དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོང་ཚོར་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་འདུག

2023-08-17 09:07:30   |   2288

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་། 


333333333.jpg

1.png

ཟླ8པའི་ཚེས14ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་སྐབས་ལྔ་པའི་ཇོ་མོ་གླང་མའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིན་རུའེ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁྲེན་ཙུང་རུང་། སྤྱི་ཁྱབ་ལས་བྱ་དགྲ་འདུལ། སྤྱི་ཁྱབ་ལས་བྱ་གཞོན་པ་ལེན་ཞང་མིང་དང་ལི་ཏེ་ཁྲེང་བཅས་མཛད་སྒོར་ཕེབས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་། བྱ་དགའ་གནང་བའི་མཛད་སྒོ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མགོ་འཛིན་བཀྲ་ལོས་གཙོ་སྐྱོང་གནང་། 

2.png

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་ཞིག་ཡིན་ལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིག་གཞུང་བྱ་དགའ་མཐོ་ཤོས་དེ་ཡང་ཡིན་པ་དང་། བྱ་དགའ་དེ་ལོ་བཞི་རེར་དཔྱད་འདེམས་ཐེངས་རེ་བྱེད་ཀྱི་ཡོད། 

3.png

སྐབས་འདིའི་ཇོ་མོ་གླང་མའི་བྱ་དགའི་དཔྱད་འདེམས་ལས་དོན2022ལོར་སྤེལ་མགོ་ཚུགས་པ་དང་། བོད་ལྗོངས་དང་མཚོ་སྔོན། ཐའེ་ཝན་སོགས་ཚུད་པའི་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས19ཡི་བོད་རིག་པ་ཞིབ་འཇུག་སྒྲིག་གཞི97གྱིས་སྙན་ཞུ་ཕུལ་བའི་གྲུབ་འབྲས་ཁག480འབྱོར་ཡོད། རིག་ཚན་ཚོགས་ཆུང་དང་དཔྱད་ཞིབ་ཚོགས་ཆུང་གིས་གྲོས་ཞིབ་བྱས་པ་བརྒྱུད། དཔྱད་ཞིབ་ནང་ཞུགས་པའི་གྲུབ་འབྲས་ཁག64ལ་སྐབས་ལྔ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་པ་དང་། དེ་དག་སོ་སོ་ནི་རྒྱ་ཡིག་གི་ཞིབ་འཇུག་ཆེད་རྩོམ12དང་བོད་ཡིག་གི་ཞིབ་འཇུག་ཆེད་རྩོམ12། རྒྱ་ཡིག་གི་རིག་གཞུང་དཔྱད་རྩོམ12དང་བོད་ཡིག་གི་རིག་གཞུང་དཔྱད་རྩོམ12། དབྱིན་ཡིག་གི་ཞིབ་འཇུག་གྲུབ་འབྲས6། རྨང་གཞི་དཔྱད་གཞིའི་གྲུབ་འབྲས6། གཞོན་ནུའི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ཁག4བཅས་ཡིན་པ་རེད།

4.png

གཞན་ཡང་། ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་རང་མིང་མ་བཀོད་པར་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ཡོན་རྒྱལ་རབས་ཚུན་གྱི་བོད་ས་གནས་དང་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་བ་ཞིབ་འཇུག(སྟོད་སྨད་ཆ)ཅེས་པར་སྐབས་ལྔ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མ་བྱ་དགའི་དམིགས་བསལ་བྱ་དགའ་ཐོབ་པ་དང་། སྐལ་བཟང་འགྱུར་མེད་དང་ཝུའུ་ཧྥེང་ཕེ། གོ་འཇོ་དབང་འདུས་བཅས་ལ་སྐབས་ལྔ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་མཚན་སྙན་བྱ་དགའ་ཐོབ་ཡོད། 

༦.jpg

རྒྱལ་ཡོངས་ཀྱི་དཔྱད་བསྡུར་ཚད་ལོན་གཟེངས་བསྟོད་ཀྱི་རྒྱུན་བཙུགས་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་དེ2005ལོར་བཙུགས་པ་ནས་བཟུང་ཆབ་སྲིད་ཀྱི་ཁྲིད་སྟོན་ཡང་དག་པ་དང་རིག་གཞུང་གི་ཆུ་ཚད་མཐོ་བ། སྤྱི་ཚོགས་ཐོག་ཚུར་སྣང་བཟང་བ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱོད་གོ་ཆོད་པ་བཅས་ཀྱི་ཞིབ་འཇུག་གྲུབ་འབྲས་ཁག་གཅིག་བཏོན་ནས་རང་རྒྱལ་གྱི་རིག་གཞུང་ཤེས་ལྡན་མི་སྣ་འཚར་ལོངས་ཡར་ཐོན་དང་བོད་རིག་པའི་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།


མཉམ་སྤྱོད།