དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-17 08:32:21   |   2659

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་ཟླ7ཚེས1ཉིན་ནས་འགོ་ཚུགས་པ་དང་། ཟླ8ཚེས15ཉིན་བར་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར6.14སྐྱེལ་འདྲེན་བྱས་ཡོད།

  • ཀྲུང་དབྱང་དངུལ་ཁང་གིས་ཚེས16ཉིན་གྱི་གནས་ཚུལ་སྤེལ་བར་གཞིགས་ན། ཞིང་སྐྱོར་ཆུང་སྐྱོར་གྱི་དངུལ་བུན་བསྐྱར་མ་གཏོང་ཚད་སྒོར་དུང་ཕྱུར350མང་དུ་བཏང་ནས་ཧོ་པེ་དང་། པེ་ཅིང་། ཧེ་ལུང་ཅང་། ཅི་ལིན། ཧྥུ་ཅན། ཁྲུང་ཆིང་བཅས་ཞིང་ཆེན(གྲོང་ཁྱེར)6གི་གེགས་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས།

  • རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས15ཉིན་བར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཁུལ6གིས་འབྲུབ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་སོགས་འབྲེལ་ཡོད་དངུལ་བུན་སྒོར་དུང་ཕྱུར138.9བཏང་བ་དང་གུན་སྐྱོབ་ཀྱི་སྐྱིན་ཚབ་སྒོར་དུང་ཕྱུར24ཟིན།

  • ཟླ་དང་པོ་ནས་ཟླ་བདུན་པའི་བར་རྒྱལ་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར873.7ཟིན་པ་དེ་དུས་མཚུངས་ལས12.8%འཕར།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཞི་པ་ནས་བཟུང“ཚད་བརྒལ་གཉིས་དང་ཁྲིམས་འགལ་གཅིག”གི་བཟའ་བཅའི་ཉེས་གསོག་དང་། དེ་བཞིན་རྒན་རྒོན་དང་། བུད་མེད། བྱིས་པ་སོགས་དམིགས་པའི་སྨན་རྫས་ཉེས་གསོག་གྱོད་གཞི6100ལྷག་ཙམ་རྩད་ཆོད་པ་ཡིན།

  • རྒྱལ་ཁབ་གློག་བརྙན་ཅུའི་གྲངས་གཞི་ལས་མངོན་པར། ཚེས14ཉིན་བར་ཀྲུང་གོའི་གློག་བརྙན་ཁྲོམ་རར་ཉིན55བསྟུད་མར་སྒོར་དུང་ཕྱུར་ལས་བརྒལ།

    1.jpg

  • རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲུབ་འགོག་གེགས་སེལ་ལས་དོན་ཁྲོད་རྩ་ཆེའི་ཚེ་སྲོག་སྐྱེས་སུ་འབུལ་མཁན་གྱི་བློ་མཐུན་ཞུང་ལི་དང་ཝང་ཧུང་ཁྲུན་གཉིས་ལ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་མཚན་སྙན་རྗེས་འབོག་བྱ་རྒྱུའི་གཏན་འབེབས་བྱས།

    2.jpg

  • ཀྲུང་དབྱང་གུང་གཞོན་ཚོགས་པ་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་མཐུན་ཧྥེང་ཀྲེན་དང་ཀྲང་ཀྲི་ཀྲའོ་གཉིས་ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་རྗེས་འབོག་བྱ་རྒྱུའི་གཏན་འབེབས་བྱས།

    སྤྱི་ཚོགས།

    3.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་སེར་པོའི་གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་བཏང་སྟེ། སྔོན་དཔག་བྱས་ན་དེ་རིང་སི་ཁྲོན་བྱང་རྒྱུད་དང་། ཀན་སུའུ་ལྷོ་རྒྱུད། མཚོ་སྔོན་ཤར་ལྷོའི་རྒྱུད་བཅས་ཀྱི་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད་པ་ཡིན། 

  • ཚེས15ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ནང་སོག་དང་། ཀན་སུའུ། ཞིན་ཅང་བཅས་ལ་དམིགས་ནས་ཐན་འགོག་རིམ་པ་བཞིའི་མཁོ་སྒྲུབ་དང་ལེན་བྱས།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་སྐད་ཡིག་ཐོན་ཁུངས་སྲུང་སྐྱོང་ལས་གཞིའི་དུས་ཐེངས་དང་པོའི་ལས་གཞི་དེ་རྒྱལ་ནང་གི་སྐད་ཡིག་དང་ཡུལ་སྐད་རིགས120ལྷག་ཙམ་ལ་ཁྱབ་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྐད་ཡིག་ཐོན་ཁུངས་མཛོད་ཅིག་བསྐྲུན་ཡོད།

