དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པ།

2023-08-17 09:25:54   |   3654

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


000.jpg

ཟླ8པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུ་ཡིས་སྨྱན་སྦྱོར་ལ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་མུ་རྒྱུད་དང་མདོ་ལ་རིང་མོའི་མུ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ཁྱབ་བསྒྲགས་བྱས། རྒྱུས་ལོན་པ་ལྟར་ན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་གནས་དང་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་འགོད་ལག་བསྟར་བྱས་པའི་ཚུན་དུ། སྐྱེ་ཁམས་མ་ལག་ཞན་འགྱུར་གནས་བབ་ནུས་ལྡན་སྒོས་ཚོད་འཛིན་བྱས་ཤིང་། སྐྱེ་ཁམས་སླར་གསོའི་ལས་ཕྱོད་མངོན་གསལ་གྱིས་ཇེ་མཐོར་སོང་། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་རྒྱའི་ཁེབས་ཚད་བསྟུད་མར་ཆེ་རུ་བསྐྱེད་པ་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་། སྐྱེ་ཁམས་ཁ་གསབ་ཚད་གཞི་དང་མ་ལག་རགས་ཙམ་གཏན་ཁེལ་བྱས་ཤིང་། ཁ་གསབ་ནང་རྐྱེན་ཕལ་ཆེར་གྲུབ་ཡོད། རོང་འབྲོག་པའི་འཚོ་བའི་ཆུ་ཚད་བརྟན་པོར་ཇེ་མཐོར་སོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་ཁེ་ཕན་བསྟུད་མར་ཇེ་ཆེར་བཏང་། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དང་ལྷད་མེད་འཕེལ་རྒྱས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་དང་ཟབ་སྤེལ་བཏང་སྟེ། ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་ཉིན་རེར་མངོན་གསལ་དུ་ཕྱིན།

མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི630ཡོད་ཅིང་། མདོ་ལ་དང་ཐེམ་ཆེན། འཇུ་ལག། རྐང་ཚ། ཏ་ཐུན། མེན་ཧོ་སོགས་རྫོང10(གྲོང་ཁྱེར་དང་སྲིད་ཨུ) དང་ཏ་ཐུན་ཕྱུགས་ར། ཞང(གྲོང་རྡལ)60ཡི་སྡེ་བ662ལ་འབྲེལ་ཡོད། མ་ལག་གིས་དཔྱད་ཞིབ་བྱས་པ་བརྒྱུད། གནམ་གཤིས་ལ་སྤྱིའི་ཆ་ནས་ཅུང་མངོན་གསལ་གྱི་དྲོད་བརླན་ཅན་གྱི་གནས་བབ་མངོན་ཞིང་། སྔོ་ཁེབས་རྒྱ་ཁྱོན་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་འགོད་རབ་དང་རིམ་པ་ལག་བསྟར་མ་བྱས་སྔོན་དང་བསྡུར་ན་སྤྱི་ཆིངས་ཁྲི4.73འཕར་བ་དང་། སྔོ་ཁེབས་སྤུས་ཚད་ཆ་སྙོམས་ཀྱིས་ཇེ་མང་དུ་སོང་ཡོད་ལ། སྐྱེ་ཁམས་མ་ལག་ཞན་འགྱུར་འབྱུང་བའི་གནས་བབ་ནུས་ལྡན་སྒོས་ཚོད་འཛིན་བྱས་ཤིང་། ཆུ་ཁུངས་གསོག་འཇོག་ནུས་པ་མངོན་གསལ་གྱིས་ཇེ་མཐོར་ཕྱིན་པ་དང་། མདོ་ལ་རིང་མོའི་མུ་རྒྱུད་ཀྱི་མཁའ་དབུགས་སྤུས་ཚད་དང་ཐཱན་སྲུང་དབྱང་འབུད་བྱེད་ནུས་བསྟུད་མར་ཇེ་མཐོར་སོང་ཞིང་། མདོ་ལ་རིང་མོ་ནི་སྐྱེ་དངོས་སྣ་མང་རང་བཞིན་འཛོམས་པའི་མུ་རྒྱུད་ཅིག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཁྲོད་ཐུན་མིན་གྱི་གོ་གནས་གལ་ཆེན་ཟིན་ཡོད།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་མུ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི158ཡོད་ཅིང་། གཏེར་ལེན་ཁ་གྲོང་ཁྱེར་དང་མདོ་ལ་རྫོང(གྲོང་ཁྱེར)སོགས་ཞང་གྲོང20ཡི་སྡེ་བ119དང་འབྲེལ་ཡོད། མ་ལག་གིས་དཔྱད་ཞིབ་བྱས་པ་བརྒྱུད། གནམ་གཤིས་འགྱུར་ལྡོག་ལ་སྤྱིའི་ཆ་ནས་མངོན་གསལ་གྱི་དྲོད་བརླན་ཅན་གྱི་གནས་བབ་མངོན་ཞིང་། རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་མུ་རྒྱུད་ཀྱི་ཚོད་ལྟའི་གནས་འཛུགས་སྐྲུན་བྱས་པའི་ཚུན་དུ་སྔོ་ཁེབས་རྒྱ་ཁྱོན་སྤྱི་ཆིངས་ཁྲི0.97འཕར་བ་དང་། སྔོ་ཁེབས་ཚད་ཆ་སྙོམས་ཀྱིས1.45%འཕར་ཞིང་། སྔོ་ཁེབས་སྐྱེ་ཁམས་སྤུས་ཚད15.27%འཕར་བ་དང་། 60.17%གྱི་ཞན་འགྱུར་རྩྭ་ས་ནུས་ལྡན་སྒོས་སླར་གསོ་བྱུང་ལ། ཆུ་ཁུངས་གསོག་འཇོག་ནུས་པ་དང་ཆུ་དཔྱད་ཚངས་ཐིག་བཞུར་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། །


མཉམ་སྤྱོད།