དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་ནུབ་ཁུལ་གྱི2023ལོའི་དྲུག་པའི་གླུ་རོལ་རིག་གནས་གནས་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་མགོ་བརྩམས།

2023-08-08 11:41:54   |   224

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ་བརྒྱད་པའི་ཐེམ་ཆེན་རྩྭ་ཐང་ནི་རི་མོ་མཁན་གྱི་པིར་རྩལ་ལས་མངོན་པ་དང་འདྲ་ལ། གཟབ་ལ་རྒྱས་པའི་རྟ་མཆོག་གི་ཡུལ་གྲུ་ཡི་དྲུག་པའི་གླུ་རོལ་དུས་ཆེན་དེ་དགའ་བ་དང་སྤྲོ་སེམས་ཁྲོད་ནས་རྟ་རྒྱུག་ཐང་དུ་དགྱེས་འཛོམས་བྱུང་། ཟླ8པའི་ཚེས6ཉིན། མཚོ་ནུབ་ཁུལ་གྱི2023ལོའི་དྲུག་པའི་གླུ་རོལ་རིག་གནས་གནས་སྐོར་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་ཚེ་རིང་ཐར་དུས་ཆེན་མཛད་སྒོར་ཞུགས་པ་མ་ཟད། མཚོ་ནུབ་ཁུལ་གྱི2023ལོའི་དྲུག་པའི་གླུ་རོལ་རིག་གནས་གནས་སྐོར་སྒྱུ་རྩལ་དུས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

2.jpg

མགོ་རྩོམ་མཛད་སྒོའི་སྟེང་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཀླུ་ཁོ་རྒྱལ་དང་། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ནམ་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་ཀྲན་མའོ་ཝའེ། མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཀའོ་ཡུང་ཧུང་། མཚོ་ནུབ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཁོངས་མིའམ་ཁུལ་དཔོན་གཞོན་པ་ལིས་ཐེན་ལིན། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་མཱ་ཅུན། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་ཡང་ཅིན་ཧྲན། ཐེམ་ཆེན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་འོས་མི་ལའོ་ཡུང་ཆང་བཅས་མགོ་རྩོམ་མཛད་སྒོར་ཞུགས། ཀྲུང་གུང་ཐེམ་ཆེན་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཧྲིན་ལིས་ཀྱིས་མགོ་རྩོམ་ཤིས་ཚིག་ཕུལ་ཞིང་། ཀྲུང་གུང་ཐེམ་ཆེན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་སེང་འབྲུག་གིས་ཚོགས་མགོ་བཟུང་།

3.jpg

ཀྲུང་གུང་ཐེམ་ཆེན་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཧྲིན་ལིས་ཀྱིས་དྲུག་པའི་གླུ་རོལ་སྒྱུ་རྩལ་དུས་ཆེན་ནི་ཐེམ་ཆེན་རྩྭ་ཐང་གི་བུ་བུ་མོ་རྣམས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ་ཡོང་བའི་མི་རིགས་རིག་གནས་ཀྱི་རྒྱས་འཛོམས་ཞིག་ཡིན་ལ། མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་འགྲེམ་སྟོན་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། རིག་གནས་དང་གནས་སྐོར་གཉིས་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན་པས། དུས་ཆེན་འདིས་ས་གནས་ཀྱི་མི་ཆོས་དང་རང་བྱུང་ཁོར་ཡུག་གི་ཁྱད་གཤིས་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གི་གདོད་མའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ལྗོངས་རྒྱུ་བཞེངས་སྐྲུན་ལ་ནུས་པ་འདོན་བཞིན་ཡོད་པ་བསྟན།

