དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-21 08:34:39   |   3295

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཝ་ཧྲིང་ཐོན་གྱི“ཨ་རི་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་སློབ་མའི་འབྲེལ་འདྲིས་མཐུན་ཚོགས”དང་ལས་རིགས་ཁག་གི་མཛའ་གཅུགས་མི་སྣར་འཕྲིན་ལན་སྤྲིངས།

  • ཉེ་ཆར། ནོར་སྲིད་པུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུས་གཞུང་ལམ་གྱི་འཕྲལ་སྡོམ་མྱུར་བགྲོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.35ཡང་བསྐྱར་སྤྲད་དེ། གནོད་འཚེ་ཐེབས་སའི་གཞུང་ལམ་འཕྲལ་སྡོམ་མྱུར་བཟོའི་ལས་དོན་ལ་རྒྱབ་སྐྱོར་བྱས།

  • ཀྲུང་གོ་མི་དམངས་དངུལ་ཁང་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་བརྙན་ལམ་ཚོགས་འདུ་འཚོགས་ཏེ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཚད་ཀྱི་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་རྒྱུ་ཁ་གསལ་བཏོན།

༡.gif

  • ཉིན་ཤས་སྔོན་དུ། རང་རྒྱལ་གྱིས་བར་སྣང་ས་ཚིགས་ཀྱི་ལས་གྲྭར་བརྟེན་ཏེ། མཁའ་གྲུ་རིམ་པའི་ཟོག་འདྲེན་འཕུར་གྲུ་སྟེགས་བུ་བྱས་ནས། བར་སྣང་ས་ཚིགས་སུ་ཝེ་ནཱ་སྲུང་སྐར་འཕེན་གཏོང་བྱས་པ་ལེགས་འགྲུབ་བྱུང་།

  • ཚེས20ཉིན། རང་རྒྱལ་གྱིས་གཏིང་ཟབ་པའི་མཚོ་ཁོངས་ཀྱི་མཚོ་སྦུག་གཙང་སེལ་བྱེད་པའི་ལས་དོན་ལེགས་པར་གྲུབ་པ་དང་། གཙང་སེལ་བྱས་པའི་མཚོ་སྦུག་གི་རིང་ཚད་ལ་སྤྱི་ལེ100ཟིན་པ་དང་། དེས་རྗེས་མཐུད་ཀྱི་ནུས་ཆེའི་གསར་སྤེལ་ལ་ལག་རྩལ་གསོག་འཇོག་ཡག་པོ་བྱས་ཡོད།

    ༢.jpg

  • ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གཅུགས་གཟེངས་རྟགས”ཐོབ་མཁན་ནམ། ཀྲུང་གོ་གསར་པའི་དབྱིན་ཡིག་སློབ་ཁྲིད་ཀྱི་མགོ་རྩོམ་མཁན་དབྱི་ཧྲ་པེ·ཁོ་ལུའུ་ཁེ་ཚེས20ཉིན་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ108ཡིན།

    ༣.png

  • ས་གནས་དེ་གའི་ཚེས19ཉིན། ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་སུའོ་ལུའོ་མོན་གླིང་ཚོམ་དུ་འབྱོར་ནས་མཛའ་འབྲེལ་འཚམས་འདྲི་བྱས་པ་དང་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས། འདི་ནི་ཀྲུང་གོའི་མཚོ་དམག་གི་དམག་གྲུས་སུའོ་ལོ་མོན་གླིང་ཚོམ་ལ་འཚམས་འདྲི་བྱས་པ་ཐེངས་དང་པོ་ཡིན།

    ༤.jpg

  • ཚེས19ཉིན། ཨ་རིའི་པོ་ཧྲི་ཏུན་དུ་འཚོགས་པའིUFC292འགྲན་བསྡུར་ནང་དུ། ད་ལྟའི་བུད་མེད་ཀྱི་རྩྭ་ཚད་རིམ་པའི་ཨང་དང་པོ་སྟེ་ཀྲུང་གོའི་ཁུ་ཚུར་གཞུ་རྩལ་གྲགས་ཅན་ཀྲང་ཝེ་ལི་ཨ་མན་ཏ·ལའེ་མོ་སི་ལས་རྣམ་པར་རྒྱལ་ནས་གསེར་གྱི་སྐ་རགས་བླངས།

