དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་མི་ཁྲི་ཕྲག་བསྐྱབས་མྱོང་བའི་ཡོན་ཧྲི་ཝུའུ་ཐེན་དབྱི་ལ“གསོ་རིག་མཁས་དབང་བཅུའི”མཚན་སྙན་ཐོབ་པ།

2023-08-17 11:02:38   |   4918

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


000.jpg

ཀྲུང་གོའི་སྨན་པའི་དུས་ཆེན་དྲུག་པ་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་སྙིང་ཀླད་ཁྲག་རྩའི་ནད་ཀྱི་ཆེད་ཚན་སྨན་ཁང་ནས་གཏམ་བཟང་ཞིག་གྲགས་པ་དང་། ཀྲུང་གོའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་སྐབས་བརྒྱད་པའི་གསོ་རིག་མཁས་ཅན་གྱི་ལོ་ཚོགས(2023)ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། “བདུན་གཅིག་གི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཝུའུ་ཐེན་དབྱི་ལ“གསོ་རིག་མཁས་དབང་བཅུའི”མཚན་སྙན་སྤྲད། དེ་དང་མཉམ་དུ་ཀྲུང་གོའི་གསོ་རིག་བྱ་གཞག་གི་ཁྱབ་ཁོངས་མི་འདྲ་བའི་ནང་བྱས་རྗེས་ཆེན་པོ་བཞག་ཡོད་པའི་མི་སྣ་གཞན་དག་ལའང་མཚན་སྙན་སྤྲད། 

  ཡོན་ཧྲི་ཝུའུ་ཐེན་དབྱིས་བཙུགས་པའི་དལ་འཕར་རྫ་མཐོའི་ནད་གཞིའི་བརྟག་དཔྱད་ཚད་གཞི་དེ་རྒྱལ་སྤྱིའི་རྫ་མཐོའི་གསོ་རིག་སློབ་ཚོགས་ཀྱིས་རྒྱལ་སྤྱིའི་ཚད་གཞིར་བསྡུ་ལེན་བྱས་ནས་གོ་ལ་ཧྲིལ་པོར་གཅིག་གྱུར་ཐོག་སྤྱོད་ཀྱི་ཡོད། ཁོང་གིས“བོད་རིགས་ཀྱི་ལུས་ཁམས་རིག་པར་འཕྲོད་པའི”ཞིབ་འཇུག་གསར་གཏོད་བྱས་ཏེ་བོད་རིགས་མང་ཚོགས་ཁྲི་ལྷག་ཙམ་ནད་ལས་བསྐྱབས། དེར་བརྟེན། མི་རྣམས་ཀྱིས་ཁོང་ལ“ཚེ་སྲོག་གི་མགོན་སྐྱོབ”ཅེས་འབོད། ཁོང་གིས་རྒྱལ་ཡོངས་ཀྱི་ས་མཐོའི་གསོ་རིག་ཞིབ་འཇུག་སུའོ་དང་པོ་བཙུགས་པ་དང་། ཁོང་རང་རྣམ་ཀུན་ཚོགས་པ་དང་མཉམ་དུ་རྟ་དང་འབྲི་གཡག་ལ་ཞོན་ནས་བོད་རིགས་འཚོ་སྡོད་བྱེད་སའི་མཚོ་བོད་མཐོ་སྒང་གི་ས་བབ་མཐོ་བའི་ས་ཁུལ་དུ་ཞིབ་འཇུག་བྱེད་པར་སོང་བར་བརྟེན། “རྟ་ཐོག་གི་ཡོན་ཧྲི”ཞེས་ཀྱང་འབོད། ཁོང་གིས་དབྱང་རླུང་ཉུང་བའི་ལུས་ཁམས་དང་ས་མཐོའི་གསོ་རིག་ཚན་ཞིབ་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཏེ། ས་མཐོའི་འཚོ་གནས་བདེ་འཇགས་ཀྱི་ཚན་རིག་མ་ལག་ཅིག་བཏོད། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རིང་ཁོང་གིས་རྫ་དུག་འགོག་བཅོས་བྱེད་ཐབས་དང་མྱུར་སྐྱོབ་ཇུས་གཞི་རབ་དང་རིམ་པ་གཙོ་སྐྱོང་བྱས་པས། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ལོ5ཡི་རིང་། འཛུགས་སྐྲུན་དཔུང་ཆེན་ཁྲི14ཡིས་ས་བབ་མཐོ་ཚད་སྨི4500ཡན་གྱི་གདང་ལ་རི་བོའི་ས་བབ་མཐོ་ས་ནས་ངལ་རྩོལ་བྱས་ཀྱང་རྫ་དུག་གིས་ཤི་མཁན་མེད་པའི་ངོ་མཚར་བསྐྲུན། ད་ཆ། དགུང་ལོ80ལྷག་ཙམ་ལ་སླེབས་པའི་ཡོན་ཧྲི་ཁོང་གིས་སྔར་བཞིན་མཚོ་བོད་ས་མཐོ་རུ་བརྟན་སྲུང་བྱས་ཏེ་ས་མཐོའི་མི་དམངས་ཀྱི་བདེ་ཐང་སྲུང་བཞིན་ཡོད། 


མཉམ་སྤྱོད།