དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-15 17:53:56   |   2526

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་དང་པོའི་སྐབས་སུ་མཛུབ་སྟོན་གལ་ཆེན་གནང་སྟེ། སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ནས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཁྱབ་སྤེལ་ཧུར་ཐག་དང་དཔེ་བཟང་ལག་ལེན་སྤེལ་མཁན་ཞིག་བྱེད་དགོས་པ་ནན་བཤད་བྱས།

  • ཟླ8ཚེས16ཉིན་པར་སྐྲུན་བྱས་པའི་ཐེངས་བཅུ་དྲུག་པའི《བདེན་འཚོལ》དུས་དེབ་སྟེང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཞིག་ཡིན》ཞེས་པ་སྤེལ་རྒྱུ་ཡིན།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མ་དངུལ་སྒོར་དུང་ཕྱུར5མང་དུ་བཏང་ནས་ཧོ་པེ་དང་། པེ་ཅིང་། ཧེ་ལུང་ཅང་། ཅི་ལིན། ཧྥུ་ཅན། ཁྲུང་ཆིང་བཅས་ཞིང་ཆེན(གྲོང་ཁྱེར)6གི་གེགས་རྗེས་མཁོ་སྒྲུབ་སླར་གསོ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།

  • ཚེས15ཉིན། རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གྲངས་གཞི་ཁྱབ་སྒྲོག་བྱས་པར་གཞིགས་ན། ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ཞབས་ཞུའི་སིལ་ཚོང་བྱེད་ཚད་དུས་མཚུངས་ལས20.3%འཕར།

  • ཚེས15ཉིན་ཚོང་དོན་པུས2021ལོ་ནས་བཟུང་རིམ་རྩིས་བྱས་ན་ས་གནས་ཁག་ལ་འཁྱག་སྦྲེལ་སྒྲིག་བཀོད་ཏུན་ཁྲི350ལས་བརྒལ་པ་ཞིག་རྒྱབ་སྐྱོར་བྱས་ཡོད་པ་བསྟན།

  • ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གི་འབྲེལ་ཡོད་གྱོད་གཞི་ཁྲི2.9རྩད་ཆོད་པ་རེད།

    1.jpg

  • ཆུ་བེད་པུའི་ལྟ་ཞིབ་ཚད་ལེན་ལས་མངོན་པར། 2022ལོར་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི265.34བར་ཆག་པ་དེ་ལོ་གོང་མ་ལས་སྤྱི་ལེ་གྲུ་བཞི་མ་ཁྲི2.08ཉུང་དུ་ཕྱིན་ཡོད།

  • ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བདུན་པར་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་རེར་ཁྲི6242.8ཟིན་པ་དང་། ཟླ་རེའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

  • ཚེས14ཉིན་ཨ་རིའི་ཞ་ཝེ་དབྱི་ཁུལ་གྱི་ཁུལ་གཙོ་ཆའོ་ཞི•ཀོ་ལིན་གྱིས་ཞ་ཝེ་དབྱི་ཁུལ་མའོ་དབྱི་རྫོང་གི་མེ་སྐྱོན་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས99བར་འཕར་ཡོད་པ་བཤད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ནས་ཚེས19ཉིན་བར་ཁྲུང་ཆིང་དང་། ཧོ་པེ། ཧུའུ་ནན་སོགས་ས་ཁུལ་གྱི་དྲོད་ཚད་མཐོ་ཤོས35℃ལས་བརྒལ་རྒྱུ་ཡིན་པ་དང་བརླན་ཚད་ཡོངས་ཁྱབ་ཏུ50%ཡས་མས་ཡིན།

  • མིག་སྔའི་བར་ཧྲན་ཞི་ཝེ་ཙི་ཕིང་གི་ཆུ་ལོག་འདམ་རྡོའི་ཆུ་རུད་ཀྱིས་མི24རྐྱེན་ལམ་དུ་ཤོར་བ་དང་མི3ལ་འབྲེལ་བ་ཆད།

    2.jpg

  • ཚེས15ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་གཟབ་གོས“སྐར་འོད”ཁྱབ་སྒྲོག་བྱས།

  • ཁ་ཧྲིར་ནས་ཐད་ཀར་ཀོང་ཀྲོའུ་རུ་འཕུར་བའི་མཁའ་ལམ་ཐོག་མ་དེ་ཚེས15ཉིན་དངོས་སུ་ཤར་གཏོང་ཐུབ་པ་དང་ས་གནས་གཉིས་ཀྱི་འཕུར་སྐྱོད་དུས་ཚོད་ནི6.5ཡིན་ཞིང་། དེ་ནི་མིག་སྔར་རྒྱལ་ནང་དུ་འཕུར་སྐྱོད་བྱེད་རིང་ཤོས་ཀྱི་ཐད་གཏོང་མཁའ་ལམ་ཞིག་ཡིན།

  • ཏ་ལེན་མཚོ་དོན་ཅུ་ཡིས་ཚེས16ཉིན་གྱི་ཆུ་ཚོད6པ་ནས་ཚེས25ཉིན་གྱི་ཆུ་ཚོད18བར་པོ་ཧའེ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་རྒྱུ་ཡིན་པས་བསྐྱོད་རྒྱུ་གཏན་འགོག་བྱེད་པའི་མཚོ་འགྲུལ་ཐ་ཚིག་བསྒྲགས།

    3.jpg

  • ཨན་ཧུའེ་མ་ཨན་ཧྲན་གྱི་ལོ96ལ་སླེབས་པའི་ལས་འཁྱུར་དགེ་རྒན་ཡེ་ལེན་ཕིང་གིས་རང་གྲོན་བཏང་ནས“གཞིས་ལུས་བྱིས་པའི་ཁྱིམ་གཞིས”བཙུགས་པ་དང་། ལོ23བསྟུད་མར་ཕྲུ་གུ་སྟོང་ཕྲག་ལ་རིན་མེད་ཟུར་ཁྲིད་བྱས་ཡོད། ཁོང་གིས་ཚེ་ལས་འདས་རྗེས་སྐུ་ཕུང་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་བཤད།

    སྲིད་ཇུས།

  • ཐེན་ཅིན་གྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པར་གཞི་རྩའི་འཚོ་བའི་འགྲོ་གྲོན་སྤྲད་པ་དང་ཚད་གཞི་ནི་མི་རེར་ཟླ་རེར་སྒོར200ཡིན།

  • ཉིང་ཞ་ཡིས་དམིགས་བསལ་གྱི་གནས་ཚུལ་ཕུད་མི་སྣ་འདུ་འཛོམས་ཆེ་བའི་གནས་ཀྱི་ཁ་འགྲེམ་སྐས་རིམ(བདེ་འཇགས་ཐོན་སྒོ)གཉིས་ལས་མི་ཉུང་བ་བྱེད་དགོས་པ་གཏན་འབེབས་བྱས།

  • ཧྲན་ཏུང་གིས་རྩ་དོན་ཐོག་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་མ་ཞག་སྡོད་མི་བྱེད་པར་ཐག་ཉེ་སར་སློབ་གྲྭར་འགྲོ་དགོས་པའི་བསམ་འཆར་བཏོན།

    དེ་རིང་གི་གནམ་གཤིས།

    4.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཧྥུ་ཅན། ཅང་ཞིའི་ལྷོ་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཀོང་ཏུང་གི་བྱང་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཧྥུ་ཅན་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་ཡིན།


མཉམ་སྤྱོད།