དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-09 08:27:31   |   240

སྒྲིག་སྒྱུར།  ཀླུ་མོ་མཚོ།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས8ཉིན། ནོར་སྲིད་པུ་དང་ཞིང་ལས་གྲོང་གསེབ་པུས་ཞིང་ལས་ཐོན་སྐྱེད་ཀྱི་གེགས་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར7.32བྲེལ་འཚུབ་ངང་གཤམ་སྤྲོད་བྱས་ནས། པེ་ཅིང་དང་ཧོ་པེ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)9དང་དེ་བཞིན་པེ་ཅིང་སློབ་ཆེན་གྱི་ས་རྒོད་གསར་སྦོལ་ཚོགས་པ་སོགས་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་ལས་འབྲུབ་འགོག་གེགས་སེལ་དང་གོད་ཆག་རྗེས་ཀྱི་ཞིང་ལས་ཐོན་སྐྱེད་སླར་གསོ་སོགས་ཀྱི་འབྲེལ་ཡོད་ལས་དོན་དམ་འཛིན་བྱས་ཡོད།

    11.jpg

  • ཚེས8ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི23.55ཡོད་པ་ཁྱབ་སྒྲོག་བྱས།

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས《མིའི་ངོ་གདོང་དབྱེ་འབྱེད་ལག་རྩལ་བཀོལ་སྤྱོད་བདེ་འཇགས་དོ་དམ་གཏན་འབེབས(ཚོད་ལྟའི་ལག་བསྟར)》(བསམ་འཆར་བསྡུ་ལེན་མ་ཟིན)》འཆར་ཟིན་བཀོད་དེ། སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་ཀྱི་ཡོད།

  • བཟོ་འཕྲིན་པུས་སྤོ་སྒུལ་དྲ་སྦྲེལ་ཉེར་སྤྱོད་གོ་རིམ་ཐོ་འགོད་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ཐོ་འགོད་སྙན་སེང་གི་འགྲོ་ལུགས་མ་བསྒྲུབས་ནAPPདྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་གཉེར་མི་ཆོག་པ་བྱས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་དམངས་ཕན་ཞབས་ཞུའི་བྱེད་ཐབས་དཔར་འགྲེམ་བྱས་ནས་སྔོན་མངགས་ཀྱི་འབྱུང་ཁུངས་གཞི་རིམ་དུ་གཤམ་སྤེལ་དང་མཐོ་རིམ་གོ་མིང་ལྡན་པའི་སྨན་པས་སྒོ་བརྟག་ཏུ་ལས་རེས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ5931ལ་གློག་གསོག་སྒྲིག་ཆས་ཁྱབ་པ་དེས་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་སྡོམ་འབོར་གྱི་89.48%ཟིན་ཡོད།

  • ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ཚོགས་པས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས9.7%འཕར་བ་དེ། དུས་མཚུངས་ཀྱི་རྒྱལ་ཡོངས་ཀྱི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས5.9དང5.5ཡིས་མཐོ་བ་ཡོད།

    22.jpg

  • ཚེས8ཉིན་གྱི་དགོང་མོར། ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་མཛད་སྒོ་ཁྲེང་ཏུའུ་སྒྲེན་ཐང་རོལ་དབྱངས་སྤྱི་གླིང་དུ་འཚོགས།

སྤྱི་ཚོགས།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཧེ་ལུང་ཅང་ཞིང་ཆེན་གྱི་ནེན་ཅང་གཙང་པོའི་ཆུ་ལག་ཁུའུ་ལེ་གཙང་པོ་དང་མུའུ་ཏན་གཙང་པོའི་ཆུ་ལག་ཐེ་ལིང་གཙང་པོ་སོགས་གཙང་པོ11ལ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་བྱུང་ཡོད་པ་རེད།

  • པེ་ཅིང་མོན་ཐོའུ་ལུང་ཤུར་དུ་མིག་སྔར་གནོད་འཚེ་ཕོག་པའི་སྡེ་བ158ཀྱི་ཁྲོད་སྡེ་བ28ཀྱིས་རྒྱུན་གཏན་གྱི་ཆུ་མཁོ་འདོན་སླར་གསོ་བྱས་པ་དང་། སྡེ་བ130ཡིས་འཕྲལ་བསྟུན་ཆུ་མཁོ་འདོན་རླངས་འཁོར་བརྒྱུད་གནས་སྐབས་ཆུ་མཁོ་འདོན་འགན་ལེན་བྱས་པས། གནོད་འཚེ་ཕོག་པའི་སྡེ་མི་ཚང་མར“ལམ་ཤར་གཏོང་དང་ཆུ་ཐོབ་ཐུབ་པ”མངོན་འགྱུར་བྱུང་ཡོད།

  • ཧོ་པེ་ཞིང་ཆེན་ཆུ་བེད་ཐིང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཧོ་པེ་ཞིང་ཆེན་གྱི་ཆུ་ལོག་ཆུ་ལམ་གྱི་ཆུ་ཁ་གོ་རིམ་ལྡན་པའི་ངང་མར་ཆག་བཞིན་ཡོད་པ་རེད།