  • ཚེས20ཉིན། ཨོ་སི་ཁྲུ་ལི་ཡའི་ཞིས་ཉི་རུ་སྤེལ་བའི2023ལོའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ནང་། སི་ཕེན་གྱི་རུ་ཁག་གིས་སྐར་གྲངས1:0གི་ཐོག་ནས་དབྱིན་ཀེ་ལན་རུ་ཁག་ལས་རྣམ་པར་རྒྱལ་བ་དང་། བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་བླངས།

    སྤྱི་ཚོགས།

༥.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲག་ཆར་གྱི་སྔོན་བརྡ་སྔོན་པོ་དང་གཏད་རྒྱུག་གནམ་གཤིས་ཀྱི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས། དེ་རིང་། སི་ཁྲོན་དང་ཡུན་ནན་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་པ་དང་། ནང་སོག་དང་ཧོ་པེ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ས་ཁུལ་ཁག་ཅིག་ཏུ་གློག་འཁྱུག་འབྲུག་གྲགས་དང་རླུང་ཆེན་ནམ་སེར་བ་འབབ་པའི་གནས་གཤིས་འདུག

  • ཅང་སུའུ་ཡི་གཙོ་གནད་ཚོད་ལྟ་ཁང55ཡིས་ཉེ་ཆར་ཚོད་ལྟ་ཁང་གི་མནའ་འབྲེལ་བཙུགས་པ་དང་། གསར་གཏོད་ཐོན་ཁུངས་མཉམ་སྤྱོད་འཁོར་རྒྱུག་ལ་སྐུལ་འདེད་དང་། ཁྱབ་ཁོངས་ལས་བརྒལ་བའི་རིག་ཚན་སྣོལ་སྡེབ་ཞིབ་འཇུག་ལ་སྐུལ་འདེད་གཏོང་རྒྱུ་རེད།

    ༧.jpg

  • ཚེས20ཉིན། ཅང་ཞི་ཕན་དབྱང་རྫོང་གི་བསྐྱར་སྐྱེས་ཆུ་འབྲས་ཀྱི་ཐོན་ཚད་ཚད་ལེན་ཞིབ་བཤེར་རྩིས་ལེན་བྱས། བསྐྱར་སྐྱེས་ཆུ་འབྲས་ཀྱི་དུས་ཚིགས་ཐོག་མའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ905.1ཟིན་ཡོད།

  • ཚེས20ཉིན། ནན་ཅིང་གི་གྲོང་ཁྱེར་དབར་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་འཁོར་སྐྱོད་ལམ་བར་དུ་གློ་བུར་དུ་མེ་ཤོར་བ་དང་། མི2ཤི་བ་དང་། མི5ལ་རྨས་སྐྱོན་ཕོག ཞིབ་བཤེར་བྱས་པ་བརྒྱུད་མེ་སྐྱོན་བྱུང་དོན་ནི་འགྲུལ་པ་ཞིག་གིས་འཁྱེར་བའི་ལི་གློག་རྫས་ཀྱི་གློག་སྣོད་རང་འབར་བྱས་པའི་རྐྱེན་རེད།

  • ཉེ་དུས། མི་འགའ་ཞིག་གིས“སྐད་འཕྲིན་ཚོགས་པའི”མིང་ཐོག་ནས“སྤྲོ་སྣང་ལྡན་པའི་གབ་སྒམ”བསྐུར་བཞིན་འདུག་པའི་ཐད་དུ། སྐད་འཕྲིན་ཚོགས་པས་གསལ་བསྒྲགས་བྱས་དོན། ཁོ་ཚོས་མྱུར་སྐྱེལ་དེ་རིགས་བསྐུར་མ་མྱོང་། འབྲེལ་ཡོད་རྩ་གཉིས་ཨང་རྟགས་ནི་མགོ་གཡོག་མགོ་བསྐོར་གྱི་བྱ་བ་ཡིན་ཞེས་བསྟན།

