དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདེལ་གཉིས་སྐར་གཅིག་གི་རླབས་ཆེའི་སྙིང་སྟོབས།

2023-08-23 09:02:55   |   2446

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་། 


9999999.jpg

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་དངུལ་ཐང་དུ་ཡོད་པའི་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་། གནས་འདི་ནས་ཀྲུང་གོའི་མ་རྡུལ་འབར་མདེལ་ཐོག་མ་དང་ཆིང་མདེལ་ཐོག་མ་ཞིབ་འཇུག་གསར་བཟོ་བྱས་ཡོད་ཅིང་། དོན་ཆེན་དེ་གཉིས་ཀྱིས་ཀྲུང་གོ་གསར་པའི་གོང་འཕེལ་གྱི་ལོ་རྒྱུས་དེབ་ཐེར་ནང་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་འཐབ་ཇུས་ཀྱི་གནས་བབ་དང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཡིག་ཕྲེང་བཀོད་ཡོད་ལ། གནས་འདི་ནས་རྗེས་རབས་པ་རྣམས་ལ་རླབས་ཆེའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་བཞག་ཡོད།

1.jpg

མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་ཐང་ཆེན་དུ་སླེབས་པ་ན། དེ་རུ་ཡུལ་སྐོར་བ་མང་པོས་དྲན་གསོའི་འདྲ་པར་ལེན་པ་དང་དྲན་གསོ་ཁང་དེའི་ལོ་རྒྱུས་སྐོར་ལ་རྒྱུས་མངའ་གནང་བཞིན་འདུག དྲན་གསོ་ཁང་དུ་འགྲེལ་བཤད་པ་ནམ་མཁའ་རྒྱལ་གྱིས་ང་ཚོར་མདེལ་གཉིས་སྐར་གཅིག་གི་ཞིབ་འཇུག་གསར་བཟོའི་ཐད་མཛད་རྗེས་བླ་ན་མེད་པ་བཞག་མྱོང་བའི་གཅེས་སུ་འོས་པའི་མི་རྣམས་ཀྱིས་འདས་སོང་ལོ་ཟླའི་དཀའ་སྡུག་གི་ཁོར་ཡུག་ཁྲོད་རླབས་ཆེན་གྱི་བྱ་གཞག་དོན་དུ་གཉེར་ནས། རྒྱལ་ཁབ་ཀྱི་གོང་འཕེལ་དང་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་ཆེད་རང་གི་ལང་ཚོ་དང་ཤེས་རབ། ཐ་ན་གཅེས་པའི་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་བའི་ལོ་རྒྱུས་སྐོར་གསལ་པོར་བཤད་བྱུང་ལ། ད་དུང་མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། མཉམ་སྒྲུབ་གང་ལེགས། རྟུལ་ཕོད་རྩེར་སྙེག་བཅས་བྱེད་པའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་བཤད་བྱུང་།

2.jpg

ཉེ་བའི་ལོ་ཤས་ནང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གིས་གསར་བརྗེའི་རིག་གནས་ཁྲོད་ཀྱི་ཆེས་གསོན་ཤུགས་ལྡན་པ་དང་ཆེས་ཐུན་མོང་མ་ཡིན་པ། ཆེས་ཕུན་སུམ་ཚོགས་པའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། དངོས་རྫས་དང་ལོ་རྒྱུས་ཀྱི་ཡིག་ཚགས་མང་པོ་འཚོལ་བསྡུ་བྱས་ཡོད་ལ། དྲན་གསོ་ཁང་གི་མཚན་སྙན་གྱིས་བཀུག་ནས་ལྟ་སྐོར་དང་སློབ་སྦྱོང་དུ་སླེབས་པའི་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་མང་ཚོགས་ཡང་མང་པོ་ཞིག་འདུག མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་མགོ་གཙོ་གཞོན་པ་ཏུའུ་ཝུན་ལིན་གྱིས། 2009ལོའི་ཟླ5པ་ནས་ཀྲུང་གོའི་རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནའ་ཤུལ་རྒྱས་སྐྲུན་བྱས་པ་དང་། དེ་ནི་རྒྱལ་ཡོངས་སུ་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་ཕྱེས་པའི་ཀྲུང་གོའི་ཉིང་རྡུལ་བཟོ་ལས་གསར་སྐྲུན་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་མཚམས་སྦྱོར་བྱས་པ་ཐེངས་དང་པོ་ཡིན་ཞིང་། དེ་ནི་རྡུལ་ཕྲན་མཁར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གྲུབ་འབྲས་སྟོན་པའི་ཆེད་སྒྲིག་རང་བཞིན་གྱི་དྲན་གསོ་ཁང་ཞིག་ཡིན་ལ། མིག་སྔའི་བར་དྲན་གསོ་ཁང་གིས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་ཡུལ་སྐོར་བ་མི་ཐེངས་ས་ཡ་གསུམ་དང་བརྒྱད་འབུམ་ལྔ་ཁྲི་ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། ལོ་རེར་ཆ་སྙོམས་མི་འབུམ་གསུམ་ཡས་མས་ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད་ཅེས་བཤད། ད་ལྟ་རྡུལ་ཕྲན་མཁར་འདི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་དང་། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སོགས་ཡིན་པ་རེད།

3.jpg

མཚོ་བྱང་ཁུལ་མདའ་བཞི་རྫོང་དུ་ཡོད་པའི་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་དོ་དམ་བྱེད་པའི་ལས་ཁུངས་ཤིག་ཡིན་ཞིང་། དེ་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཡན་ལག་སློབ་གྲྭའི་སྒོ་བྱང་བཀལ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་དུ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་ཏང་གཤིས་སློབ་གསོའི་ལས་བྱེད་པའི་སློབ་གླིང་དཀར་ཆག་ཁྲོད་བཞག་པའི་ཏང་གཤིས་སློབ་གསོའི་གསོ་སྦྱོང་ལས་ཁུངས་གཅིག་པུ་དེ་ཡིན་པ་རེད། སློབ་གླིང་བཙུགས་པ་ནས་བཟུང་། དུས་དང་རྣམ་པ་ཀུན་ཏུ་རང་གི་རུས་མིང་ཏང་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་རྩ་བར་བཟུང་ནས། ཀྲུང་གོའི་རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གསར་བརྗེའི་རིག་གནས་ཀྱི་ནང་དོན་སྔོག་འདོན་ཟབ་མོ་བྱེད་བཞིན་ཡོད།

4.jpg

སློབ་གླིང་འདིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱས་ནས། ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི་ཐོག་མའི་སེམས་འདུན་བརྟན་པོར་བཙུགས་ཏེ། ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་འཐབ་ར་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ལ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་གསར་པའི་ཐོག་སློབ་གླིང་གི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་དང་འབུལ་མུས་ཡོད།

5.jpg6.jpg


མཉམ་སྤྱོད།