དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི2023ལོའི་ཏང་ཞུགས་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས།

2023-08-15 17:47:21   |   7882

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་སྨྱན་གསར།  བཤེར་འབེབས། རིན་ཆེན་ཚེ་རིང་།


333333333.jpg

ཟླ8ཚེས15ཉིན།  ཁུལ་ཐད་གཏོགས་ལས་ཁུངས་ཀྱི2023ལོའི་ཏང་ནང་ཞུགས་མཁན་གྱི་གསོ་སྦྱོང་འཛིན་གྲྭ་དེ་ཁུལ་ཨུའི་ཏང་གི་སློབ་གྲྭར་སློབ་མགོ་ཚུགས་པ་དང་།  ཁུལ་ཐད་གཏོགས་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་ནང་ཞུགས་མཁན་མི78གསོ་སྦྱོང་ནང་ཞུགས།    

1.jpg

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་གསུམ་ཡིན་པ་དང་།    ཏང་ཞུགས་ཧུར་བརྩོན་ཅན་དང་།    འཕེལ་རྒྱས་གཏོང་ཡུལ་གྱི་ཁྱད་ཆོས་དང་དགོས་མཁོར་དམིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་།    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན།    ཏང་གི་སྒྲིག་ཡིག    ཏང་གི་སྒྲིག་སྲོལ།    ཏང་གི་སྒྲིག་ཁྲིམས་སོགས་ཆེད་དོན་ཟུར་ཁྲིད་སློབ་ཚན་བཀོད་སྒྲིག་བྱས་པ་དང་།    གཅིག་སྡུད་སློབ་ཁྲིད་དང་ཆེད་དོན་ཞིབ་བསྡུར།    ཉམས་ལེན་སློབ་ཁྲིད།    གཅིག་སྡུད་རྒྱུགས་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་མ་ཚོར་ཏང་གི་ངོ་བོ་དང་།    དམིགས་དོན།    ཏང་གི་ལམ་ཕྱོགས།    བྱེད་ཕྱོགས།    སྲིད་ཇུས་བཅས་ཤེས་རྟོགས་སྔར་བས་ཟབ་ཏུ་གཏོང་རྒྱུར་རོགས་རམ་བྱས།    

2.jpg

ཉེ་བའི་ལོ་ཤས་རིང་།    ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་ལས་དོན་ཞིབ་སྲོལ》 གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཏང་ཞུགས་ཧུར་བརྩོན་ཅན་གྱི“མཚམས་སྦྱོར་གཉིས་དང་དཔྱད་བརྗོད་གསུམ”།  ཏང་ཡོན་འཕེལ་རྒྱས་གཏོང་བའི“འབྲེལ་བ་གསུམ”དང“ལས་ཁུངས་ལས་དོན་ཨུ་ལྷན་གྱིས་གཅིག་སྡུད་གསོ་སྦྱོང་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམིགས་གཏད་སློབ་གསོའི”གསོ་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སོགས་གཙོ་ཡིན་པའི“རིགས་པའི་གཞུང་ལུགས་སློབ་ཐུན”དང་། གཟིགས་མོལ་ཉམས་ལེན་སོགས་བྱེད་སྒོ་གཙོ་ཡིན་པའི་ཡུལ་དངོས་སློབ་ཐུན། དང་བླངས་ཞབས་ཞུ་སོགས་བྱེད་སྒོ་གཙོ་ཡིན་པའི་དངོས་སྦྱོང་སློབ་ཐུན་དམ་འཛིན་ནན་པོ་དང་། ཏང་ཞུགས་ཧུར་བརྩོན་ཅན་གྱི་བསམ་བློ་ཆབ་སྲིད་དང་ཆབ་སྲིད་རིག་གཞུང་གི་ཆུ་ཚད་མཐོར་འདེགས་བྱས་ཏེ། ཁུལ་ཨུའི་རྩ་འཛུགས་པུའི“12345”རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཤེས་ལྡན་མི་སྣའི་འགན་ལེན་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བརྟན་པོ་མཁོ་འདོན་བྱས། 


མཉམ་སྤྱོད།