དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་བོད་ཤན་སྦྱར་གྱི་ཐ་སྙད་འཚོལ་བཤེར་མ་ལག་རྩེ་གྲ་ཞིག་བཏོན་འདུག

2023-08-14 09:16:53   |   2415

རྩོམ་སྒྲིག   སངས་དོན།   ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་ཁང་།   བཤེར་འབེབས།  རིན་ཆེན་ཚེ་རིང་།


000.jpg

00.jpg

སྤྱི་ཟླ8པའི་ཚེས11ཉིན། ཁ་པར་ཐོག་གི་རྒྱ་བོད་ཤན་སྦྱར་ཐ་སྙད་འཚོལ་བཤེར་ལས་སྟེགས་སྤྱོད་འགོ་ཚུགས་པའི་མཛད་སྒོ་དེ་བོད་ལྗོངས་ལྷ་སར་འཚོགས་པ་རེད། 

1.png

ཁ་པར་ཐོག་གི་རྒྱ་བོད་ཤན་སྦྱར་ཐ་སྙད་འཚོལ་བཤེར་ལས་སྟེགས་དེ་ནི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང༼རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད༽དང་པེ་ཅིང་སྦྲག་ཏར་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་པ་དང་།    རྒྱ་བོད་ཡིག་རིགས་གཉིས་ཀྱི་འཚོལ་བཤེར་ལྡན་ལ། རྒྱ་བོད་ཡིག་རིགས་གཉིས་ཀྱི་འཆར་ངོས་རང་མོས་ངང་བརྗེ་ཐུབ་པ། འཚོལ་བཤེར་བྱས་འབྲས་ཉར་ཚགས་དང་མཉམ་སྤྱོད་བྱེད་ནུས་ལྡན་པར་མ་ཟད། སྤྱི་སྤྱོད་སྐད་ཡིག་གི་གྲངས་གཞིའི་མཛོད་ཁྲི10ལྷག་ཙམ་བསྐྲུན་ཡོད་པས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཞི་རྩའི་ཐ་སྙད་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ཐོན་པའི་ཐ་སྙད་གསར་པ་ཡོངས་རྫོགས་སྤྱིའི་ཆ་ནས་འཚོལ་བཤེར་ཐུབ་ཀྱི་ཡོད་པ་རེད། 

2.jpg

བོད་ཡིག་གི་ཐ་སྙད་གསར་པའི་ལས་དོན་ནི་སྲིད་ཇུས་རང་བཞིན་དང་ཆེད་ལས་རང་བཞིན་ཤུགས་ཆེན་ལྡན་པའི་ལས་དོན་ཞིག་ཡིན་ཞིང་།    བོད་ཡིག་གི་ཐ་སྙད་གསར་པ་ཚད་ལྡན་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་བོད་སྐད་ཡིག་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུ་དང་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཁག་དྲིལ་སྒྲོག་བྱ་རྒྱུ་དང་འབྲེལ་བ་ཡོད།     ལས་སྟེགས་འདི་བཞིན་གསར་སྤེལ་བེད་སྤྱོད་ཐུབ་པ་དེས་རྒྱ་ཆེའི་རྒྱ་བོད་ཡིག་སྒྱུར་ལས་དོན་པར་སྟབས་བདེ་ལ་ལས་ཆོད་ཆེ་བ་དང་། ཁུངས་བཙན་ལ་བོད་སྐད་ཡིག་གི་འགྲོས་དང་མཐུན་པའི་ཐ་སྙད་གསར་པ་འཚོལ་ཞིབ་བྱེད་པའི་ནུས་པ་མཁོ་འདོན་ཐུབ་པའི་ཁར། བོད་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་རྒྱུར་ཟུར་ཁྲིད་ཀྱིས་བོད་སྐད་ཡིག་གི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་ཐུབ་རྒྱུ་རེད།

3.png

ངོ་སྤྲོད་བྱས་པར་གཞིགས་ན། ཁ་པར་ཐོག་གི་རྒྱ་བོད་ཤན་སྦྱར་ཐ་སྙད་འཚོལ་བཤེར་ལས་སྟེགས་ནི་སྐད་ཡིག་ལས་དོན་དེ་ཆ་འཕྲིན་ཅན་གྱི་དུས་རབས་གསར་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་རང་འགུལ་ངང་འཚམ་པ་བྱེད་པ་ཞིག་དང་།    བོད་ཀྱི་སྐད་ཡིག་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གསར་པ་ཞིག     དུས་རབས་གསར་པའི་ཚུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཐ་སྙད་གསར་པ་དང་ཐ་སྙད་ཚད་ལྡན་བཟོ་བའི་ལས་དོན་དེ་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་གྱི་མཚོན་རྟགས་རང་བཞིན་གྱི་བཀོལ་སྤྱོད་གྲུབ་འབྲས་གལ་ཆེན་ཞིག་བཅས་ཡིན་པ་རེད།  

4.png

ཤེས་རྟོགས་བྱུང་བར་གཞིགས་ན།    ཁ་པར་ཐོག་གི་རྒྱ་བོད་ཤན་སྦྱར་ཐ་སྙད་འཚོར་བཤེར་ལས་སྟེགས་འདི་ཉིད་ད་ལྟ་དངོས་སུ་སྤྱོད་འགོ་ཚུགས་ཡོད་པས་རྒྱ་ཆེའི་དྲ་གྲོགས་ཚོས་གཤམ་གསལ་གྱི་རྩ་གཉིས་ཨང་རྟགས་བརྒྱུད་ཁ་པར་ཐོག་སྐད་གཉིས་ཤན་སྦྱར་གྱི་འཚོལ་བཤེར་ལས་སྟེགས་ཕབ་ལེན་གནང་ནས་རིན་མེད་ཐོག་བེད་སྤྱོད་བྱེད་ཆོག་གི་འདུག


མཉམ་སྤྱོད།