དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རླངས་འཁོར་གསར་པའི་ཐོ་འགོད་འགྲོ་ལུགས་སྟབས་བདེར་བཟོས།

2023-08-16 10:12:59   |   2266

རྩོམ་སྒྲིག  སངས་རྒྱས་སྐྱིད།  ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།

000.jpg

ཉེ་ཆར།    སྤྱི་བདེ་པུས་སྤྱི་བདེ་ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་བྱེད་ཐབས་འགའ་བཏོན།     རླངས་འཁོར་ཐོ་འགོད་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། རླངས་འཁོར་འཛད་སྤྱོད་ལ་སྔར་བས་སྐུལ་མ་གཏོང་བའི་བྱེད་ཐབས་གསར་པ་ནི་དེའི་ཁྲོད་ཀྱི་ནང་དོན་གལ་ཆེན་གྱི་གྲས་ཤིག་རེད།     སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་བྱེད་ཐབས་སྔར་བས་ཞིབ་ཕྲ་བཟོ་བ་དང་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་དང་།    རླངས་འཁོར་ཐོ་འགོད་གོ་རིམ་ཇེ་ལེགས་སུ་གཏོང་བ།    མང་ཚོགས་ཀྱི་ཁེ་ལས་ལ་ལས་དོན་སྒྲུབ་གཉེར་སྟབས་བདེ་རུ་གཏོང་བ།    རླངས་འཁོར་གྱི་འཛད་སྤྱོད་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་སྲུང་སྔར་བས་ཡག་པོ་བྱེད་དགོས་པའི་བཀོད་སྒྲིག་བྱས།     

 གཅིག  རླངས་འཁོར་གསར་པའི་ཐོ་འགོད་འགྲོ་ལུགས་སྟབས་བདེར་བཟོས་ཏེ། སྟབས་བདེའི་ས་ཚིགས་གཅིག་ནས་རླངས་འཁོར་གསར་པའི་ཨང་རྟགས་ལེན་ཐུབ་པར་བྱེད་པ།   དུས་མགོའི་ཚོད་ལྟའི་རྨང་གཞིའི་ཐོག་རང་རྒྱལ་གྱིས་བཟོས་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཐོ་འགོད་ཐོན་སྐྱེད་ཁེ་ལས་ཀྱི་སྔོན་བཤེར་ཚོད་ལྟའི་ས་ཚིགས་སྔར་བས་རྒྱ་སྐྱེད་བཏང་སྟེ། གྲོང་ཁྱེར36གི་ཐོན་སྐྱེད་ཁེ་ལས33ནས་རླངས་འཁོར་གསར་པ་བཟོ་གྲྭ་ནས་མ་ཐོན་སྔོན་གྱི་ཞིབ་བཤེར་ལག་བསྟར་བྱེད་པ་དང་།  མང་ཚོགས་ཀྱི་ལས་སྒྲུབ་དུས་ཚོད་ཇེ་ཉུང་དུ་གཏོང་བ་དང་། དྲ་ལམ་ནས་རླངས་འཁོར་འཚོང་བ་སོགས་རླངས་འཁོར་ཕྱིར་འཚོང་བྱེད་སྟངས་གསར་པ་དང་འཚམ་པར་བྱེད་པ་སོགས་བྱས་ཏེ། རླངས་འཁོར་འཛད་སྤྱོད་ལ་སྔར་བས་སྐུལ་མ་གཏོང་རྒྱུ།     དངུལ་ཁང་དང་རླངས་འཁོར་གྱི་དངུལ་རྩ་སྤྱི་གཉེར་སོགས་དངུལ་རྩའི་སྒྲིག་གཞིར་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚིགས་འཛུགས་པར་རྒྱབ་སྐྱོར་ཧུར་ཐག་བྱས་ནས། མང་ཚོགས་ཀྱིས་ཚིགས་གཅིག་ནས་དངུལ་བུན་གཡར་བ་དང་གཏའ་འཇོག་ཐོ་འགོད་ཀྱི་འགྲོ་ལུགས་སྒྲུབ་པར་སྟབས་བདེ་བསྐྲུན་དགོས།   

