དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-10 08:55:02   |   395

སྒྲིག་སྒྱུར།  ཀླུ་མོ་མཚོ།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས9ཉིན། ཀྲུང་དབྱང་ནོར་སྲིད་ཀྱིས་བྲེལ་འཚུབ་ངང་སྒོར་དུང་ཕྱུར10བཏང་ནས། རྒྱལ་ཁབ་ཀྱི་ཆུ་ལོག་གསོག་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས།

  • ཚེས9ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཧོ་པེ་ཞིང་ཆེན་གྱི་འབྲུབ་འགོག་རིམ་པ་གཉིས་པའི་འཕྲལ་བསྟུན་བརྡ་ལན་རིམ་པ་གསུམ་པར་ལེགས་སྒྲིག་བྱ་རྒྱུ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་དུ་ཁོར་ཡུག་སྦགས་བཙོག་ཉེས་གསོག་གི་ཁྲིམས་འཛིན་འགྲེལ་བཤད་ཁྱབ་བསྒྲགས་བྱས་ནས། ཁོར་ཡུག་སྦགས་བཙོག་བཟོ་བའི་ཉེས་གསོག་གི་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་ཚད་གཞི་ལེགས་སྒྲིག་བྱས་ཏེ། ཟླ8ཚེས15ཉིན(རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐོག་མ)ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཀྲུང་དབྱང་དྲིལ་སྒྲོག་པུ་དང་དྲ་འཕྲིན་གཞུང་ལས་ཁང་སོགས་སྡེ་ཁག་བཅུ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་གླེང་སྟེགས་བྱེད་སྒོ་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ་ལས། “ཀྲུང་གོ”དང“རྒྱལ་ཡོངས”སོགས་ཀྱི་ཡིག་འབྲུ་གང་བྱུང་དུ་སྤྱོད་མི་ཆོག་པ་བྱས།

    1.jpg

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་བདུན་པར་རྒྱལ་ཡོངས་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)དུས་མཚུངས་ལས0.3%མར་ཆག་པ་དང་ཟླ་གོང་མ་ལས0.2%འཕར་ཡོད།

  • ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་ཚེས9ཉིན་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་བདུན་པར་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས89.3ཡིན་པ་དེ་ཟླ་བ་གོང་མ་ལས0.2འཕར་ནས་ཟླ་བ་གཉིས་ལ་བསྟུད་མར་འཕར་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ལོ་སྟོད་དུ་ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་འཇར་ཕན་ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

    2.jpg

  • ཚེས9ཉིན་གྱི་དུས་ཚོད6དང་སྐར་མ53སྟེང་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཁོར་ཡུག་གནོད་འཚེ་ཉུང་གཏོང་ཨང་གཉིས་པའི་སྲུང་སྐར06རྒྱལ་ཁའི་ངང་འཕེན་གཏོང་བྱས།

  • འཇར་ཕན་གྱི་སྲིད་ཚོང་པ་མ་ཧྲེང་ཐའེ་ལང་གིས་ཐའེ་ཝན་དུ་ཧམ་གཏམ་བཤད་པ་དང་། ཕྱི་འབྲེལ་པུས་དེར་ཀྲུང་གོ་ཕྱོགས་ཀྱིས་ འཇར་ཕན་ཕྱོགས་ལ་སྐད་ཆ་ནན་པོ་བྱས་ནས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་བཤད།

    སྤྱི་ཚོགས།

    3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས9ཉིན་མུ་མཐུད་དུ་རྒྱ་མཚོའི་རླུང་དམར་སྔོན་པོའི་སྔོན་ཟོན་ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་རྒྱ་མཚོའི་རླུང་དམར་ཨང6པ“ཁ་ནུའོ”སྔོན་དཔག་བྱས་ན་ཚེས12ཉིན་གྱི་སྔ་དྲོ་རང་རྒྱལ་གྱི་ས་ཁོངས་སུ་སྤོ་རྒྱུ་རེད།

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཧོ་པེ་སོགས་གནོད་འཚེ་ཕོག་པའི་ས་ཁུལ16གི་གུན་སྐྱོབ་སྒྲིག་གཞིས་སྒོར་དུང་ཕྱུར4.32སྐྱིན་ཚབ་སྤྲད་ཡོད་པ་རེད།

  • ཚེས9ཉིན་པེ་ཅིང་གྲོང་ཁྱེར་གྱིས་བརྡ་ཁྱབ་བཏང་བར་གཞིགས་ན། ཚེས8ཉིན་གྱི་ཆུ་ཚོད24བར་གྲོང་ཁྱེར་ཡོངས་སུ་དྲག་ཆར་གྱི་གནོད་འཚེ་ཚབས་ཆེན་ཕོག་ནས་མི33རྐྱེན་ལམ་དུ་ཤོར་བ་དང་། ད་དུང་མི18གར་སོང་ཆ་མེད་དུ་གྱུར་པའི་ནང་ཉེན་སེལ་གེགས་སེལ་མི་སྣ་གཅིག་ཚུད་ཡོད་པ་རེད།

  • ཚེས9ཉིན། ཅི་ལིན་ཧྲུའུ་ལན་གྲོང་ཁྱེར་གྱི་སྐུ་གཤེགས་པའི་ཧྲི་ཀྲང་གཞོན་པ་ལུའོ་ཞུས་ཏུང་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་རྗེས་སྤྲོད་གནང་།

