དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-23 08:34:45   |   2792

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

图片1.jpg

  • ས་གནས་དེ་གའི་ཟླ8པའི་ཚེས22ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་ལེ་ཐོ་ལི་ཡའི་ཙུང་ཐུང་ལས་ཤག(比勒利亚总统府)ཏུ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུ་ས(拉马福萨)དང་གྲོས་མོལ་གནང་།

  • ས་གནས་དེ་གའི་ཟླ8པའི་ཚེས22ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་ལེ་ཐོ་ལི་ཡའི་ཙུང་ཐུང་ལས་ཤག་ཏུ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུ་ས་དང་གྲོས་མོལ་གནང་རྗེས་མཉམ་དུ་གསར་འགོད་པ་དང་མཇལ་འཕྲད་གནང་།

  • ས་གནས་དེ་གའི་ཟླ8པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ཧན་ནེ་སི་པའོ(约翰内斯堡)ཡི་གསེར་སྦྲམ་རྒྱལ་ཁབ་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་གྲིལ་མཛད་སྒོའི་སྟེང་། 《མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏོད་པ་དང་། སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད》ཅེས་པའི་ཤིས་ཚིག་ཕུལ།

  •  ཉིན་ཤས་སྔོན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་དོན་ཞབས་ཞུའི་གློག་རྡུལ་ཡིག་ཆ་ཡིག་ཚགས་སུ་འཇུག་པ་དང་གློག་རྡུལ་ཡིག་ཚགས་དོ་དམ་བྱ་ཐབས》དཔར་འགྲེམས་བྱས།

  • ཚེས22ཉིན། རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པའི་སྟོན་གྲངས766.8ཟིན། ལོ་གོང་མ་ལས28.4%འཕར་ཡོད།

    图片2.jpg

  • ཟླ7པའི་ཚེས1ནས་ཟླ8པའི་ཚེས21ཉིན་བར། རྒྱལ་ཡོངས་ལྕགས་ལམ་གྱིས་དབྱར་གསེང་སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་དུང་ཕྱུར7ལས་བརྒལ་ཡོད།

  • ཚེས22ཉིན་སྤྱི་བདེ་པུས་བསྟན་དོན། རང་རྒྱལ་འཛམ་གླིང་ཐོག་མེ་མདའ་དང་འབར་གས་ཀྱི་གཏུམ་སྤྱོད་ཉེས་གསོག་གྱོད་གཞི་ཆེས་ཉུང་བའི་རྒྱལ་ཁབ་ཀྱི་གྲས་སུ་གྱུར་ཡོད།

  • འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་ཕྱིར་འབུད་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པའི་ཐད་དུ། ཚེས22ཉིན་རང་རེའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་བཟའ་བཅའི་བདེ་འཇགས་དང་སྤྱི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།

  •  ཨ་རིའི་ཚོང་དོན་པུས་ཀྲུང་གོའི་དངོས་ཚན27ཕྱིར་གཏོང་དོ་དམ་གྱི“ཞིབ་བཤེར་ར་སྤྲོད་མ་བྱས་པའི་གསལ་ཐོ”ལས་ཕྱིར་འབུད་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། ཚེས 22ཉིན་རང་རྒྱལ་ཚོང་དོན་པུས་དེ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་རྒྱུན་ལྡན་གྱི་ཚོང་དོན་སྤེལ་རྒྱུར་ཕན་ཞིང་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཞེས་བཤད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། མ་འོངས་པའི་ཉིན་འགའི་ནང་། ནུབ་བྱང་དང་། ཧྭ་བྱང་གི་བྱང་རྒྱུད། བྱང་ཤར་གྱི་ས་ཆ་མང་པོའི་དྲོད་ཚད་མཐོ་ཤོས30℃མན་དུ་ཆག་སྲིད་རྒྱུ་རེད།

  • ཟླ7པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་རང་རྒྱལ་གྱིས5Gཡི་སྦྲེལ་ཚིགས་ཁྲི305.5བསྐྲུན་པ་དང་། 5G ཡི་སྤོ་སྒུལ་ཁ་པར་སྤྱོད་མཁན་དུད་ཚང་དུང་ཕྱུར6.95ཟིན་ཡོད།

