དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚར་སྡུག་གི་རེབ་གོང་། སྒྱུ་རྩལ་གྱི་ཕ་ས།

2023-08-14 10:57:14   |   1846

རྩོམ་སྒྲིག   སངས་དོན།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


000.jpg

00.jpg

གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲི་ཚོགས་ཆུང་གསུམ་པ་དབྱར་ཟླ་བདུན་པ་སྟེ། ས་གཞི་ཀུན་ལ་ལྗང་མདོག་གི་གསོན་ཤུགས་རྒྱས་པའི་དུས་ཚིགས་འདིར། ཐང་གའི་སྒྱུ་རྩལ་གྱི་ཕ་ས་ཞེས་གྲགས་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཕྱོགས་སུ་གོམ་ཁ་བསྒྱུར། ཉེ་བའི་ལོ་འགའི་རིང་། ཐུན་རིན་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རིག་གནས་ཐོན་ལས་འཕེལ་རྒྱས་ཐད་ལས་དོན་མང་པོ་བསྒྲུབས་ཏེ། མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་། 

1.png

གསར་འགོད་པ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་རྒྱ་ཚང་མ་གྲོང་ཚོར་འབྱོར་དུས། རིག་འབྱུང་གླིང་ཞེས་བྲིས་པའི་ཐོག་བརྩེགས་གསུམ་ཅན་གྱི་ཁང་པ་ཞིག་ང་ཚོའི་མིག་ལམ་མངོན་བྱུང་། 

2.png

ཤེས་རྟོགས་བྱུང་བར་གཞིགས་ན། རིག་འབྱུང་གླིང་ནི་ཤ་བོ་སྐྱབས་ལགས་ཀྱིས་རང་ཁྱིམ་རྒྱུད་ཀྱི་མི་རབས་ལྔའི་འབག་བཟོ་དང་ཐང་ཀའི་འབྲི་རྩལ་རྒྱུད་འཛིན་བྱས་ཏེ་བཙུགས་པ་ཞིག་ཡིན་པ་དང་། ཁོང་གིས་ལོ་ངོ་བཞི་བཅུ་ལྷག་གི་རིང་ཐང་ཀའི་འབྲི་རྩལ་ཐད་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་མཐར། རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་རི་མོ་འབྲི་ལུགས་ཤིག་གྲུབ་ཁར། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེབ་གོང་སྒྱུ་རྩལ་པའི་རྒྱུད་འཛིན་པ་དང་ཀྲུང་གོའི་མཛེས་རིས་སྒྱུ་རྩལ་གྱི་སློབ་དཔོན་ཆེན་མོ་ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། རིག་འབྱུང་གླིང་ལ་རེབ་གོང་ཡུལ་གྱི་སྒྱུ་རྩལ་གླིང་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་ཐང་ཀ་དང་། འབག་བཟོ། རྡོ་བརྐོས། ཤིང་བརྐོས་སོགས་ཀྱི་སྒྱུ་རྩལ་སྣ་མང་འདུས་འདུག