  • ཧེ་ལུང་ཅང་ཧྲང་ཀྲི་གྲོང་ཁྱེར་གྱིས་བརྡ་ཐོ་བཏང་བ་ལྟར་ན། རྒྱ་མཚོའི་རླུང་དམར“ཁ་ནུའོ”ཡི་ཤུགས་རྐྱེན་ཕོག་པའི་དབང་གིས་ཚེས10ནས12ཉིན་བར་གྲོང་ཁྱེར་ཡོངས་ཀྱིས་སློབ་མཚམས་འཇོག་པ་དང་བྱ་བ་སྒྲུབ་མཚམས་འཇོག་པ། ཐོན་སྐྱེད་བྱེད་མཚམས་འཇོག་པ། སྐྱེལ་འདྲེན་བྱེད་མཚམས་འཇོག་པ། ལས་མཚམས་འཇོག་པ་བཅས་བྱ་རྒྱུ་རེད།

  • ཚེས9ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར240དང་སྒོར230ཡིས་འཕར་བ་རེད།

  • ཚེས9ཉིན་གྱི་སྔ་དྲོར། སི་ཁྲོན་ཡ་ཨན་ཡུས་ཁྲེང་ཆུས་བྱང་འདབས་གྲོང་རྡལ་ལུང་ཞི་གཙང་པོའི་སྟོད་རྒྱུད་དུ་གློ་བུར་དུ་ཆུ་རྒྱས་ནས་མི7རྐྱེན་ལམ་དུ་ཤོར་བ་རེད།

  • མི་ཞིག་གིས་ཆུ་ལོག་གནོད་འཚེའི་རོགས་སྐྱོབ་ཀྱི་པར་རིས་སྤྱད་དེ་མ་དངུལ་གྲབས་གསོག་བྱེད་པར་དམིགས་ནས། པེ་ཅིང་ཧྥང་ཧྲན་ལན་ཐེན་རོགས་སྐྱོབ་རུ་ཁག་གིས་ཚེས9ཉིན་སྤྱི་ཚོགས་ལ་ཕྱོགས་ནས་ཞལ་འདེབས་སློང་མྱོང་མེད་པ་དང་གཡོ་འོག་ཏུ་ཚུད་མི་རུང་བར་བཤད།

    5.jpg

  • ཉེ་ཆར་ཧྥུ་ཅན་ཆོན་ཀྲོའུ་ཡི་མཚོ་འགྲམ་དུ་མ་བུ་གཉིས་ཀྱིས་པར་རྒྱག་སྐབས་རླབས་ཆེན་གྱིས་རྒྱ་མཚོའི་ནང་དྲུད་པ་ན། ཉེ་འགྲམ་གྱི་ཕོ་གཞོན་དབྱང་མིང་འཕྲལ་དུ་རྒྱ་མཚོར་མཆོངས་ནས་གནས་སྐོར་བ་གཞན་དག་དང་མཉམ་དུ་མ་བུ་གཉིས་བསྐྱབས་པ་རེད།

    སྲིད་ཇུས།

  • ཆུ་བེད་པུ་སོགས་སྡེ་ཁག9ཡིས་མཉམ་འབྲེལ་ཐོག་བྱེད་ཐབས་བཀྲམ་ནས། ཆུ་ལེན་ཆོག་འཐུས་དང་འཆར་འགོད་ཆུ་སྤྱོད། བཅད་གྲངས་དོ་དམ་བཅས་ནན་པོ་བྱས་ཏེ། ལུགས་དང་མི་མཐུན་པའི་ཆུ་སྤྱོད་དགོས་མཁོ་མཐའ་གཅིག་ཏུ་ཚོད་འཛིན་བྱས་ཡོད།

  • ལེའོ་ཉིང་གིས་ཇུས་གཞི་དཔར་འགྲེམ་བྱས་ནས། མིག་སྲུང་ལུས་རྩལ་དེ་འབྲིང་རྒྱུགས་ལུས་རྩལ་དང་བདེ་ཐང་སློབ་གསོའི་ལག་ལེན་བཀོལ་སྤྱོད་རྒྱུགས་ལེན་གྱི་ནང་དོན་ནང་བཅུག་པ་དང་། དཔྱད་ཞིབ་བྱས་འབྲས་དེ་འབྲིང་རྒྱུགས་ཀྱི་སྤྱིའི་རྒྱུགས་འབྲས་ནང་འཇུག་རྒྱུ་རེད།

  • ཁྲུང་ཆིང་གིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ནས། རང་དགར་སྡོད་གནས་ཁུལ་གྱི་སྔོ་ལྗང་བཟུང་སྤྱོད་བྱེད་མི་ཆོག་པ་དང་། རང་དགར་སྡོད་གནས་ཁུལ་གྱི་སྔོ་ལྗང་ངོ་བོ་དང་སྤྱོད་སྒོ་འགྱུར་ལྡོག་གཏོང་རྒྱུ་གཏན་འགོག་བྱས།

    དེ་རིང་གི་གནམ་གཤིས། 

    4.jpg

  • ཧེ་ལུང་ཅང་གི་ཤར་རྒྱུད་དང་ཅི་ལིན་གྱི་བྱང་ཤར་རྒྱུད། ཧྥུ་ཅན་གྱི་དབུས་ལྷོ་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཀོང་ཏུང་གི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། བོད་ལྗོངས་ཀྱི་དབུས་རྒྱུད། མཚོ་སྔོན། ཀན་སུའུ་ཡི་ལྷོ་རྒྱུད་དང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།