དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-14 08:28:48   |   1496

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུ་དང་མཁོ་སྒྲུབ་དོ་དམ་པུས་བརྙན་ལམ་ཐོག་ནས་གྲོས་མོལ་བཏང་སྟེ། དུས་ཐོག་ཏུ་ཁང་པའི་བདེ་འཇགས་དཔྱད་འཇོག་བྱས་ཏེ་ཧོ་པེ་དང་ཐེན་ཅིན་སོགས་ས་གནས་ཀྱི་གནས་སྤོའི་བཀོད་སྒྲིག་མི་སྣ་བདེ་འཇགས་ངང་ཕྱིར་ལོག་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཧོ་པེ་སོགས་གནོད་འཚེ་ཕོག་པའི་ས་ཁུལ16གི་གྱོད་དོན་སྙན་ཞུ་ཁྲི11.4ལ་སྐྱིན་ཚབ་སྤྲད་པ་དང་། སྐྱིན་ཚབ་སྒོར་དུང་ཕྱུར14.5སྤྲད་ཡོད།

  • བཟོ་འཕྲིན་པུས་གནོད་འཚེ་ཕོག་པའི་འཕྲིན་གཏོང་སྒྲིག་བཀོད་མགྱོགས་མྱུར་ངང་སླར་གསོ་བྱས་ཏེ། གནོད་འཚེ་ཕོག་པའི་ས་ཁུལ་གྱི་འཕྲིན་གཏོང་ཞབས་ཞུ་རྒྱུན་གཏན་གྱི་ཆུ་ཚད་དུ་གང་མགྱོགས་སླར་གསོ་བྱེད་དགོས་པ་བསྟན།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱི་འཁྱག་སྦྲེལ་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི3.1ཟིན་པ་དེ་དུས་མཚུངས་ལས3.7%འཕར།

  • གྲངས་གཞི་གསར་ཤོས་ལས་མངོན་པར། ཀོང་ཏུང་དང་ཅང་སུའུ་ཡི་ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་སྡོམ་འབོར་ཐོག་མར་སྒོར་དུང་ཕྱུར་ཁྲི6ལས་བརྒལ་ཞིང་། དཔལ་འབྱོར་འཕར་བའི་སྒུལ་ནུས་ལེགས་སུ་ཕྱིན་ཡོད།

    ca893b0f2ba78ffd1af6baae96df9790_640_wx_fmt=gif&wxfrom=5&wx_lazy=1&wx_co=1.gif

  • ཚེས13ཉིན། རང་རྒྱལ་གྱིས་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་སྐམ་སའི་འཚོལ་ཞིབ་ཚད་ལེན་ཨང་བཞི་པའི་འཁོར་སྐར01འཕེན་གཏོང་བྱས།

  • ལའེ་ཆིང་ཏེ“རྒྱལ་མཚམས་སྒྲོལ་བའི”ཨ་རིར་ཕྱོགས་མྱུལ་བྱེད་སྐབས། ངེད་ཕྱི་འབྲེལ་པུས་ཨ་རིའི་ཕྱོགས་ལ་རྣམ་པ་གང་རུང་གི་ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་བྱེད་མཚམས་འཇོག་པ་དང་།“ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་དང་དེའི་ཁ་བྲལ་ལས་འགུལ་རྒྱ་ཡན་དུ་གཏོང་བ། རྒྱབ་སྐྱོར་བྱེད་མཚམས་འཇོག་པ། ཀྲུང་གོ་གཅིག་གི་རྩ་དོན་སྟོང་སློག་མཚམས་འཇོག་པ་བཅས་བྱེད་དགོས་པའི་སྐུལ་ལྕག་བཏང་།

  • ལའེ་ཆིང་ཏེ“རྒྱལ་མཚམས་སྒྲོལ་བའི”ཨ་རིར་ཕྱོགས་མྱུལ་བྱས་པ་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་ལའེ་ཆིང་ཏེས“ཨ་རིར་བརྟེན་ནས་རང་བཙན་བྱེད་པའི”ཐའེ་ཝན་ལ་གནོད་པའི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། “ཐའེ་ཝན་རང་བཙན”དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ནི་མེ་ཆུ་ལྟར་མི་རུང་ཞེས་བཤད།

    སྤྱི་ཚོགས།

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་སྔོན་བརྡ་བཏང་སྟེ། དེ་རིང་ལིའོ་ཉིང་དང་། ཅི་ལིན། ཀུའེ་ཀྲོའུ། ཞིན་ཅང་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཉེན་ཁ་ཅུང་ཆེན་པོ་ཡོད་པ་དང་། ཞིས་ཨན་ཝུའེ་ཙི་ཕིང་གྲོང་ཚོར་དུས་ཐུང་ནང་དྲག་ཆར་བབས་པའི་རྐྱེན་གྱིས་གློ་བུར་དུ་ཆུ་ལོག་འདམ་རྡོའི་ཆུ་རུད་བྱུང་བ་དང་། ཚེས13ཉིན་གྱི་ཆུ་ཚོད18བར་རྐྱེན་ལམ་དུ་ཤོར་བའི་མི21ཡོད་པ་དང་མི6སྔར་བཞིན་འབྲེལ་བ་ཆད་འདུག

  • གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ལིའི་གློག་རྫས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས58.1%འཕར།

    2.jpg

  • ཉེ་ཆར། ཀྲུང་གོའི་བྱང་འཁྱགས་རོམ་རྒྱ་མཚོའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས13པས་དུས་མཚམས་དང་པོའི་ལས་སྒྲུབ་ལས་འགན་ལེགས་སྒྲུབ་བྱུང་།

  • ཚེས13ཉིན། ཡུན་ནན་ཁྲུའུ་ཞུང་ཁུལ་ཧྲོང་པའེ་རྫོང་དུ་ས་ཡོམ་རིམ་པ4.4བྱུང་བ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི10ཟིན་ཡོད།

  • ཀྲུང་གོའི་ར་རྩལ་རུ་ཁག་གིས་པུའུ་ཏ་ཕེ་སིའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་དུ་ཞུགས་པའི་མི41གི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་དཔུང་ཁག་གི་ཆ་སྙོམས་ལོ་ཚོད27ཡིན།

    3.jpg

  • ཧྲན་ཏུང་ཆིང་ཏའོ་ཡི་གནས་སྐོར་བ20ལྷག་ཙམ་གྱིས་མཚོ་རླབས་ཀྱི་འཕེལ་འགྲིབ་གནས་ཚུལ་ལ་རྒྱུས་མངའ་མེད་པའི་དབང་གིས་མཚོ་དབུས་བྲག་རྡོའི་སྟེང་དུ་ལུས་པ་དང་། བདེ་སྲུང་ལི་ཀུའོ་ཀྲུའུ་ཡིས་བློ་ཐག་ཆོད་པོས་ཆུ་ནང་དུ་འཛུལ་ནས་ཉེན་ཁར་ཚུད་པའི་གནས་སྐོར་བ་ཚང་མ་སྐམ་སར་བསྐྱབས།

    སྲིད་ཇུས།

  • པེ་ཅིང་གིས་འབྲུབ་ཆུ་རྒྱས་པའི་གནས་ཚུལ་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་གནས་སྐབས་ལས་གཉེར་བྱེད་མི་ཆོག་ཀྱང་འཕེལ་རྒྱས་ཀྱི་མདུན་ལམ་ཡོད་པའི་ཁེ་ལས་ལ་དངུལ་བུན་འཐེན་པ་དང་། དངུལ་བུན་གཅོག་པ། དངུལ་བུན་གཏོང་བ་བཅས་བྱེད་མི་ཆོག་པའི་བརྡ་ཐོ་བཏང་།

  • ཧྲན་ཤིས་ཀྱིས་བྱ་ཐབས་བཟོ་བཅོས་བྱས་ཏེ། ཞིང་ཆེན་གྱི་རང་བྱུང་ཚན་རིག་བྱ་དགའ་དང་ལག་རྩལ་གསར་གཏོད་བྱ་དགའ་རེར་བྱ་དགའི་དངུལ་གྱི་གྲངས་འབོར་ནི། བྱ་དགའ་རིམ་པ་དང་པོ་སྒོར་ཁྲི50དང་། ཨང་གཉིས་པ་སྒོར་ཁྲི20། དམིགས་བསལ་བྱ་དགའ་སྒོར་ཁྲི100ཡིན་པ་བཏོན།

  • ཀྲེ་ཅང་གིས་བརྡ་ཐོ་བཏང་སྟེ། སློབ་བསྡུའི་ཐོབ་ཐང་ལྡན་པའི་མཐོ་སློབ་དཀྱུས་མར(མཐོ་རིམ་ལས་རིགས་སློབ་གླིང་ཚུད་པ)དཔྱད་དཔོག་དང་དཔྱད་སྒྲུབ་བྱས་རྗེས། སློབ་གྲྭ་དེ་གའི་འབྲེལ་ཡོད་ཆེད་ལས་ཉིན་གང་ལམ་ལུགས་ཀྱི་སློབ་མར་ལས་རིགས་རྩལ་ནུས་རིམ་པ་གཏན་འཁེལ་བྱེད་ཆོག

    དེ་རིང་གི་གནམ་གཤིས།

    4.jpg

  • ཧེ་ལུང་ཅང་གི་བྱང་རྒྱུད་དང་། ཅི་ལིན་གྱི་ཤར་ལྷོའི་རྒྱུད། ལིའོ་ཉིང་གི་བྱང་ཤར་རྒྱུད། དེ་བཞིན་ཞིན་ཅང་གི་དབྱི་ལི་ཀླུང་རོང་དང་། ཅང་སུའུ་ཡི་བྱང་ཤར་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཧུའུ་ནན་ནུབ་རྒྱུད། ཅང་ཞིའི་བྱང་རྒྱུད། ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཀུའེ་ཀྲོའུ་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།