 མགོ་རྩོམ་མཛད་སྒོའི་སྔོན་ལ་ཐེམ་ཆེན་རྫོང་གི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་གཏོང་ཆེད། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་གཅིག་བསྡུས་ཀྱིས་མངོན་པར་བྱེད་པ་དང་། མཚོ་ནུབ་ཐེམ་ཆེན་རྫོང་གི་རིགས་སོ་སོའི་མི་དམངས་རྣམས་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་བྱེད་པ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ། མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་རྣམ་པ་ལེགས་པོ་མངོན་ཆེད། ཐེམ་ཆེན་རྫོང་གིས་རྟ་མཆོག་སྟོང་གིས་ཐེམ་ཆེན་རྫོང་མཁར་ལ་བསྐོར་བ་བྱས་ཏེ་དུས་ཆེན་ལ་བསུ་མ་བྱེད་པའི་བྱེད་སྒོ་རྩ་འཛུགས་བྱས། རྟ་བ་ཚོས་ལག་ཏུ་ཏང་དར་དང་རྒྱལ་དར་ཐོགས་ཤིང་། དར་ཚོན་སྣ་ལྔའི་དར་ཆ་བསྣམས་ཏེ་རྟ་རྒྱུག་ཐང་དང་རྫོང་མཁར་ལ་བསྐོར་བ་བརྒྱབ་ཅིང་། རྟ་མཆོག་སྟོང་གི་འགྲོས་ཉམས་དང་ཏང་དར་དང་རྒྱལ་དར་སོགས་དར་ཚོན་སྣ་ལྔས་ཐེམ་ཆེན་རྩྭ་ཐང་རྣམ་པར་བརྒྱན་ཏེ་དུས་ཆེན་གྱི་སྤྲོ་བག་གཞན་ཞིག་བསྣན་པ་མ་ཟད། ཐེམ་ཆེན་རིགས་སོ་སོའི་མི་དམངས་རྣམས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ལམ་གསར་བ་འཛུགས་སྐྲུན་ཁྲོད་འབད་པས་བསྐྱོད་བཞིན་ཡོད་པ་མངོན་པར་བསྟན།

4.jpg

མགོ་རྩོམ་མཛད་སྒོའི་སྟེང་སྐུ་མགྲོན་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་ཡིད་དབང་འཕྲོག་པའི་དྭགས་གཙང་ཐེམ་ཆེན་གྱི་མི་རིགས་རྒྱན་གོས་འཁྲབ་སྟོན་དང་། གླུ་དབྱངས། ཞབས་བྲོ་སོགས་ཀྱི་གསོལ་སྟོན་བཤམས་ཤིང་། གླུ་དབྱངས༼སྦྲ་ནག༽དང༼འབྲོག་པ༽། ཞབས་བྲོ༼བཀྲ་ཤིས་རྩྭ་ཐང༽། དེ་མིན་ད་དང་མན་ཕྱུའི་རྒྱན་གོས་འཁྲབ་སྟོན་སྟེ༼སྤོས་ཆུ༽སོགས་མི་རིགས་ཀྱི་ངོ་མཚར་བའི་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པ་ལ་ཡུལ་དངོས་ལྟད་མོ་རྣམས་ཀྱིས་དགའ་བསུ་ཐོབ།

རྒྱུས་ལོན་པ་ལྟར་ན། སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་དུས་ཡུན་ཉིན་ལྔ་ཡིན་པ་དང་། དུས་ཆེན་སྐབས་སུ་རྟ་རྒྱུག་འགྲན་བསྡུར་དང་། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་འགྲན་བསྡུར། གཟུགས་འདས་ཤུལ་བཞག་རིག་གནས་དང་། ཁྱད་ལྡན་ཐོན་རྫས། པར་ལེན་བརྩམས་ཆོས་འགྲེམས་སྟོན། སྐོར་བྲོ་དགོང་ཚོགས།  ཐག་འཐེན་དང་གླང་ཆེན་ས་གཤག ། མདའ་འཕེན། ལ་གཞས་སོགས་ཀྱི་འགྲན་སྡུར་སྤེལ་རྒྱུ་ཡིན་ཕྱིར། དུས་ཆེན་གྱིས་མཚོ་ནུབ་ཐེམ་ཆེན་གྱི་གནས་སྐོར་རིག་གནས་ཀྱི་ལས་དོན་འཕེལ་རྒྱས་གཏོང་བར་སྟེགས་བུ་ཆེན་པོ་བསྐྲུན།

ཁུལ་ཐད་གཏོགས་ལས་ཁུངས་དང་སྤུན་ཟླ་གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད། ཡར་སྔོན་ལ་ཐེམ་ཆེན་དུ་ཕྱག་ལས་གནང་མྱོང་བའི་ལས་བྱེད་རྒན་པ་དང་། མཚོ་ནུབ་ཐེམ་ཆེན་གྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མྱོང་བའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་། ཐེམ་ཆེན་རྫོང་ཨུ་དང་། རྫོང་དམངས་ཆེན། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་ཀྱི་ཚན་ཁག་གི་ཁོངས་མི་དང་། གཙོ་གནད་ཁེ་ལས་ཀྱི་འཐུས་མི། ལས་རིགས་ཁག་གི་ཕུལ་བྱུང་འཐུས་མི། མང་ཚོགས་ཀྱི་འཐུས་མི་སོགས་མགོ་རྩོམ་མཛད་སྒོར་ཞུགས། །


མཉམ་སྤྱོད།