དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི“གྲོང་སྐྱོད་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་རྐང་ཚ་རྫོང་དུ་སྤེལ།

2023-08-16 16:27:52   |   1830

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


000.jpg

ཀྲུང་དབྱང་དྲིལ་སྒྲོག་པུ་དང་། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་ལས་ཁང་། མཚོ་སྔོན་ཞིང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་གྱིས་སྒྲུབ་པའི2023ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི“གྲོང་སྐྱོད་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་ཟླ8ཚེས15ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སྤེལ།

1.jpg

2.jpg

2023ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་ཀྱི“གྲོང་སྐྱོད་གསུམ”གྱི་བྱེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ། ཞིང་ལས་ཕྱོགས་ཡོངས་ནས་རིམ་སྤོར་དང་། གྲོང་གསེབ་དང་གྲོང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ། ཏང་གི་གསར་གཏོད་གཞུང་ལུགས་དྲིལ་སྒྲོག་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་གཏིང་ཟབ་ཏུ་གཏོང་བ། གྲོང་གསེབ་རིག་གནས་མཁོ་འདོན་ལ་ཤུགས་སྣོན་རྒྱག་པ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ། ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་མཐོར་འདེགས་གཏོང་བ། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱི་ཀུན་སློང་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱ་བའི་ནང་ཞུགས་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་པར་སྐུལ་ཁྲིད་བྱེད་པ་བཅས་ལ་དམིགས་པ་ཡིན།

ཉིན་དེའི “གྲོང་སྐྱོད་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོའི་ནང་དྲིལ་སྒྲོག་དང་། རིག་གནས། ཚན་རྩལ། འཕྲོད་བསྟེན། སློབ་གསོ། ཞིང་ལས། ཁྲིམས་འཛིན་སྲིད་འཛིན་སོགས་སྡེ་ཁག་བཅུ་གྲངས་ཀྱི་ཆེད་མཁས་པ་དང་དང་བླངས་པས་རྐང་ཚ་རྫོང་གི་ལས་བཟོའི་རིག་གནས་བྱེད་སྒོའི་ཐང་ཆེན་དུ་སྲིད་ཇུས་སྒྲོག་འགྲེལ་དང་། ལག་རྩལ་བློ་འདྲི། འོས་འགན་སྨན་བཅོས་སོགས་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་པ་དང་། རིག་རྩལ་ལས་དོན་པས་ད་དུང་མང་ཚོགས་ལ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས། ཆེད་མཁས་པ་དང་དང་བླངས་པ་ད་དུང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཞིང་ལས་ལག་རྩལ་དང་། བདེ་ཐང་། བཅའ་ཁྲིམས། དུག་འགོག་སོགས་ཐད་ཀྱི་ཤེས་བྱ་ཞིང་བའི་གམ་དུ་སྐྱེལ།

ཀྲུང་དབྱང་དྲིལ་སྒྲོག་པུ་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང་གིས་ད་ཐེངས་རྐང་ཚ་རྫོང་ལ་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་མ་དངུལ་སྒོར་ཁྲི200སྤྲད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་ལ་རྣམ་གྲངས་དང་། མ་དངུལ། དངོས་ཟོག་བཅས་ཁྱོན་སྒོར་དུང་ཕྱུར3.78སྤྲད།

7.jpg

2023ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི“གྲོང་སྐྱོད་གསུམ”གྱི་བྱེད་སྒོའི་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། སློབ་གསོ་པུ། ཚན་རྩལ་པུ། ཁྲིམས་འཛིན་པུ། ཞིང་ལས་གྲོང་གསེབ་པུ། རིག་གནས་དང་གནས་སྐོར་པུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རླུང་བརྙན་སྤྱི་ཁྱབ་ཅུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་སོགས་སྡེ་ཁག་གིས་འབྲེལ་ཡོད་ཞིང་ཆེན(ཆུས། གྲོང་ཁྱེར།)གྱི་སྣེ་ཁྲིད་འོག་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སོ་སོ་སྐུལ་སློང་བྱས་ཏེ་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་བཏང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་ལ་ཞབས་ཞུ་དང་ཞིང་བར་ཕན་པ་བསྒྲུབས།


མཉམ་སྤྱོད།