དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་སྟེ་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་འཚོགས།

2023-08-23 10:37:52   |   1383

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


0.jpg

ཟླ8པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་སྟེ་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་ཤིང་། མཚོ་སྔོན་པོ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་གཉེར་སྐྱོང་ས་ཚིགས་འཛུགས་སྐྲུན་གཉེར་སྐྱོང་དང་། ཀྲུང་གོའི་རྡུལ་ཕྲན་མཁར་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་འཛུགས་སྐྲུན་རྣམ་གྲངས་ཀྱི་རེ་ཞུ། ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བསྡུ་སྒྲིལ། ཁུལ་ཀྲུང་བོད་ལུགས་གསོ་རིག་དྲག་སྐྱེད་ལྟེ་གནས་གཉེར་སྐྱོང་། མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པའི་རིམ་པ་གསུམ་པའི་སྨན་ཁང་ཁ་པ་གསར་འཛུགས་ལས་དོན་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ལ་གསན་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་སོགས་ཚོགས་འདུར་ཞུགས།

1.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་རང་འགུལ་ངང་མཚོ་སྐོར་བྱང་ངོགས་ཀྱི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུའི་སྒྲིག་བཀོད་ལེ་ལག་ཚང་བའི་སྒོ་ནས་སྦྲེལ་མཐུད་དང་ལག་བསྟར་ཡག་པོ་བྱས་ཏེ། གནས་སྐོར་གསང་སྤྱོད་དང་། རླངས་འཁོར་འཇོག་ས། ལྗོངས་གཟིགས་སྟེགས་བུ། འགྲོ་ལམ་སྒྲིག་བཀོད་ལེགས་སྒྱུར་རིམ་སྤོར་སོགས་ཀྱི་རྗེས་མཐུད་འཆར་འགོད་འཛུགས་སྐྲུན་གཉེར་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས6ཚད་གཞི་མཐོན་པོའི་སྒོ་ནས་འཛུགས་སྐྲུན་བྱེད་པ། མཚོ་འགྲམ་གཞུང་ལམ་གྱི་རྒྱ་སྐྱེད་དང་གཞུང་ལམ་རིམ་ཚད་ཇེ་མཐོར་གཏོང་བ། ཡུལ་ཁོངས་བརྒྱུད་པའི་གཞུང་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་འཆར་འགོད་ཀྱི་ཞུ་འབུལ་ལས་དོན་དམ་འཛིན་བྱས་ཏེ། རྡུལ་ཕྲན་མཁར་དང་གསེར་དངུལ་ཐང་། མཐོན་པོ་སྒང་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་གསར་འཛུགས་ལས་དོན་དན་ཏིག་གིས་སྐུལ་འདེད་བྱེད་དགོས། སེམས་ཉིད་ནགས་ར་དང་མདོ་ལ་ནགས་ར་སོགས་ནགས་ཚལ་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྒོས་སྤྱད་དེ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་གཉེར་སྐྱོང་གི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་པ། གནས་སྐོར་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་རྒྱུ་ནོར་རྒྱུན་མཐུད་གསོ་སྐྱོང་དང་། སྐྱེ་ཁམས་རིན་ཐང་མཐོ་རུ་གཏོང་བ། སྐྱེ་ཁམས་སྤུས་རྟགས་གཏོད་པ་བཅས་བྱེད་དགོས། གཉིས་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་གཏུག་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་རྡུལ་ཕྲན་མཁར་དང“མདེལ་གཉིས་དང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། དམག་དཔུང་ཐོག་ཁང་དང་ཐོག་ཁང་སེར་པོའི་གསར་སྤེལ་ལས་དོན། མཐོན་པོ་སྒང་མཁའ་དམག་སྲུང་སྐྱོང་དཔུང་སྡེའི་རྗེས་ཤུལ་སླར་གསོ་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། ནུབ་མཚོ་གྲོང་རྡལ་གྱི་འཛུགས་སྐྲུན་རྣམ་པ་བཅོས་སྒྲིག་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། 221རྟེན་གཞིའི་གནས་རྙིང་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གང་མགྱོགས་ཀྱིས་གྲ་སྒྲིག་ཡག་པོ་བྱས་ནས་བཟོ་གྲྭ་ཁག18ཀྱི་གསོན་ཤུགས་ལྡན་པའི་བེད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱེད་པ་དང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གཞུང་ཁོངས་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་ཁུལ་གཞུང་ཁོངས་མ་རྩ་ཨུ་ལྷན་གྱི་ཏང་གི་ལས་དོན་ཨུ་ལྷན་བཙུགས་ནས་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་པ་ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སུ་ལས་ཀ་བྱེད་པའི་ལྕག་སྐུལ་བྱེད་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཆེད་མི་མངགས་ཏེ་ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བར་འགན་འཁུར་དུ་འཇུག་དགོས། བཞི་ནས་ཁུལ་གྱི་ཀྲུང་བོད་ལུགས་གསོ་རིག་བདེ་ཐང་སླར་གསོའི་ལྟེ་གནས་སྒྲིག་གཞི་བཀོད་སྒྲིག་དང་གཉེར་སྐྱོང་བྱེད་པོ་སྔར་བས་ཁ་གསལ་གཏོང་བ་དང་། འཕྲོད་བསྟེན་བདེ་ཐང་མ་ལག་གི་ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་ལྟེ་གནས་གཉེར་སྐྱོང་གི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། མིག་སྔར་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཁུལ་མི་དམངས་སྨན་ཁང་གཉིས་པའི་སྒྲིག་གཞི་སྒྱུར་བཅོས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། 《རིམ་གསུམ་སྨན་ཁང་གི་དཔྱད་ཞིབ་ཚད་གཞིའི་ལག་བསྟར་ཞིབ་སྲོལ》གྱི་བླང་བྱ་དང་བསྡུར་ནས་རྨང་གཞིའི་སྒྲིག་བཀོད་དང་། ཚན་ཁག་བཀོད་སྒྲིག   མི་སྣ་བཀོད་སྒྲིག་སོགས་ཐད་ཀྱི་སྨན་ཁང་གི་ཞན་ཆ་གསེད་བཀྲོལ་དང་། ཆད་ལུས་ཁ་གསབ།   ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་གནས་ཚུལ་སྙན་ཞུ་དང་འབྲེལ་མཐུད་བྱས་ཏེ། 2025ལོའི་སྔོན་དུ་གསར་འཛུགས་ཐུབ་པར་ཁག་ཐེག་བྱེད་དགོས།

2.jpg

ཚོགས་འདུའི་ཐོག་ད་དུང་ཉེ་དུས་ཀྱི་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་བྱས། གཅིག་ནི་ཁུལ་སྟོན་རྟེན་འབྲེལ་གཞུང་ལས་ཁང་གིས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ། གཉིས་ནི་གཞུང་ལས་ཁང་གཉིས་ཀྱིས་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་ལ་རྟོག་ཞིབ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་ལ་ཐུག་འཕྲད་བྱེད་པའི་སྙན་ཞུའི་འཆར་ཟིན་འབྲི་བར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན།

 3.jpg

 ཝང་ཡུང་ཁྲང་དང་། ཨ་ཁྱུང་། ལའེ་མིང་། སི་ཅི་ཧྲེང་། ལི་ཞུས་ཀྲེན། ཚའོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཝུའུ་ཧྲུའུ་རུང་བཅས་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།


མཉམ་སྤྱོད།