དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྡུལ་ཕྲན་མཁར་དུ་རྒྱ་བོད་སོག་གསུམ་སྐད་ཀྱི་འགྲེལ་བཤད་ཞབས་ཞུ་ཡོད།

2023-08-18 11:42:17   |   358


རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


000.jpg

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ཞིང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སློབ་གསོ་དང་ལེན་གྱི་དགོས་མཁོ་སྐོང་ཆེད། ད་ལོའི་ཟླ6པར་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གིས་ཡོངས་བསྒྲགས་ངང་ལས་བསྡུ་བྱས་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་འགྲེལ་བཤད་པ3དང་།  སོག་རྒྱ་སྐད་གཉིས་ཀྱི་འགྲེལ་བཤད་པ1ཉེ་ཆར་དངོས་སུ་ལས་གནས་སུ་ཞུགས་ཏེ་གནས་སྐོར་བར་འགྲེལ་བཤད་ཀྱི་ཞབས་ཞུ་བྱེད་ཀྱིན་ཡོད།

༡.jpg

ཡར་སྔོན་དུ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གིས“རིགས་གཞུང་སློབ་སྦྱོང་དང་ཡུལ་དངོས་ཀྱི་འགྲེལ་བཤད་སྦྱོང་བརྡར། ཆེད་ལས་མཛུབ་ཁྲིད”བཅས་ཟུང་དུ་སྦྲེལ་བའི་རྣམ་པའི་ཐོག་སྐད་ཡིག་གཉིས་ཀྱི་འགྲེལ་བཤད་པ4ལ་གོ་རིམ་ལྡན་པའི་གསོ་སྦྱོང་བྱས་ཏེ། རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་སློབ་སྦྱོང་བྱས་ཤིང་། དྲན་གསོ་ཁང་གི་དྲིལ་སྒྲོག་སློབ་གསོའི་ནུས་པར་རྒྱུས་ལོན་ཡོད་པར་བྱས་ལ། སྐད་ཡིག་རྩ་འཛུགས་ཀྱི་ནུས་པ་དང་སྣེ་ལེན་གུས་ལུགས། འགྲེལ་བཤད་ཐབས་ལམ། སྐད་བརྡའི་རྣམ་པ་སོགས་ཀྱི་ཐད་ཆེད་ལས་ཀྱི་མཛུབ་ཁྲིད་བྱས།  དུས་ཡུན་ཟླ་གཅིག་ལྷག་ཙམ་རིང་གི་སློབ་སྦྱོང་དང་གསོ་སྦྱོང་ཚོད་ལྟ་བྱས་པ་བརྒྱུད་སྐད་གཉིས་འགྲེལ་བཤད་པ་ལས་གནས་སྟེང་མ་ཞུགས་གོང་གི་དཔྱད་ཞིབ་བྱས་པ་དང་། ད་ལྟ་དངོས་སུ་ལས་གནས་ཐོག་ཞུགས་ཏེ་གནས་སྐོར་བའི་གདེང་འཇོག་ཚད་མཐོན་པོ་ཐོབ། མིག་སྔར་གྲངས་ཉུང་མི་རིགས་ཀྱི་སྐད་བརྡའི་འགྲེལ་བཤད་ཐེངས15བྱས་ཡོད། 

 གྲངས་ཉུང་མི་རིགས་ཀྱི་སྐད་བརྡའི་བྱ་བ་ཡག་པོ་སྒྲུབ་ཆེད། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གིས《མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་བོད་རྒྱ་སྐད་ཡིག་གཉིས་ཀྱི་འགྲེལ་བཤད་ཚིག》ཆེད་དུ་རྩོམ་སྒྲིག་པར་སྐྲུན་བྱས་པ་དང་། ཉེ་ཆར་བོད་སྐད་པར་གཞི་དང་སོག་སྐད་པར་གཞི《རྡུལ་ཕྲན་མཁར་ལ་ལྗོངས་རྒྱུ་བྱེད་པ། 》དང་རྡུལ་ཕྲན་མཁར་གྱི་གསར་བརྗེའི་གཏམ་རྒྱུད་སོགས་བརྗོད་དོན་མུ་འབྲེལ་བརྙན་ཐུང་བསྐུར་ནས་གསར་བརྗེའི་སློབ་གསོའི་རྟེན་གཞིའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།


མཉམ་སྤྱོད།