དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས2023ལོའི་བོད་བརྒྱུད་ནང་བསྟན་དགོན་པའི་བོད་ཡིག་ཡིག་གཟུགས་འགྲན་སྡུར་སྤེལ། 

2023-08-15 17:49:38   |   1584

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


       000.jpg

 ཉེ་ཆར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དུ་བསྟར་བ་དང་། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་གྲུབ་པའི་ཀུན་སྤྱོད་ཀྱི་ནང་དོན་སྔོག་འདོན་དང་དར་སྤེལ་གཏོང་བ། རྐང་ཚ་རྫོང་གི་ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་བཟང་བོ་མངོན་པ། རྐང་ཚའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བར་སྔར་ལས་ལྷག་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ་བཅས་ཀྱི་ཆེད་དུ།   རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་རྐང་ཚ་རྫོང་གི2023ལོའི་བོད་བརྒྱུད་ནང་བསྟན་དགོན་པའི་བོད་ཡིག་ཡིག་གཟུགས་འགྲན་སྡུར་སྤེལ། 

ཐེངས་འདིའི་བྱེད་སྒོར་རྫོང་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་མི་སྣ་སོ་སོའི་རྒྱབ་སྐྱོར་བླ་མེད་ཐོབ་པ་སྟེ། བོད་ཡིག་ཡིག་གཟུགས་བརྩམས་ཆོས་སྣ་ཁ38བསྡུས།   རྫོང་ཨུའི་དྲིལ་བསྒྲགས་པུ་དང་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུ།    རྫོང་ནང་བསྟན་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་གྲུབ་པའི་ཞིབ་དཔྱད་ཚན་ཆུང་གིས་དཔྱད་བསྡུར་ནན་མོ་བྱས་པ་བརྒྱུད། བྱ་དགའ་ཨང་དང་པོ་ཅན1དང་། བྱ་དགའ་ཨང་གཉིས་པ་ཅན2 དང་། བྱ་དགའ་ཨང་གསུམ་པ་ཅན3དང་།  ཕུལ་བྱུང་བྱ་དགའ4བཅས་བདམས་ཐོན་བྱུང་། འགྲེམས་སྟོན་བརྩམས་ཆོས་ཀྱི་བརྗོད་བྱ་མངོན་གསལ་དོད་ཅིང་ནང་དོན་ཕུན་སུམ་ཚོགས། པིར་རྩལ་ལེགས། ནང་དོན་གྱི་ཐད་ནས། རྐང་ཚ་རྫོང་གི་བོད་བརྒྱུད་ནང་བསྟན་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་གསོ་སྐྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་བྱེད་པ་བཅས་ཐད་ཀྱི་ནུས་པ་མཚོན་ཡོད་པ་དང་། རིག་གནས་དར་སྤེལ་ལ་བརྟེན་ནས་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ནང་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་མཚོན་ཡོད། 


མཉམ་སྤྱོད།