲན་ཏུང་ཏེ་ཀྲོའུ་གྲོང་ཁྱེར་ཕིང་ཡོན་རྫོང་དུ་ས་ཡོམ་རིམ་པ5.5བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ10ཟིན་ཡོད། མིག་སྔའི་བར་ས་ཡོམ་ཁུལ་གྱི་མི24ལ་རྨས་སྐྱོན་ཕོག་ཡོད་པ་རེད། 

  • ཚེས6ཉིན་ཧོ་པེ་ཀྲའོ་ཀྲོའུ་ཡིས་བརྡ་ཁྱབ་བཏང་ནས་གྲོང་མི་རྣམས་ལ་ཆུ་འགྲིབ་པའི་དུས་རིམ་དུ་རང་དགར་ཉེན་ཁའི་ས་ཁོངས་སུ་ཕྱིར་ལོག་བྱེད་མི་རུང་བའི་དྲན་སྐུལ་བྱས་ཡོད། 

  • ཚེས6ཉིན་ཅི་ལིན་ཧྲུའུ་ལན་གྲོང་ཁྱེར་འབྲུབ་འགོག་ཉེན་སེལ་བཀོད་འདོམས་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྲུའུ་ལན་གྲོང་ཨུའི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལུའོ་ཞུས་ཏུང་སོགས་གཞུང་ཞབས་མི་སྣ3ཉེན་སེལ་གེགས་སེལ་ཁྲོད་གཞུང་དོན་དུ་སྐུ་གཤེགས་པ་རེད། 

  • པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་ཏང་ཨུའི་རྒྱུན་ཨུ་དང་སློབ་སྤྱི་གཞོན་པ་ཀྲང་ཀོང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

    4.jpg

  • རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་ཆུ་འཐེན་ནུས་གསོག་གློག་ཁང་ཆེ་ཤོས།——མཚོ་སྔོན་ཝ་རང་གི་ཆུ་འཐེན་ནུས་གསོག་གློག་ཁང་ཚེས་6ཉིན་དངོས་སུ་སྐྲུན་མགོ་བརྩམས། 

  • ཚེས6ཉིན་ཤར་རྒྱ་མཚོའི་དུས་ཡུན་ཟླ་བ་གསུམ་དང་ཕྱེད་ཀ་ཙམ་གྱི་ཉ་འཛིན་མཚམས་བཞག་ནས་ཉ་འཛིན་མགོ་བརྩམས་ཡོད། 

  • ཐང་ཧྲན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས7ཉིན་གྱི་ཆུ་ཚོད0ནས11ཉིན་གྱི་ཆུ་ཚོད24བར་པོ་ཧའེ་ཡི་མཚོ་ཁོངས་ཁག་གཅིག་ཏུ་མེ་མདའ་དངོས་འཕེན་པའི་བྱེད་སྒོ་སྤེལ་ནས་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་པ་རེད། 

    སྲིད་ཇུས།

  • ཧུའུ་ནན་གྱིས་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི་ལག་བསྟར་བྱས་ནས་ཆ་རྐྱེན་འཛོམས་མཁན་གྱིས་སློབ་ཡོན་ཁ་གསབ་བམ་ཡང་ན་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཚབ་འཇལ་བྱེད་ཆོག་གི་ཡོད། 

  • ཉིང་ཞ་ཡིས་མི་བདེན་རྫུན་སྒྲིག་བྱས་ནས་རླངས་འཁོར་གྱི་འབུད་གཏོང་བརྟག་དཔྱད་མ་ལག་ལ་གཏོར་བཤིག་གཏོང་མཁན་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོ་དང་འཕྲུལ་སྒུལ་འཁོར་རིགས་ཞིག་གསོའི་ལས་ཁུངས་ཚང་མར་སྒོར5000གི་དངུལ་ཆད་གཅོད་རྒྱུ་ཡིན་པ་གསལ་བཏོན་བྱས་ཡོད། 

  • ཧྲེན་ཀྲེན་གྱིས་སྲོལ་ཡིག་ལ་གྲོས་འཆམ་བྱས་ནས་ཟླ11ཚེས1ཉིན་ནས་བཟུང་གློག་རྐང་འཁོར་དང་དེའི་གློག་རྫས་ཐོག་ཁང་གི་སྐས་བར་སོགས་མི་སྣ་འདུ་འཛོམས་བྱེད་པའི་ཁང་པའི་ནང་འཇོག་རྒྱུ་དང་གློག་གསོག་རྒྱུ་བཀག་འགོག་བྱ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

    5.jpg

  • མཚོ་སྔོན་གྱི་ཤར་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཧྲའན་ཞིའི(陕西)དབུས་ལྷོ་རྒྱུད། ཅི་ལིན་ཤར་རྒྱུད། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། ཅང་སུའུ་ལྷོ་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་བྱང་རྒྱུད། སི་ཁྲོན་ལྷོ་རྒྱུད། ཀུའེ་ཀྲོའུ་ནུབ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད་པ་དང་། དེའི་ནང་ཅི་ལིན་ཤར་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། སི་ཁྲོན་གཤོང་སའི་ལྷོ་རྒྱུད། ཡུན་ནན་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ལ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་ཀྱི་རེད། 


མཉམ་སྤྱོད།