དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་སློབ་གྲྭ3མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་གཉིས་པའི་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭའི་ནང་ཚུད་འདུག

2023-08-14 09:33:29   |   1730

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མཚོ་སྔོན་ཁྲིམས་ཁྱབ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


   000.jpg

00.jpg

      ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་ཁྲིམས་ཁྱབ་མཐུན་སྦྱོར་ཚན་ཆུང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གི《སྐོར་ཁག་གཉིས་པའི་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭ་གསར་འཛུགས་བྱེད་སྒོ་སྤེལ་བའི་སྐོར་ཀྱི་བརྡ་སྦྱོར》(མཚོ་ཁྲིམས་ཨུའི་ཁྲིམས་ཁྱབ[2022]ཡིག་ཨང49པ)གྱི་དགོངས་དོན་གཞི་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་རིམ་པ་སོ་སོ། རིགས་སོ་སོའི་སློབ་གྲྭས་གཅིག་སྡུད་ངང་དུས་ཡུན་ལོ་གཅིག་གི་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭ་གསར་འཛུགས་ཀྱི་བྱེད་སྒོ་སྤེལ་བ་དང་། དུས་སྐབས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ས་ཁུལ་སོ་སོས་རིམ་པ་བཞིན་ཞུ་འབུལ་དང་རྟོག་ཞིབ་ཞིབ་བཤེར། སྤྱི་ཚོགས་ཡོངས་སུ་ཁྱབ་བསྒྲགས་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞེན་ཧེ་ལམ་སློབ་ཆུང་སོགས་སློབ་གྲྭ32དེ་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཁག་གཉིས་པའི་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭར་མིང་བཏགས་བྱས་པ་དང་བྱང་བུ་སྤྲད་འདུག དེའི་ཁྲོད།  མཚོ་བྱང་ཁུལ་མདའ་བཞི་རྫོང་མདོ་ལ་སློབ་ཆུང་དང་།  མཚོ་བྱང་ཁུལ་མདོ་ལ་རྫོང་སློབ་ཆུང་དང་པོ། འཇུ་ལག་རྫོང་དམའ་རིམ་སློབ་འབྲིང་གསུམ་པ་བཅས་ཚུད་འདུག


མཉམ་སྤྱོད།