  • ཚེས8ཉིན། ཆུ་ཚོད36རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཅི་ལིན་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རུ་མི་14ལས་གྲུབ་པའི་སྔོན་སྐྱོད་འཚོལ་སྐྱོབ་རུ་ཁག་གིས་ཧྲུའུ་ལན་གྱི་སྡེ་བ་ཚང་མ་དང་འབྲེལ་བ་བྱེད་ཐུབ་ཡོད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཆུ་ལོག་གིས་སྦངས་པ་དང་ཐུམ་སྒྲིལ་ལ་གཏོར་སྐྱོན་ཕོག་པའི་བཟའ་བཅའ་འཚོང་མི་ཆོག་པའི་བླང་བྱ་བཏོན་ཡོད།

  • རྒྱལ་ཁབ་རིག་དངོས་ཅུས2023ལོར་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱེད་མགོ་རྩོམ་པ་ཁྱབ་སྒྲོག་བྱས།

  • ཀྲེ་ཅང་ཆུས་ཀྲོའུ་ཁུལ་ཁོ་ཁྲེང་ཆུས་སློབ་གསོ་ཅུས“བུ་བཅོལ་ཁང་གི་ཆུ་རྐྱལ་རྩལ་ཁྲིད་པས་ཕྲུ་གུར་ལུས་ཆད་བཅད་པའི”དོན་རྐྱེན་བརྡ་ཁྱབ་བཏང་ནས། བུ་བཅོལ་ཁང་དུ་ཆུ་རྐྱལ་གསོ་སྦྱོང་སློབ་ཚན་གནས་སྐབས་མཚམས་འཇོག་དགོས་པའི་བཀའ་བཏང་བ་དང་འབྲེལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་པ་དང་། དོན་རྐྱེན་དང་འབྲེལ་བའི་རྩལ་ཁྲིད་པ་ལས་གནས་ནས་ཕྱིར་སློག་བྱས་ཡོད།

    44.jpg

  • ཚེས7ཉིན་རྒྱལ་ཁབ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ཅུས་འགྲུལ་སྐྱེལ་མེ་འཁོར་ཐེངསK396གི“མེ་འཁོར་གྱི་མི་སྣ་གསུམ”ལ་མི་རེར་སྒོར་ཁྲི་གཅིག་གི་བྱ་དགའ་སྤྲོད་རྒྱུ་དང་། ཀྲའོ་དབྱང་སོགས་བློ་མཐུན་གསུམ་དོ་དམ་དང་ཆེད་ལས་ལག་རྩལ་མི་སྣའི་ལས་གནས་ཐོག་ལས་ཀ་བྱེད་པའི་གོ་གནས་སྤོར་བ་ཐག་བཅད།

    སྲིད་ཇུས།

  • ཧོ་པེས《ཀྲུང་ལུགས་གསོ་རིག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བྱེད་ཐབས་འགའ》དཔར་འགྲེམ་བྱས་ནས་ནད་ཐོག་ཚོད་ལྟའི་ཞིབ་འཇུག་ནང་ཞུགས་པའི་ཀྲུང་ལུགས་སྨན་རྫས་གསར་གཏོད་ལ་མ་དངུལ་ཆེས་མཐོ་ཤོས་སྒོར་ཁྲི500སྤྲོད་རྒྱུ་རེད།

  • ཧྥུ་ཅན་གྱིས་ལས་ཞུགས་ལྟ་སྦྱོང་བསྡུ་ལེན་བྱེད་མཁན་སྡེ་ཚན་ལ་ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་སྤྲོད་རྒྱུ་དང་། སློབ་སྦྱོང་བྱེད་ཡུན་ལོན་ནས་ཉར་ཚད50%ཡན་ཟིན་པའི་སྡེ་ཚན་ལ་ལྟ་སྦྱོང་གི་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་གཏོང་བ་བཏོན།

  • ཧྲེན་ཀྲེན་གྱིས་བྱ་བའི་ཇུས་གཞི་དཔར་འགྲེམ་བྱས་ནས། གཅིག་གྱུར་གྱི་ཡིད་རྟོན་སྙན་ཞུ་སྤྱད་དེ་ཁེ་ལས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་དཔང་ཡིག་མེད་པའི་ཚབ་བྱས་ནས། ཡིད་རྟོན་ཉམས་གསོ་བྱེད་པར“གནས་གཅིག་ནས་སྒྲུབ་པ་དང་ཐེངས་གཅིག་ལ་སྒྲུབ་པ”ལག་བསྟར་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

    55.jpg

  • ཧེ་ལུང་ཅང་གི་བྱང་རྒྱུད་དང་བོད་ལྗོངས་ཀྱི་་ཤར་ལྷོའི་རྒྱུད། ཧུའུ་ནན། ཅང་ཞི། ཀྲེ་ཅང་ལྷོ་རྒྱུད། ཧྥུ་ཅན། ཡུན་ནན་གྱི་དབུས་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད། དེའི་ནང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ཧུའུ་ནན་གྱི་དབུས་རྒྱུད། ཅང་ཞིའི་དབུས་ལྷོ་རྒྱུད། ཧྥུ་ཅན་ཤར་རྒྱུད། ཡུན་ནན་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།