དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-11 08:52:14   |   384

སྒྲིག་སྒྱུར།  ཀླུ་མོ་མཚོ།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས10ཉིན། ནོར་སྲིད་པུ་དང་ཆུ་བེད་པུས་སྒོར་དུང་ཕྱུར15.05བྲེལ་འཚུབ་ངང་གཤམ་སྤྲོད་བྱས་ནས་གནོད་འཚེ་ཕོག་པའི་ས་ཁུལ་དུ་ཆུ་བེད་དང་ཆུས་གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་ཉམས་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས། 

  • ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར3713ཟིན་པ་དེ་དུས་མཚུངས་ལས7%འཕར་ཡོད། 

  • ཚེས10ཉིན། རིག་གནས་གནས་སྐོར་པུས་ཀྲུང་གོའི་སྤྱི་དམངས་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ(ཁག་གསུམ་པ)ལ་གནས་སྐོར་དུ་འགྲོ་བའི་ཚོགས་པའི་ལས་སྒོ་སླར་གསོ་བྱས། 

  • རིག་གནས་གནས་སྐོར་པུ་དང་སྤྱི་བདེ་པུས་ཉེ་ཆར་གློག་འགྲན་མགྲོན་ཁང་དོ་དམ་ཁྲོད་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་པ་རེད། 

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་དུས་མཚུངས་ལས་སོ་སོར7.4%དང7.9%འཕར་ཡོད། 

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་ཚེས10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་གཞུང་ཁོངས་མ་རྩ་ཀྲུང་དབྱང་ཁེ་ལས་རིམ་པའི་བཀག་ཉར་གྱོད་གཞི142ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཀྲུང་དབྱང་དོ་དམ་ཁེ་ལས་ཀྱི་མི214ཡིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་ཚིགས་ལས་སྟེགས་ཀྱིས་ཁེ་ལས་ཀྱི་བྱེད་པོའི་ཐོབ་ཐང་མཉམ་བསྲེས་བྱས་པའི་རྫུན་བཟོའི་ཆ་འཕྲིན་སོགས་ཁེ་ལས་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་ཁེ་དབང་གནོད་འཚེའི་ཆ་འཕྲིན་ཐེར་འདོན་རིགས6གཙོ་གནད་ཐོག་བདག་སྤྲོད་དང་ཐག་གཅོད་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

    00.jpg

  • ཚེས10ཉིན། གོ་ལ་ཧྲིལ་པོའི་སྐྲུན་བཞིན་པའི་ཚོང་སྤྱོད་ཉིང་རྡུལ་འགྱུར་འབྱུང་སྒྲིག་ཆས་ཆུང་གྲས་དང་པོ“ལིང་ལུང་རྟགས་ཅན་དང་པོ”ཡི་ལྟེ་བའི་དུམ་བུ་དེ་ཧའེ་ནན་དུ་དཔྱང་སྒྲིག་ལེགས་གྲུབ་བྱུང་ཡོད། 

    222.jpg

  • ཚེས10ཉིན། ཀུའུ་ཧྲེན་སྲུང་སྐར་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཞི་འོད་ དང་པོའི་སྲུང་སྐར01སོགས་སྲུང་སྐར་བདུན་དུ་བཞག་ནས་བདེ་བླག་ངང་མཁའ་དབྱིངས་སུ་འཕུར་བ་རེད། 

  • ཨ་རི་ཕྱོགས་ཀྱིས་ཕྱི་ཕྱོགས་མ་འཇོག་ཞིབ་བཤེར་སྲིད་འཛིན་བཀའ་རྒྱ་ཁྱབ་བསྒྲགས་བྱས་པ་དང་། ཚོང་དོན་པུས་ཨ་རི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་བའི་ཁྲོམ་རའི་དཔལ་འབྱོར་དང་དྲང་གཞག་འགྲན་རྩོད་ཀྱི་རྩ་དོན་དང་རྒྱབ་འགལ་ཚབས་ཆེན་བྱས་པ་དང་། ཁེ་ལས་ཀྱི་རྒྱུན་གཏན་གཉེར་སྐྱོང་ཐབས་ཇུས་ལ་ཤུགས་རྐྱེན་ཐེབས་པ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་གཏོར་བཤིག་བཏང་བ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་གི་བདེ་འཇགས་ལ་ཟིང་ཆ་ཚབས་ཆེན་བཟོས་པར་བཤད། 

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་སྔོན་པོའི་ཉེན་བརྡ་ཁྱབ་བསྒྲགས་བྱས། འབྱུང་འགྱུར་ཉིན་གསུམ་རིང་རྒྱ་མཚོའི་རླུང་འཚུབ“ཁ་ནུའོ”དང་དེའི་མཐའ་འཁོར་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཅི་ལིན་ཤར་རྒྱུད་དང་ཧེ་ལུང་ཅང་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་པ་དང་། ས་ཆ་ཁ་ཤས་སུ་དྲག་ཆར་ཤིན་ཏུ་ཆེན་པོ་ཡོད་པ་རེད། 

    333.jpg

  • ཚེས10ཉིན། ཅི་ལིན་ཧྲུའུ་ལན་གྲོང་ཁྱེར་འབྲུབ་འགོག་ཉེན་སེལ་བཀོད་འདོམས་པུས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔོན་ཉེན་སེལ་གེགས་སེལ་ཁྲོད་ཉེན་ཁ་འཕྲད་ནས་འབྲེལ་བ་ཆད་པའི་གཞུང་ལས་མི་སྣ་ཀྲང་ཀྲི་ཀྲའོ་དབྱིན་གཞུང་དོན་དུ་སྐུ་གཤེགས་པ་རེད། 

  • པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འབྲུབ་འགོག་ཉེན་སེལ་གེགས་སེལ་ལས་དོན་ནང་སྐུ་གཤེགས་པའི་བློ་མཐུན་ལིའུ་ཅེ་དང་ཝང་ཧུང་ཁྲུན། ལིའུ་ཅན་རྨིན། ཞུང་ལི་བཅས་སྔོན་གཤེགས་དཔའ་བོར་གཏན་འཁེལ་བྱས་པ་རེད། 

  • “AIངོ་བརྗེ”བྱས་ནས་མང་ཚོགས་ལ་མགོ་སྐོར་གཏོང་བའི་གནད་དོན་ལ་དམིགས་ནས། སྤྱི་བདེ་ལས་ཁུངས་ཀྱིས་ཆེད་དོན་བྱ་སྤྱོད་སྤེལ་ཏེ་འབྲེལ་ཡོད་གྱོད་གཞི79མྱུལ་ཞིབ་བྱས་ནས་ཉེས་གསོག་དོགས་ཅན515འཛིན་བཟུང་བྱས། 

  • ཚེས10ཉིན་བར། ད་ལོའི་གློག་བརྙན་དབྱར་གསེང་གི་ཡིག་ཚགས་ཀྱི་སྤ་སེ་འཚོང་ཚད་དུང་ཕྱུར150ལས་བརྒལ་བ་དང་། ལོ་བཞི་སོང་རྗེས་སླར་ཡང་སྒོར་དུང་ཕྱུར་བརྒྱ་རིམ་པར་སླེབས་ཡོད་པ་རེད། 

  • འགག་གསུམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་འབྲི་ཆུའི་སྐས་རིམ་གློག་ཁང་དྲུག་གིས་ཉིན་རེར་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར10ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་ནུས་ཤུགས་ཡོད་རྒུས་རྩེར་སླེབས་མཁོ་འདོན་འགན་ལེན་བྱས་ཡོད། 

  • ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་ཅི་པིན་ཁྲང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས། 

  • ཧུའུ་ནན་གྱིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས། ཞང་ཡ་སྨན་ཁང་གསུམ་པའི་ཚན་ཁག་གི་ཀྲུའུ་རེན་ཐེར་འདོན་བྱས་པའི་དོན་རྐྱེན་ལ་བརྟག་དཔྱད་བྱས། 

    444.jpg

  • ཉེ་ཆར་མཚོ་བོད་མཐོ་སྒང་དུ་དམིགས་བསལ་དུ་ཡོད་པའི་རྩ་ཆེའི་ཉ་རིགས་ཉ་རྔ་ཕྲ(细尾鮡)གཙང་གསུམ་ཆུ་མགོའི་རྫ་ཆུ་རྒྱུག་ཁུལ་དུ་ལོ40ལྷག་ལ་མེད་པར་གྱུར་རྗེས་སླར་ཡང་མངོན་ཡོད། 

    555.jpg

  • ཧོ་ནན་ཞིན་དབྱང་གི་ལོ26ལ་སླེབས་པའི་བུད་མེད་ནད་གཡོག་པ་ཅི་མེང་ཡའོ་བསམ་ཡུལ་ལས་འདས་པའི་རྐྱེན་གྱིས་ཚེ་ལས་འདས་པ་རེད། འདོད་བློར་བརྩི་སྲུང་ཞུས་ནས་ཕ་མས་ཁོ་མོའི་མཆིན་པ་དང་མཁལ་མ། མིག་སྐྱི་བཅས་ཞལ་འདེབས་སུ་བརྒྱབ་ནས་ནད་པ5གསར་སྐྱེས་བྱུང་དུ་བཅུག 

    སྲིད་ཇུས།

  • ཧྲང་ཧའེ་ཡིས་སྲིད་ཇུས་བཏོན་ནས་སློབ་གྲྭ་འབྲིང་ཆུང་རེར་ཉུང་མཐར་ཡང་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་གཅིག་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

  • ཧྲན་ཏུང་གིས་བཟོ་ལས་ཀྱི་འཛེར་སྒྲའི་འབྲེལ་ཡོད་དོ་དམ་བླང་བྱ་བཙོག་འབུད་ཆོག་འཐུས་ལག་ཁྱེར་ནང་འཇུག་རྒྱུ་ཁ་གསལ་བཏོན་ཡོད། 

  • ལེའོ་ཉིང་གིས་སྨན་བཅོས་གུན་སྐྱོབ་ཀྱི་སྒྲུབ་གཉེར་ཞབས་ཞུའི་སྒེའུ་ཁུང་གི“ཕྱོགས་བསྡུས་སྒྲོམ་བཟོ་བའི་ལམ་ལུགས”ལག་བསྟར་བྱས་ནས་སྒེའུ་ཁུང་མདུན་དུ་གུན་སྐྱོབ་རིགས་དང་། དོན་གནད་མི་དབྱེ་བ། སྒེའུ་ཁུང་གཅིག་གིས་བདག་སྤྲོད། གཅིག་འཐུས་རྣམ་པའི་ཞབས་ཞུ་བཅས་ཀྱི་དབྱེ་བ་མེད་པར་བཟོས། 

    དེ་རིང་གི་གནམ་གཤིས།

    5555.jpg

  • ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་ཅི་ལིན་གྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཧྲའན་ཞིའི(陕西)བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ནང་སོག་གི་ཧོ་ཐའོ་ས་ཁུལ། ཧྲན་ཞིའི(山西)དབུས་རྒྱུད་དང་ནུབ་བྱང་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་ནས་དྲག་ཆར་འབབ་ཀྱི་ཡོད། དེའི་ནང་ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།