  གཉིས།    ལག་བརྒྱུད་རླངས་འཁོར་གྱི་ཐོ་འགོད་སྟབས་བདེ་ཡོང་བ་བྱས་ནས་ལག་བརྒྱུད་རླངས་འཁོར་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་དགོས།     ཚོང་དོན་དང་ཁྲལ་དོན་སོགས་སྡེ་ཚན་དང་མཉམ་དུ། ལག་བརྒྱུད་རླངས་འཁོར་གྱི་གནས་སྤོའི་ཚད་བཀག་མེད་པར་བཟོ་བ་དང་།    ལག་བརྒྱུད་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བརྒྱུད་སྤྲོད་བྱེད་པའི་“ཐོབ་ཐང་ལག་ཁྱེར་ཀུན་ནུས”སོགས་སྟབས་བདེའི་བྱེད་ཐབས་སྔོན་ལ་བཏོན་ཟིན་པ་དག་ལག་བསྟར་དོན་འཁྱོལ་བྱེད་དགོས།     འཕྲུལ་རྟ་ཐོ་འགོད་བྱེད་པར་ཞིང་ཆེན་ནང་ཁུལ་ནས་ཐོབ་ཐང་ལག་ཁྱེར་གཅིག་གིས་ཆོག་པའི་བྱེད་ཐབས་བཏོན། ཞིང་ཆེན(རང་སྐྱོང་ལྗོངས)ཁྱབ་ཁོངས་ནང་དུ་ཡུལ་གཞན་དུ་འཕྲུལ་རྟ་ཐོ་འགོད་བྱེད་པ་དང་།    བརྒྱུད་སྤྲོད་ཐོ་འགོད།    སྡོད་གནས་སྤོ་རྒྱུ་བཅས་གཉེར་ཆོག འདུན་ཞུ་མཁན་གྱིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་འགྲོ་ལུགས་འདི་དག་གཉེར་ཆོག་པ་དང་།    གནས་སྐབས་སྡོད་སའི་གནས་སྡོད་ལག་ཁྱེར་སྤྲོད་མི་དགོས་པས།    མང་ཚོགས་ལ་ས་གནས་གཞན་ནས་རླངས་འཁོར་ཉོ་བའི་ཐོ་འགོད་སྟབས་བདེ་བསྐྲུན།    ས་གནས་ཀྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་ནང་འཕྲུལ་རྟ་ཉོ་བར་ཁེར་རྐྱང་གི་དོ་དམ་སྲིད་ཇུས་ཡོད་རིགས་ལ། ས་གནས་དེ་གའི་གཏན་འབེབས་ལྟར་ལག་ལེན་བསྟར་དགོས།   

 གསུམ།    ལག་བརྒྱུད་རླངས་འཁོར་ཕྱིར་གཏོང་ཐོ་འགོད་བྱེད་པར་ས་ཆ་གཞན་ནས་འགྲོ་ལུགས་གཉེར་ཐུབ་པར་བྱས་ཏེ།   ལག་བརྒྱུད་རླངས་འཁོར་ཕྱིར་གཏོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།    ལག་བརྒྱུད་རླངས་འཁོར་ཕྱིར་གཏོང་ཁེ་ལས་ཀྱིས་ས་ཆ་གཞན་ནས་རླངས་འཁོར་ཉོ་སྒྲུབ་བྱེད་དུས། ཁེ་ལས་ཡོད་སའི་ས་གནས་ནས་ཐོ་འགོད་ཟིན་ཐོ་བསུབ་རྒྱུའི་རེ་ཞུ་བྱས་ཆོག་པ་དང་།    འགྲིམ་འགྲུལ་དོ་དམ་ཞབས་ཞུ་ཞིང་ཆེན་བརྒལ་ནས་སྒྲུབ་ཐུབ་པར་་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།     ལག་བརྒྱུད་རླངས་འཁོར་ཉོ་འཚོང་འཛིན་ཤོག་སྤྲོད་པའི་ཆ་རྐྱེན་འཛོམས་པའི་ལག་བརྒྱུད་རླངས་འཁོར་ཕྱིར་གཏོང་ཁེ་ལས་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཏེ། འཕྲུལ་སྒུལ་རླངས་འཁོར་རིགས་ཀྱི་ཐོ་འགོད་ཞབས་ཞུ་ས་ཚིགས་འཛུགས་དགོས་པ་དང་། ཁེ་ལས་ཀྱིས་ས་ཚིགས་གཅིག་ནས་ཐོ་འགོད་རེའུ་མིག་སྒྲུབ་པར་སྟབས་བདེ་བསྐྲུན་ཏེ། མ་རྩ་ཇེ་ཉུང་དང་། ཁུར་པོ་ཇེ་ཡང་དུ་བཏང་ནས་ལག་བརྒྱུད་རླངས་འཁོར་ཕྱིར་གཏོང་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། 

༪.jpg


མཉམ་སྤྱོད།