དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྨ་སྟོད་རྫོང་དུ་དྲེད་མོང11མཉམ་དུ་འདུས་པའི་པར་ལེན་ཐུབ་འདུག

2023-08-07 12:27:20   |   297

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་། 


00.jpg

དབྱར་ཟླ་འབྲིང་པོར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཡུལ་མི་ཞིག་གིས་དྲེད་མོང11ཁྱུ་ཚོགས་སྒྲིག་ནས་སྐྱོད་བཞིན་པ་པར་བླངས་པ་རེད། སྤྲིན་དཀར་དང་ཉི་འོད་འོག་གི་སྤང་ལྗོངས་ན་དྲེད་མོང་དག་བག་ཡངས་ངང་རྒྱུ་བཞིན་ཡོད། རྨ་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཡོད་ཅིང་རྨ་ཆུ་རྫོང་དེའི་ཁོངས་སུ་བཞུར་གྱིན་ཡོད་པས་ “རྨ་ཆུའི་འབྱུང་ཡུལ་དང་མཚོ་མང་འདུས་རྫོང་”ཞེས་པའི་མཚན་སྙན་ཡོད། མཚོ་འཕགས་སྨི4000ཡིན་ཞིང་གསོ་རླུང་འདུས་ཚད17%ལས་མེད། རྨ་སྟོད་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བར་གནས་ཤིང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན།

000.jpg

དྲེད་མོང་ནི་དོམ་གྱི་རིགས་སུ་གཏོགས་པ་ཞིག་ཡིན་པ་དང་། ལུས་སྟོབས་ཆེ་ཞིང་ཕྲག་རྒྱབ་ཁོབ་ཆེ་བ་དང་རྔ་མ་ཐུངཐུང་ཞིག་ཡོད། ན་ཆུང་གི་བྲ་ཁ་ཁམ་ནག་དང་རྒན་གྲས་ཀྱི་བྲ་ཁ་དངུལ་མདོག་ཏུ་མངོན་ཡང་སྤྱིའི་ཆ་ནས་བྲ་ཁ་ཁམ་མདོག་གམ་ཁམ་སེར་ཡིན། བྱེས་སུ་ལོ20ནས30བར་འཚོ་གནས་ཐུབ་ཀྱི་ཡོད།

0000.jpg

དྲེད་མོང་གི་ཁྱབ་རྒྱ་ཆེ་ལ། གཙོ་བོ་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མ་བཅས་སུ་འཚོ་ཞིང་། ཀྲུང་གོར་མཚོན་ན་ཤིན་ཅང་དང་། མཚོ་བོད་ས་མཐོ། བྱང་ཤར་གྱི་ནགས་ཁུལ་སོགས་སུ་ཡོད། ཁོར་ཡུག་ལ་བསྟུན་མཁས་པོ་ཡོད་པས་ས་རྒོད་ཐང་སྟོང་ནས་རི་མཐོ་ས་དང་ནགས་སྟུག་ས། ཐ་ན་འཁྱགས་ཀླུང་དུ་འཚོ་གནས་ཐུབ་ཀྱི་ཡོད། ཟས་སུ་རྩྭ་དང་འབྲུ་རིགས། སིལ་ཏོག་སོགས་རིགས་སྣ་མང་པོ་ཟ་བ་མ་ཟད། སྐབས་རེ་འབུ་སྲིན་དང་རྨིག་ལྡན་སྲོག་ཆགས། ཉ་སོགས་ཀྱི་ཟས་སུ་བསྟེན་པ་ཡིན། ལོ་རེའི་ཟླ5ནས7བར་རྒྱུད་སྤེལ་ཞིང་། མངལ་ཡུན་ཟླ6ནས9བར་ཡིན་པས་དགུན་ཉལ་གྱི་སྐབས་སུ་ཕྲུ་གུ་བཙའ་བ་དང་། བཙའ་ཐེངས་གཅིག་ལ་ཕྲུ་གུ1ནས3བར་བཙའ་བ་ཡིན། །


མཉམ་སྤྱོད།