དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་ཚགས་པར་ཁང་གི་གསར་འགྱུར་བརྩམས་ཆོས་ཤིག་ལ་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་བྱ་དགའ་ཨང་གཉིས་པ་ཐོབ།

2023-08-22 10:42:58   |   3653

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


000.jpg

1.jpg

ཟླ8ཚེས17ཉིན། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་དུ་མཇུག་གྲིལ། ཚོགས་འདུའི་རིང་། མཚོ་བྱང་ཁུལ་མདོ་ལ་ཚགས་པར་ཁང་གིས་འོས་སྦྱོར་བྱས་པའི《ནོར་ཁུལ་འཛམ་གླིང་ལ་བསྐྱལ་བའི་ལས་གཏོད་ཕུགས་འདུན---རྡོ་རྗེ་ཚེ་རིང་དང་ཁོང་གི་ཨ་ཡར་ཁུལ》ཞེས་པ་དེར་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུས་སྨྱན་སྦྱོར་གསར་པའི་རིགས་ཀྱི་བརྙན་རིས་ལེགས་ཤོས་ཀྱི་བྱ་དགའ་ཨང་གཉིས་པར་བདམས།

2.jpg

ཚོགས་འདུའི་སྐབས། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨྱན་སྦྱོར་ལས་ཁུངས29ནས་ཡོང་བའི་སྨྱན་སྦྱོར་ལས་སྒྲུབ་པ60ལྷག་ཙམ་ཚོགས་འདུར་ཞུགས་པ་དང་། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་གསར་འགྱུར་བརྩམས་ཆོས་དང་བརྡ་ཆད་གསར་པར་དཔྱད་ཞིབ་བྱས། ཞིབ་བཤེར་ནན་མོ་དང་གྲོས་བསྡུར་མང་པོ་བྱས་པ་བརྒྱུད་ལོ་གཉིས་རིང་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་ཚགས་པར་དང་དུས་དེབ།  རླུང་བརྙན་འཕྲིན། དྲ་རྒྱའི་སྨྱན་སྦྱོར་གསར་པ་བཅས་ཀྱི་སྟེང་སྤེལ་བའི་གསར་རྩོམ་གྱི་བརྩམས་ཆོས་ཕུལ་བྱུང335དཔྱད་འདེམས་བྱས།

3.jpg

རྒྱུས་ལོན་པ་ལྟར་ན།  མདོ་ལ་ཚགས་པར་ཁང་གིས་འོས་སྦྱོར་བྱས་པའི་གསར་འགྱུར་བརྩམས་ཆོས《ནོར་ཁུལ་འཛམ་གླིང་ལ་བསྐྱལ་བའི་ལས་གཏོད་ཕུགས་འདུན---རྡོ་རྗེ་ཚེ་རིང་དང་ཁོང་གི་ཨ་ཡར་ཁུལ》ཞེས་པའི་ནང་གཙོ་བོ་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་འཚར་ལོངས་བྱུང་བའི་སློབ་ཆེན་སློབ་མ་རྡོ་རྗེ་ཚེ་རིང་གི་ལས་གཏོད་གཏམ་རྒྱུད་བརྗོད་ཡོད་ལ། རྡོ་རྗེ་ཚེ་རིང་སློབ་ཆེན་མཐར་ཕྱིན་རྗེས་ཕྱི་རྒྱལ་གྱི་ཁེ་ལས་སུ་ལས་ཀ་བྱེད་པར་ཕྱིན་པ་དང་། དེ་ཡིས་ཁོའི་རྗེས་ཕྱོགས་ཀྱི་ལས་གཏོད་ལམ་ཁ་ལ་རྨང་གཞི་ངེས་ཅན་ཞིག་བཞག  དེ་ནས་རང་གི་འབད་པ་ལྷོད་མེད་ལ་བརྟེན་ནས་ནོར་ཁུལ་འཛམ་གླིང་ལ་བསྐྱལ་བ་དང་། ཕྱུག་འགྱུར་གྱི་རེ་བ་འབྲོག་པའི་སེམས་སུ་བསྐྱལ། གསར་འགྱུར་བརྩམས་ཆོས་དེ་ལ་གཏམ་རྒྱུད་རང་བཞིན་ལྡན་ཞིང་སྤྱི་ཚོགས་ཀྱིས་དོ་སྣང་བྱས་པ་མང་ ། བརྩམས་ཆོས་སྤེལ་རྗེས་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་གདེང་འཇོག་མཐོན་པོ་ཐོབ།


མཉམ་སྤྱོད།