    ༨.jpg

  • ཀོང་ཏུང་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས21ཉིན་གྱི་ཆུ་ཚོད6པ་ནས19པའི་བར། ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་ཅིག་ལ་མེ་མདའ་འཕེན་པའི་སྦྱོང་བརྡར་བྱ་རྒྱུ་ཡིན་པས། མཚོ་འགྲུལ་བྱ་མི་ཆོག་ཅེས་བསྟན། 

  • ལེའོ་ཉིང་ཡིང་ཁོའུ་སྤྱི་བདེ་ཡིས་ཉེ་ཆར་དུག་རྫས་ལྐོག་ཚོང་དང་སྐྱེལ་འདྲེན་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། དུག་རྫས་སྤྱི་རྒྱ25.11གཞུང་བཞེས་བཏང་ཞིང་། ཁྲིམས་འགལ་ཉེས་གསོག་དོགས་ཅན65འཛིན་བཟུང་བྱས།

    ༩.gif

  • དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་བྲུག་སྟེ་ཡུན་ནན་ཧུང་ཧོ་ཀྲོའུ་ཡི་ལས་ཡུལ་ཞིག་གི་ཨར་ལས་མི་སྣ6ཉེན་ཁར་འཕྲད། མེ་ཟོན་མི་སྣ་ལི་ཆིང་སུང་གིས་ཅི་ལའང་མ་འཛེམ་པར་ཆུ་ནང་དུ་མཆོང་སྟེ་ཉེན་ཁར་ཚུད་པའི་མི་སྣ་དག་བསྐྱབས།

    སྲིད་ཇུས། 

  • པེ་ཅིང་གིས་བྱེད་ཐབས་བཏོན་པ་སྟེ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས“གསོ་སྦྱོང་དང་ལས་ཞུགས་མངགས་ཐོའི་ཐད་སྐྱོད་རླངས་འཁོར”བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་སྤྱི་རིན་མི་དགོས་པའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་རྗེས་ཐད་ཀར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་།

  • ཞི་ཨན་དང་། པོ་ཅི། ཞན་དབྱང་སོགས་ཀོན་ཀྲུང་བདེ་ཐང་གི་གྲོང་ཁྱེར14ཡིས་མཉམ་ལས་གྲོས་མཐུན་བཞག་སྟེ། སྡོད་ཁང་སྤྱི་གསོག་མ་དངུལ་ཕན་ཚུན་ཁས་ལེན་དང་དངུལ་བུན་གཏོང་རེས་ཕན་ཚུན་ཁས་ལེན་བྱ་རྒྱུ་རེད།

  • ཧུའུ་པེས་གཏན་འབེབས་གསར་པ་བཏོན་པ་སྟེ། སློབ་གྲྭ་ཆུང་འབྲིང་གི་ཉེ་འཁོར་གྱི་སྨི200ཡི་ཁྱབ་ཁོངས་ནང་། དྲ་ཐོག་ཞབས་ཞུའི་ལས་གཉེར་བྱ་ཡུལ་དང་རོལ་རྩེད་བྱ་ཡུལ་འཛུགས་མི་ཆོག་པའི་བླང་བྱ་བཏོན།

    དེ་རིང་གི་གནམ་གཤིས།

༠.jpg

  • ཧེ་ལུང་ཅང་གི་ལྷོ་ནུབ་རྒྱུད་དང་། ཅི་ལིན་གྱི་ནུབ་རྒྱུད། ལེའོ་ཉིང་གི་དབུས་ལྷོ་རྒྱུད། ཧོ་པེའི་ཤར་རྒྱུད། པེ་ཅིང་གི་ཤར་རྒྱུད། ཐེན་ཅིན། ཧྲན་ཏུང་གི་བྱང་རྒྱུད། ཧུའུ་པེའི་ཤར་ལྷོའི་རྒྱུད། ཧུའུ་ནན་གྱི་དབུས་བྱང་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་པ་དང་། དེའི་ནང་སི་ཁྲོན་གྱི་ཤར་ལྷོའི་རྒྱུད་དང་ཡུན་ནན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།