    4.jpg

  • 2023ལོར་ལྷོ་རྒྱ་མཚོའི་ཉ་འཛིན་མཚམས་འཇོག་པའི་དུས་ཚོད་དེ་ཚེས16ཉིན་གྱི་ཆུ་ཚོད12སྟེང་དངོས་སུ་མཇུག་འགྲིལ་བ་དང་ཉ་གྲུ་ཁྲི་ཕྲག་མང་པོ་གོ་རིམ་ལྡན་པའི་ངང་རྒྱ་མཚོར་བསྐྱོད་དེ་ལས་ཀ་བྱེད་ཀྱིན་ཡོད།

    5.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས19ཉིན་ནས་བཟུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་དྲན་གསོའི་དངུལ་ལོར་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།

    6.jpg

  • ཧུའུ་ནན་ཞང་ཞིའི་བཟའ་མི་བཞི་ཡོད་པའི་ཟོག་འདྲེན་རླངས་འཁོར་ཞིག་སེམས་ཆུང་མ་བྱས་པར་གཙང་བོར་ལྷུང་། ཉེན་ཁ་ཆེ་བའི་སྐབས་སུ་དེ་གར་གུང་གསེང་གཏོང་བཞིན་པའི་དྲག་ཆས་ཉེན་རྟོག་འཐབ་འཛིང་པ་ཝུའུ་ཅིན་ཞུའེ་འཕྲལ་མར་ཆུ་མཆོང་བྱས་ནས་སྐར་མ་གསུམ་ནང་མི་བཞི་ཚང་མར་བསྐྱབས།

    སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས་བཏོན་ནས་ཁེ་ལས་ཀྱིས་མགོ་འདྲེན་བྱས་ཏེ་འཕྲུལ་ཆས་མའི་ཐོན་ལས་ཀྱི་ཞན་ཆ་དང“སྐེ་འགག”གི་ལག་རྩལ་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་ཚེ་མཐོ་ཤོས་སྒོར་ཁྲི3000གྱི་རྒྱབ་སྐྱོར་ཐོབ།

  • ཧེ་ལུང་ཅང་གིས་བརྡ་ཐོ་བཏང་སྟེ། འབྲུབ་དུས་ཀྱི་ཤུགས་རྐྱེན་ཕོག་པའི་ཁེ་ལས་ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་འབྲེལ་ཡོད་ཀྱི་དཔང་འཁྱེར་འགྲོ་ལུགས་སྒྲུབ་སྐབས་རེ་ཞུ་འཕྲལ་མར་སྒྲུབ་པ་དང་། སྒོ་ཁར་ཞབས་འདེགས་ཞུ་རུ་འགྲོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སྒྲུབ་ཆོག་པ་ཡིན།

  • ཧྲན་ཏུང་གིས་བསམ་འཆར་པར་འགྲེམས་བྱས་ནས་དངུལ་རྩའི་སྒྲིག་གཞིར“ལག་རྩལ་བསྒྱུར་བཀོད་ཀྱི་ཆེད་དོན་དངུལ་བུན་གཏོང་བའི”རྣམ་གྲངས་ལ་མགྱོགས་མྱུར་ཞིབ་བཤེར་དང་དངུལ་བུན་གཏོང་བའི་བགྲོད་ལམ་གཏོད་རྒྱུར་ཁྲིད་སྟོན་བྱས་ཏེ་ཆ་རྐྱེན་འཛོམས་པའི་རྣམ་གྲངས་ལ་དངུལ་བུན་སྐྱེད་ཀ་མཐོ་ཤོས་སྒོར་ཁྲི2000སྤྲོད་རྒྱུ་ཡིན།

    དེ་རིང་གི་གནམ་གཤིས།

    7.jpg

  • མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དང་། ཀན་སུའུ་ལུང་གི་ཤར་རྒྱུད། སི་ཁྲོན་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། ཤར་ལྷོའི་རྒྱུད་དང་བྱང་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་དབུས་ཤར་རྒྱུད། ཧུའུ་ནན་གྱི་ཤར་ལྷོའི་རྒྱུད། ཅང་ཞིའི་ནུབ་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཀྲེ་ཅང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་དང་ས་ཆ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་ཡིན།


མཉམ་སྤྱོད།