དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ལྗོངས་སུ་ཨེ་ཤ་ཡའི་ལྗོན་ཤིང་རིང་ཤོས་དེ་རྙེད་འདུག

2023-08-16 08:43:19   |   2038

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


000.jpg

ཉེ་ཆར།  ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་ཁང་སོགས་སྡེ་ཚན་མང་པོས་གྲུབ་པའི་ཀྲུང་གོའི་སྡོང་ཆེན་ཚན་ཞིབ་ཚོགས་པ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཤང་དུ་བསྐྱོད་ནས།  བོད་ལྗོངས་ཀྱི་ཤུག་སྡོང་ལ་ཕྱོགས་བསྡུས་ཐོག་ཚན་རིག་རྟོག་ཞིབ་བྱས།  སྤྱི་ཟླ8ཚེས13ཉིན། ཚན་རིག་རྟོག་ཞིབ་རུ་ཁག་གིས་མཐོ་ཚད་སྨི་100ཟིན་པའི་ལྗོན་ཤིང་ཆེ་གྲས་གཉིས་ཀྱི་པར་དང་འབྲེལ་ཡོད་གཞི་གྲངས་ཁྱབ་བསྒྲགས་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། དེའི་ཁྲོད་ཀྱི་རིང་ཚད་སྨི101.2ཟིན་པའི་བོད་ལྗོངས་ཀྱི་ཤུག་སྡོང་དེས་ཨེ་ཤེ་ཡའི་ལྗོན་ཤིང་རིང་ཤོས་ཀྱི་ཟིན་ཐོ་བཏོད་འདུག

1.jpg

2.jpg


མཉམ་སྤྱོད།