  • གཞི་གྲངས་ལས་མངོན་པ་ལྟར་ན། ཚེས21ཉིན་གྱི་ཉིན་གུང་གི་ཆུ་ཚོད12བར། 2023ལོའི་དབྱར་གསེང་སྤ་སེ་བཙོངས་ཚད་ཀྱི་སྡོམ་འབོར་དུང་ཕྱུར187.95ཟིན་ཏེ། ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཀྱི་དབྱར་གསེང་གི་སྤ་སེ་བཙོངས་ཚད་མཐོ་ཤོས་ཀྱི་ཟིན་ཐོ་མུ་མཐུད་དུ་བཏོད་ཡོད།

  • ཚེས22ཉིན། ཀྲེ་ཅང་ཧང་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཅང་ཞིའི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཞའོ་དབྱིས་ལྐོག་རྔན་བླངས་པ་དང་། དབང་ཆ་གང་བྱུང་དུ་སྤྱད་པའི་གྱོད་གཞིའི་བཅད་ཁྲ་ཡོངས་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཞའོ་དབྱི་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད།

  • ཚེས21ཉིན་གྱི་དགོང་མོར། ཧྲའན་ཞིའི་ཡན་ཁྲོན་རྫོང་གི་རྡོ་སོལ་གཏེར་ཁ་ཞིག་འབར་གས་བྱུང་སྟེ་མི11རྐྱེན་ལམ་དུ་ཤོར།

图片3.jpg

  • མིག་སྔར། གཙང་གསུམ་མགོ་ཁུངས་ཀྱི་གསའ་དང་གཙོད་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་བྱུང་ཡོད་པ་དང་གྲངས་འབོར་མང་དུ་ཕྱིན་ཡོད། 

  • ཅང་སུའུ་ལེན་ཡུན་གྲུ་ཁར་བུ་ཆུང་ཞིག་གིས་གཟབ་གཟབ་མ་བྱས་པར་ཆུ་ལ་ལྷུང་བ་དང་། དབུགས་དང་སྙིང་ལྡིང་ཚད་ཚང་མ་ཆད་འདུག གུང་གསེང་གནང་བ་ཡིན་པའི་ནད་གཡོག་ལི་ཝུན་ཅུན་གྱིས་དེ་མཐོང་འཕྲལ་པུས་མོ་སར་བཙུགས་ནས་མྱུར་སྐྱོབ་བྱས་ཏེ། བྱིས་པ་དེ་ཚེ་སྲོག་གི་ཉེན་ཁ་ལས་ཐར་རོགས་བྱས། 

    སྲིད་ཇུས།

  • ཧྥུ་ཅན་གྱིས་བྱེད་ཐབས་བཏོན་པ་སྟེ། ས་གནས་ཁག་གིས་ཟས་མཆོག་སྲང་ཁྲོམ་གྲོང་ཁྱེར་འཛུགས་པར་རྒྱབ་སྐྱོར་བྱས་ཏེ།  བཙུགས་པ་ལེགས་ཤོས་གདམ་གསེས་བྱས་ཏེ་བྱ་དགའ་མཐོ་ཤོས་སྒོར་ཁྲི30སྤྲོད་རྒྱུ་རེད།

  • ཁྲེང་ཏུའུ་ཡིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། ཁྲེང་ཏུའུ་རུ་ཁང་པའི་སྤྱི་གསོག་མ་དངུལ་གསོག་མཁན་གྱིས་ཁྲུང་ཆིང་དང་མེན་དབྱང་གྲོང་ཁྱེར་ཁོངས་སུ་ཁང་པ་ཉོ་བར། གསོག་སའི་གནས་ཀྱི་གསོག་ལེན་སྲིད་ཇུས་ལྟར་རང་ཉིད་དང་བཟའ་ཟླའི་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲའི་ལྷག་གྲངས་ལེན་ཆོག་པ་གཏན་འབེབས་བྱས།

    དེ་རིང་གི་གནམ་གཤིས།

    图片5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། སི་ཁྲོན་གཤོང་སའི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཀོང་ཏུང་གི་བྱང་རྒྱུད། ཅང་ཞིའི་ལྷོ་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཀྲེ་ཅང་ཤར་རྒྱུད་ཀྱི་མཚོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ་དང་། དེའི་ནང་། ནང་སོག་གི་བྱང་ཤར་རྒྱུད་དང་། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།