དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས།

2023-08-15 17:01:30   |   10398

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


000.jpg

ཟླ8ཚེས14ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་གསར་བརྗེའི་སློབ་གསོ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་གྱི་རྡུལ་ཕྲན་གྲོང་དྲན་གསོ་ཁང་དུ་འཚོགས། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའམ་ཐིང་ཀྲང་གཞོན་པ་ཕན་ཀྲི་ཀང་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཞང་ཏུང་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ་བ་དང་།《ཁྲིམས་འཛིན་སྲིད་འཛིན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་། “མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བྱེད་པའི་གསར་བརྗེའི་སློབ་གསོ་རྟེན་གཞིའི”སྒོ་བྱང་བཀལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བན་བཀྲ་ཤིས་དོན་འགྲུབ་མཛད་སྒོར་ཞུགས།

ལི་ཞང་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། ཞིང་ཆེན་ཁྲིམས་འཛིན་ཐིང་གི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་འོག ཁུལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་ལ་བློ་འགེལ་ཆོག་པའི་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱས་ཡོད་ཅེས་བཤད། ད་ཐེངས་འཐབ་ཇུས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། གསར་བརྗེའི་སློབ་གསོ་རྟེན་གཞིའི་སྒོ་བྱང་བཀལ་བ་དེས“ཅུ་དང་ས་ཁུལ་”ཕྱོགས་གཉིས་པོས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་མགོ་འཛུགས་ས་གསར་པའི་ཐོག་ནས་མཉམ་ལས་གཉིས་ཕན་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་རྣམ་པ་གསར་པ་ཞིག་བཏོད་པ་མཚོན། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྔར་བཞིན་མཚོ་བྱང་ལ་རོགས་རམ་དང་རྒྱབ་སྐྱོར་དེ་བས་མང་བ་བྱས་ཏེ། ཁྲིམས་འཛིན་སྲིད་འཛིན་གྱི་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་མགྱོགས་མྱུར་སྒོས་བསྐྲུན་པ། བཅའ་ཁྲིམས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་སོགས་ཀྱི་ཐད་དངོས་དོན་རང་བཞིན་གྱི་བྱེད་ཐབས་ལ་བརྟེན་ནས། མཚོ་བྱང་གི་ཁྲིམས་འཛིན་སྲིད་འཛིན་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་དུ་མཚོ་བྱང་གི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

3.jpg

ཕན་ཀྲི་ཀང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག མཚོ་བྱང་ཁུལ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། ད་ཐེངས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་མཚོ་སྔོན་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན། ཁོང་གིས་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ལག་གདང་སྦྲེལ་ནས། ཕྱོགས་ཡོངས་དང་། ཁྱབ་ཁོངས་མང་བ། རིམ་པ་ཟབ་པ་བཅས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་རིམ་བཞིན་བཙུགས་ཏེ། ཁྲིམས་འཛིན་སྲིད་འཛིན་ལས་དོན་ཁག་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་དཔུང་ཁག་སྟོབས་ཆེན་ཞིག་གསོ་སྐྱོང་བྱེད་རྒྱུ་ཡིན་པ་དང་། དུས་རབས་གསར་པའི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་། ལམ་ཁ་གསར་བ་འཚོལ་ཞིབ་བྱས་ཏེ། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་གསོན་ཤུགས་དང་གཏིང་ཤུགས་འདོན་སྤེལ་དང་། ཀྲུང་གོའི་རྣམ་པ་ཅན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། ཐུན་མོང་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་རྒྱུ་ཡིན་ཞེས་བསྟན།

4.jpg

ཞིང་ཆེན་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བློ་མཐུན་དང་། ཁུལ་སྲིད་གཞུང་གི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན། ཁུལ་ཁྲིམས་འཛིན་ཅུའི་ལས་བྱེད་ལས་བཟོ་ཡོངས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།


མཉམ་སྤྱོད།