དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲན་ཏུང་གི་ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པའི་སློབ་ཚོགས་ཀྱི་སློབ་གསོའི་རྟེན་གཞིའི་སྒོ་བྱང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་བཀལ་བ།

2023-08-10 17:06:50   |   224

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།  


ཟླ8པའི་ཚེས9ཉིན“ཧྲན་ཏུང་གི་ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པའི་སློབ་ཚོགས་ཀྱི་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བ་དང་གཅེས་སེམས་དཔེ་དེབ་ཞལ་འདེབས་ཕུལ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ་ལ། ཧྲན་ཏུང་གི་ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པའི་སློབ་ཚོགས་ཀྱི་སློབ་གསོའི་རྟེན་གཞི་དེ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། ཧྲན་ཏུང་མའེ་ཏི་སིན་སྡེ་ཚོགས་ཀྱིས་མདོ་ལ་རྫོང་སློབ་གསོ་ཅུས་ལ་རིན་ཐང་སྒོར་ཁྲི20ཟིན་པའི་གཅེས་སེམས་དཔེ་དེབ6000ལྷག་ཙམ་ཞལ་འདེབས་ཕུལ།

640.jpg

640 (1).jpg

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་བྱང་ཁུལ་གྱིས་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་དར་སྤེལ་གཏིང་ཟབ་བྱས་ཤིང་། གསར་བརྗེའི་ཉམས་ཞིབ་ལག་ལེན་རྟེན་གཞི་གཏོད་པའི་བྱེད་སྒོ་ཧུར་ཐག་སྤེལ་ནས“ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པ” “རང་འགུལ་ངང་འདྲེས་པར་བྱས་ཏེ་ལན་ཡག་པོར་འདེབས་པ“ “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་ཇི་ལྟར་བྱས་ནས་མི་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ”བཅས་ཀྱི་ལོ་རྒྱུས་ཀྱི་ལན་ཡག་པོ་ཞིག་བཏབ་ནས། མི་སྣ་ཡོངས་གསོ་སྐྱོང་དང་བརྒྱུད་རིམ་ཧྲིལ་པོར་མི་གསོ་སྐྱོང་བྱེད་པ། ཕྱོགས་ཡོངས་ནས་མི་གསོ་སྐྱོང་བྱེད་པ་བཅས་ཀྱི་ཁྲོད་གཞོན་ནུ་ལོ་ཆུང་ཚོས་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བྱས་ནས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་དགོས་པ་གསོ་སྐྱོང་བྱས་ཤིང་།  “ཧྲན་ཏུང་གི་ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པའི་སློབ་ཚོགས་ཀྱི་སློབ་གསོའི་རྟེན་གཞིའི”སྒོ་བྱང་བདེ་བླག་ངང་བཀལ་བ་དེས་གོམ་གང་མདུན་སྤོས་སྒོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དེ་ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པ་དང་མཉམ་འདྲེས་ཐུབ་པ་དང་། ཧྲན་ཏུང་གི་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས་སྔར་བས་མཉམ་འདྲེས་ཐུབ་ནས་ཧྲན་ཏུང་དང་མཚོ་སྔོན་ས་ཁུལ་གཉིས་དབར་བརྗེ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་ཐུབ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།    

640 (2).jpg

640 (3).jpg

དེའི་རིང་། ཧྲན་ཏུང་གི་ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པའི་སློབ་ཚོགས་འཁོར་དང་བཅས་པས་ཡུལ་དངོས་ནས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་། ཁུལ་མི་རིགས་རྟེན་མཛོད་ཁང་། སྨོན་ལམ་མཐོན་པོ་མཁའ་དམག་གི་རྗེས་ཤུལ་བཅས་ལ་ལྟ་སྐོར་བྱས།    


མཉམ་སྤྱོད།