དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

2023-08-14 10:38:50   |   1581

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


333333333.jpg

ཟླ8པའི་ཚེས14ཉིན་གྱི་སྔ་དྲོར་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་འཚོགས། ཐེངས་འདིའི་ཚོགས་འདུར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོལ་པུའུ་ཡི་པུའུ་ཀྲང་མ་ཡུས་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཏུང་ཡན་ཆིན་སོགས་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་ཚོགས་གྱི་ཚོགས་གཙོའམ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ཤེས་རྒྱ་མཚོ་དང་། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་ཚོགས་ཀྱི་ཚོགས་གཙོའམ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མི། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་སོགས་གྲོས་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཛིན་པ་ཞུགས་ཤིང་གཏམ་བཤད་གནང་།

1.jpg

2.jpg

ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གིས་འགན་འཁུར་བ་རེད།ཚོགས་ཡུན་ནི2020ལོའི་ཟླ8པའི་ཚེས14ཉིན་ནས་ཟླ8པའི་ཚེས17ཉིན་བར་ཡིན་ལ། དེའི་རིང་ལ་འགྲན་ཞུགས་བརྩམས་ཆོས་དཔྱད་འདེམས། བརྡ་ཆད་གསར་པ་ཞིབ་དཔྱད་གཏན་འབེབས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཉམས་མྱོང་བརྗེ་རེས། ཀན་ལྷོ་ཁུལ་བསང་ཆུ་རྫོང་དང་ཀླུ་ཆུ་རྫོང་། ལིན་ཐན་རྫོང་སོགས་སུ་ཆེད་དོན་བཅར་འདྲི་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་རེད།

3.jpg

4.jpg

5.jpg

ཐེངས་འདིའི་གྲོས་ཚོགས་སུ་པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ལྗོངས་ཞིང་ལྔའི་བོད་ཡིག་ཚགས་པར་ཁང་དང་དུས་དེབ་ཁང་། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་ལས་ཁུངས29ཡི་ལས་བྱེད་མི་སྣ61ཞུགས་ཡོད། ། 


མཉམ་སྤྱོད།