3.png

སེང་གེ་གཤོང་གི་ཁྱིམ་ཚང་མང་ཆེ་བར་ལྷ་འབྲི་མི་ཤེས་མཁན་ཉུང་ཉུང་རེད་འདུག ང་ཚོ་གསར་འགོད་པ་སེང་གེ་གཤོང་མ་འགོ་གྲོང་ཚོ་རུ་ཡོད་པའི་ཐུན་རིན་གྲོང་ཁྱེར་གསེར་ལྗོངས་སྒྱུ་རྩལ་གླིང་ཐང་ག་བརྒྱུད་སྦྱོང་ལྟེ་གནས་སུ་བཅར་འདྲིར་སླེབས་དུས་བབ་ཆགས་ལ་གཤིས་རྒྱུད་དྲང་བའི་ཤ་བོ་རྒྱ་མཚོ་ལགས་དང་ཐུགས་འཕྲད་བྱུང་། ཁོང2011ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། པེ་ཅིང་སོགས་ས་ཆ་འགའ་ཤས་སུ་ཕེབས་ཏེ་རི་མོ་འབྲི་ལུགས་སྣ་མང་སྦྱངས་པ་མཛད་པ་དང་། 2015ལོར། ཕ་ཡུལ་དུ་ཕྱིར་ཕེབས་ཀྱིས་ལས་སྐྲུན་གནང་མགོ་བརྩམས། སྐབས་དེ་དུས་ས་གནས་སྲིད་གཞུང་གིས་རེབ་གོང་ས་ཆའི་རིག་གནས་ཐད་ཤུགས་རྒྱག་བཞིན་པའི་སྐབས་དང་འཁེལ་བས་མ་དངུལ་སྒོར་ཉིས་འབུམ་གྱི་རོགས་སྐྱོར་ཐོབ་པ་དང་། ཁྱིམ་མིའི་རྒྱབ་སྐྱོར་འོག་སྒྱུ་རྩལ་གླིང་རྒྱ་བསྐྱེད་དེ་ད་ལྟའི་ཐོག་བརྩེགས་བཞི་ཅན་གྱི་ཐོག་ཁང་འདི་བསྐྲུན་ཁར། ད་བར་དུ་སློབ་མ་ཉིས་བརྒྱ་བདུན་ཅུ་ལྷག་གསོ་སྐྱོང་གནང་བ་མ་ཟད། ད་ལྟ་སྒྱུ་རྩལ་གླིང་འདིས་ཀུང་སིའི་ལས་གཉེར་དང་སྒྱུ་རྩལ་པ་གསོ་སྐྱོང་། རིག་གནས་དྲིལ་བསྒྲགས། རིག་གནས་གནས་སྐོར་ཐོན་རྫས་གསར་སྤེལ་བཅས་བྱས་དང་བྱེད་མུས་འདུག

 རེབ་གོང་སྒྱུ་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་དང་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཅིག་རེད། ཁྱད་ལྡན་སྒྱུ་རྩལ་གླིང་བཙུགས་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ཐོག་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐང་ག་དང་རྫ་བཟོ། འཇིམ་བཟོ། རྡོ་བརྐོས་སོགས་རེབ་གོང་སྒྱུ་རྩལ་ཐོན་རྫས་བསྡུ་སྒྲིལ་བྱས་པས་མི་མང་པོ་ཞིག་འབྲེལ་ཡོད་ལས་རིགས་སུ་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ཐབས་ལམ་ཞིག་བཏོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་གྱི་རྒྱུན་མཐུད་བྱ་ཐབས་ལ་བརྟེན་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད།

4.png

ཐུན་རིན་གྲོང་ཁྱེར་ཁོ་ནའི་ངོས་ནས་བརྗོད་ན། གྲོང་ཁྱེར་ཡོངས་སུ་ཐང་གའི་རི་མོའི་ལས་ཀ་བྱེད་མཁན་མི་ཁྲི1.6མང་དུ་ཕྱིན་ཡོད། ད་ཆ་ཐུན་རིན་གྱི་མི་གྲངས་ཁྲི10ལྷག་ཙམ་ཁྲོད་མི་ཁྲི2.4ཙམ་གྱིས་ཐང་ག་འབྲི་བཞེངས་དང་མི་ཁྲི4.6ཡིས་རེབ་གོང་སྒྱུ་རྩལ་གྱི་འབྲེལ་ཡོད་ལས་ཀ་བྱེད་བཞིན་མཆིས། དེའི་ནང་རྒྱལ་ཁབ་རིམ་པའི་བཟོ་རྩལ་མཛེས་རྩལ་པ8དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ10 ཞིང་ཆེན་རིམ་པའི་བཟོ་རྩལ་མཛེས་རྩལ་པ168 ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ34བཅས་ཡོད་ལ། གཞན་གྲོང་ཁྱེར་འདིར་ཐང་གའི་སྒྱུ་རྩལ་གླིང་ཆེ་ཆུང30དང་འབྲེལ་ཡོད་ཁེ་ལས་འབྲིང་ཆུང140ལྷག་ཙམ་ཡོད།

5.png

རིག་གནས+གནས་སྐོར་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན+གྲོང་གསེབ་དར་རྒྱས་བཅས་ཀྱི་ཐབས་ལམ་གསར་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་ཀྱི་མཐོ་ས་བཞི་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་འོག མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གཅིག་པུ་ཡིན་པའི་ཐུན་རིན་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས་སོ། །


མཉམ་སྤྱོད།